ཧ་ནུ་མནྠ་

ཡོང་ཁུངས་Wikipedia

ཧ་ནུ་མནྠ Hanuman[རྩོམ་སྒྲིག]

རིག་བྱེད་གཏམ་རྒྱུད་ལྟར་རྒྱལ་པོ་ར་མ་ཎས་སྲིན་པོ་དང་འཐབ་སྐབས་ཀྱི་འཐབ་གྲོགས་ཁྱབ་འཇུག་གི་སྤྲུལ་པ་སྤྲེལ་རྒྱལ་རྫུ་འཕྲུལ་ཅན་ཞིག

ཧ་ནུ་མནྠ་ལ་ཧ་ནུ་མན་ཐ་ཞེས་ཀྱང་བྱ་སྟེ་སྤྲེའུ་ཆེན་པོ་མགྲིན་བཟང་ཞེས་པའི་བྲན་ཁྱབ་འཇུག་གི་སྤྲུལ་པ་ཡིན། དེ་ནི་སུས་ཀྱང་བསྒྲུན་དུ་མི་བཟོད་པའི་སྟོབས་རྩལ་གྱིས་རབ་ཏུ་ཁེངས་ཤིང་དྲེགས་པ་ཅན། རྩལ་ཆེན་ནམ་མཁའ་ལྡིང་གི་གཤོག་པའི་རླུང་གཡབ་ལ་འགྲན་པའི་འཕུར་ལྡིང་གི་ཤུགས་ཆེན་ལྡན་ལ། རྒྱལ་པོ་རཱ་མ་ཎར་འཐབ་གྲོགས་བྱས་ནས་སྲིན་ཡུལ་འཇོམས་པར་གྲགས།