Jump to content

སློབ་དཔོན་རིན་ཆེན་རྒྱལ་མཚན་

ཡོང་ཁུངས་Wikipedia

ས་སྐྱའི་ཁྲི་པ་བདུན་པ་སློབ་དཔོན་རིན་ཆེན་རྒྱལ་མཚན་མཆོག་ནི་། རབ་བྱུང་བཞི་པའི་ས་ཁྱི་(༡༢༣༨)ལོར་དཔལ་ལྡན་ས་སྐྱའི་གདན་ས་ཆེར་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་ཡུམ་མ་གཅིག་ཇོ་འགྲོ་གཉིས་ཀྱི་སྲས་སུ་སྐུ་བལྡམས་། སྐུ་གཞོང་ནུའི་དུས་ནས་ཆོས་རྗེ་ཁུ་དབོན་དང་བླ་མ་འུ་ཡུག་པའི་དྲུང་དུ་སློབ་གཉེར་མཛད་། རྗེ་འདི་ཉིད་ཀྱིས་གསང་ལྔགས་ཀྱི་དཀྱིས་ཆོག་དང་རྩོམ་པ་ཅི་རིགས་མཛད་དེ་འཆད་ཉན་ལ་སོགས་པས་བསྟན་པའི་བྱ་བ་དཔན་མེད་གནང་། འཕགས་པ་རིན་པོ་ཆེ་ཧོར་ཡུལ་དུ་བཞུགས་རིང་ཧོར་ཡུལ་དུ་བཞུགས་རིང་ཁྲི་ཚབ་ལོ་འགའ་མཛད་། རྗེས་སོར་ཧིར་ཡུལ་དུ་ཕེབས་ནས་སེ་ཆེན་རྒྱལ་པོའི་ཏི་ཤཱི་ལོ་བརྒྱད་ཙམ་གནང་། རྒྱལ་པོའི་ཕོ་བྲང་དང་ཉེ་བར་རབ་བྱུང་གི་སྡེ་བཙུགས་པ་སོགས་བསྟན་པའི་བྱ་བ་རྒྱ་ཆར་མཛད་། དགུང་ལོ་ཞེས་གཉིས་པ་རབ་བྱུང་ལྔ་པའི་ཡོས་(༡༢༧༩)ལོའི་ཟླ་གསུམ་པའི་ཚེས་གསུམ་ལ་མེ་ཏོག་ར་བར་སྐུའི་བཀོད་པ་བསྡུས་། རྗེ་འདིའི་ལོ་རྒྱུས་ལ་གསུང་ཚུལ་མི་འདྲ་ད་འགའ་མཆིས་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།