ཧ་བོའི་གངས་
མཐོང་རིས་
གནོད་སྦྱིན་གངས་བཟང་གི་རི་ཡི་མིང་་། དེང་སང་བོད་རང་སྐྱོང་ལྗོངས་སྣ་དཀར་རྩེ་རྫོང་ཁོངས་སུ་ཡོད། 《མྱང་ཆོས་འབྱུང་》ལས་བཤད་པ་ལྟར་ན། རི་འདིའི་ནུབ་ངོས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཡང་དག་ཐུགས་སྒྲུབ་པ་མཛད་པའི་གནས་ག་མོ་ལུང་གི་སྒྲུབ་ཕུག་དང་ཚེ་ཆུར་གྲགས་པའི་སྒྲུབ་ཆུ། སློབ་དཔོན་ཆེན་པོས་ཉིང་རོ་སོགས་ནས་གཏེར་དུ་བཞེས་པའི་ཐུགས་རྗེ་ཆེན་པོ་རང་བྱོན་སོགས་བཞུགས་པའི་གུ་རུ་ལྷ་ཁང་། ཕྱོགས་བཞིར་སློབ་དཔོན་ཆེན་པོས་སྒྲུབ་པ་མཛད་པའི་གནས་བཞི་སོགས་ཡོད་པར་བཤད། ཞིབ་པར་《མྱང་ཆོས་འབྱུང་》ནང་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།