སློབ་དཔོན་པཎྡི།
སྙན་ངག་མེ་ལོང་མཛད་པ་པོ་སློབ་དཔོན་པཎྡི་སྟེ་དབྱུག་པ་ཅན་ནི་དུས་རབས་བཅུ་གཉིས་པའི་སྨད་ཙམ་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཀུན་ཏའི་གྲོང་བྱ་བར་འཁྲུངས། རིགས་ནི་བྲམ་ཟེ་ཡིན། ཆུང་དུས་ནས་ཕ་མ་གཉིས་ཀ་འདས་ནས་གནས་མེད་དུ་འཁྱམས། རེ་ཞིག་ན་ཡུལ་དེར་འབངས་དང་རྒྱལ་པོ་མ་མཐུན་པས་འཁྲུག་པ་ན་ནགས་ཁྲོད་དུ་བྲོས་ནས་བསྡད། དེའི་རིང་རིག་པའི་གནས་ཀུན་ལ་མཁས་པར་སྦྱངས་པ་དང་། ཡུལ་འཁྲུག་བདེ་ནས་སླར་ཡུལ་དུ་ལོག་རྗེས་རྒྱལ་པ་པཱ་ལླ་བའི་བློན་པོར་གྱུར། གཞན་ཡང་རྒྱལ་པོ་པུ་ལ་ཀེ་ཤ་ཞེས་བའི་སྤུན་ཁྱབ་འཇུག་འཕེལ་བ་དང་མཛའ་གྲོགས་སུ་གྱུར་ནས་(སྙན་ངག་མེ་ལོང་)འདི་རྒྱལ་པོ་དེའི་བུ་རྣམས་ཀྱི་ཆེད་དུ་བརྩམས་པར་གྲགས་སོ། སློབ་དཔོན་འདིའི་འཇིག་རྟེན་ན་གྲགས་པའི་གཞུང་གསུམ་སྟེ། (སྙན་ངག་མེ་ལོང་)ཞེས་བྱ་བ་ལེའུ་གསུམ་གྱི་རང་བཞིན་ཅན་འདི་དང་། (གཞོན་ནུ་བཅུའི་འཇུག་པ་)ཞེས་བྱ་བ་སྔོན་གྱི་ལེའུ་ལྔ་ལ་རྒྱལ་པོ་བ་ཧ་ན་དང་། མཛེས་མ་ཨ་བནྟི་གཉིས་ཀྱི་ལོ་རྒྱུས་དང་། དངོས་གཞི་ལ་གཞོན་ནུ་བཅུ་པོ་རང་རང་གི་སྤྱོད་པ་བཤད་ཡོད་པ་དེ་དང་། གཅིག་ནི་ཟློས་གར་རིགས་ཀྱི་བསྟན་བཅོས་མཛད་པར་གྲགས།།