སློབ་དཔོན་དབྱུག་པ་ཅན་

ཡོང་ཁུངས་Wikipedia

༡ སློབ་དཔོན་དབྱུག་ཅན་གྱི་ལོ་རྒྱུས། སློབ་དཔོན་དབྱུག་པ་ཅན་གྱི་ལོ་རྒྱུས་གསལ་པོ་ཞིག་སུ་དང་གང་གིས་བཤད་ཐུབ་གི་ཡོད་པ་མ་རེད། དེར་བཤད་མི་ཐུབ་པའི་རྒྱུ་མཚན་ནི། སློབ་དཔོན་དབྱུག་པ་ཅན་གྱི་ཕ་དང་ཡབ་མེས་ཚོའི་ལོ་རྒྱུས་རག་པ་དང་མཚན་སོགས་ང་ཚོས་ཤེས་ཐུབ་པ་དང་སློབ་དཔོན་དབྱུག་པ་ཅན་ཆུང་དུས་ཀྱི་མཚན་དེ་ང་ཚོའི་ད་རུང་ཡིན་ཡང་གསལ་པོར་མ་ཤེས་པ་དང་ཁོང་གི་ལོ་རྒྱུས་དེའང་ཁོང་གི་ཡབ་མེའི་ལོ་རྒྱུས་ཇི་བཞིན་ཁ་གསལ་མེད་པ་འདི་དག་ང་ཚོས་དང་ཐོག་ཤེས་དགོས་རྒྱུ་གཅིག་རེད། ཡོངས་གྲགས་སུ་སློབ་དཔོན་དབྱུག་པ་ཅན་དུས་རབས་བདུན་པའི་དུས་དཀྱིལ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས་ཞེས་བཤད་ཀྱིན་འདུག ཡིན་ན་ཡང་། ཁོང་གི་ཡབ་མེས་ཁྱིམ་རྒྱུད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ས་ཆ་ནི་རྒྱ་གར་གྱི་ས་གནས་(Gujarat) རྒུ་ཇི་ར་ཏི་འབོད་པ་དེ་ནས་རེད་འདུག( Gujarat) རྒུ་ཇི་ར་ཏི་ནས་གནས་སྤོར་བྱས་ནས་ལྷོ་ཕྱོགས་སུ་འཁྱམས་སོང་བ་དེ་འདྲ་ཞིག་རེད་འདུག ཁོང་ཚང་གི་ཁྱིམ་གཞི་(gujarat)རྒུ་ཇི་ར་ཏི་ནས་ལྷོ་ཕྱོགས་སུ་གནས་སྤར་ཚུལ་གང་དུ་གསལ་འདུག་ཟེར་ན། སློབ་དཔོན་དབྱུག་པ་ཅན་ཁོང་ཚང་གི་མཛེས་མ་ཨ་བོ་ཏའི་གཏམ་རྒྱུད་ཟེར་བ་དེའི་ནང་དུ་གནས་སྤར་ཚུལ་གསལ་པོ་བཤད་འདུག སློབ་དཔོན་དབྱུག་པ་ཅན་ཡབ་ཀྱི་མིང་ལ་ཝེ་ར་དྷ་ཏི་དང་ཡུམ་ཀྱི་མིང་ལ་གོ་རུ་ཟེར་ཞིང་། ཁོང་ལ་སྲིང་མོ་ཞིག་ཡོད་ཟེར་བ་ལས་མིང་གསལ་པོ་མི་འདུག "གཞན་དུ་སྤུན་བཞི་ཡོད་པར་བཤད" ཁོང་གི་ཕའི་ཡབ་ཀྱི་མིང་ལ་ཏ་མོ་དྷ་ར་དང་ཕའི་ཡབ་ཁོང་ལ་བྷ་ར་ཝི་ཟེར་བའི་གྲོགས་པོ་ཞིག་ཡོད་པ་ནི་བྷ་ར་ཏའི་བསྟན་་བཅོས་རྩོམ་མཁན་དེ་རེད་འདུག ད་རུང་ཁོང་གི་ཕའི་ཡབ་ལ་སྤུན་ན་མོ་ར་ཐ་ཡི་གྲོགས་ཁ་ཆེ་ནས་ཡུལ་དུ་སྐྱེས་པའི་བྷ་མ་ཧ་ཟེར་བ་ཞིག་ཡོད་པ་ཁོང་ལེགས་སྦྱར་གྱི་ཡི་གེ་ཁྲོད་ནས་རྒྱན་ཐོག་མ་རྩོམ་མཁན་གྱི་མི་སྣ་གྲགས་ཅན་ཞིག་རེད་འདུག སློབ་དཔོན་དབྱུག་པ་ཅན་གྱི་ཡབ་མེས་འདི་དག་མཁས་པ་ཡིན་པ་མ་ཟད་དེ་དག་གི་གྲོགས་པོ་ཡང་སྤྱི་ཚོགས་ཁྲོད་དུ་མཚན་སྙན་ཡོད་པའི་མཁས་པ་ཚད་ལྡན་ཤ་སྟག་རེད་འདུག་པས་འདི་དག་གི་ཟུར་ནས་ཁོང་གི་ཡབ་མེས་དག་སྤྱིར་སྟངས་མི་ཕལ་བ་ཞིག་མིན་པ་འདི་དག་གིས་རྟོགས་ཐུབ་གི་འདུག རྒྱུ་རྐྱེན་ཅི་ཞིག་གིས་ཁོང་ཚང་གི་མི་རྒྱུད་དེ་ Gujarat ནས་ལྷོ་ཕྱོགས་སུ་གནས་སྤོར་བྱས་པའི་གནས་ཚུལ་དག་ཁ་གསལ་ཞིག་ད་རུང་ཤེས་གིན་མི་འདུག སྤྱི་བཏང་སློབ་དཔོན་དབྱུག་པ་ཅན་གྱི་ཡབ་མེས་འདི་མཁས་པ་མང་པོ་བྱུང་མྱོང་བའི་མི་རྒྱུད་ཅིག་རེད་འདུག དཔེར་ན། སློབ་དཔོན་དབྱུག་པ་ཅན་གྱི་ཕ་རྒན་ཡང་མཁས་པ་ཡིན་མ་ཟད་ཨ་མྱེ་ཡང་མཁས་པ་དང་སྙན་ངག་པ་ཆེན་པོ་ཞིག་རེད་འདུག དབྱུག་པ་ཅན་ཁོང་གི་ཕ་མེས་མང་པོ་ཞིག་གི་མཚན་དང་ལོ་རྒྱུས་གསལ་པོ་ཡོད་པ་དང་སློབ་དཔོན་དབྱུག་པ་ཅན་གཞོན་དུས་ཀྱི་ལོ་རྒྱུས་དང་མཚན་སོགས་གསལ་པོ་མེད་པ་འདི་ཁོང་ཚང་གི་ཁྱིམ་རྒྱུད་ཉམས་ཆག་སོང་བའི་རྟགས་ཤིག་འདི་ནས་མཚོན་ཐུབ་ཀྱི་ཡོད་པ་མ་ཟད། གཞན་ཞིག་Gujarat ནས་ལྷོ་ཕྱོགས་སུ་འཁྱམས་ནས་སོང་བ་འདིའི་སྟེང་དུའང་ཁྱིམ་རྒྱུད་ཉམས་པའི་རྟགས་ཤིག་མངོན་འདུག ཁོང་ཚང་གི་མི་རྒྱུད་ཉམས་ཆག་མ་སོང་སྔོན་ན་རྒྱ་གར་ན་མཚན་དང་སྙན་གྲགས་རྒྱས་ཡོད་པའི་ཁྱིམ་རྒྱུད་ཅིག་ཡིན་པ་ཁོང་གི་ཡབ་མེས་དག་གི་མཚན་དང་དེ་དག་གིས་བརྩམས་པའི་བརྩམས་ཆོས་ལས་ཁྱིམ་རྒྱུད་རང་གར་བ་ཞིག་མིན་པ་ཤེས་ཐུབ་ཀྱི་འདུག ང་ཚོས་ཕར་བལྟས་ནས་ཤེས་རྒྱུ་ཞིག་ལ་མི་ཞིག་ལ་མཚན་སྙན་དང་བྱས་རྗེས་སོགས་མེད་པ་ཡིན་ན་མི་དེར་དོ་སྣང་དང་ཞིབ་འཇུག་མི་བྱེད་པས་སློབ་དཔོན་དབྱུག་པ་ཅན་གྱི་ཁྱིམ་ཚང་ཉམས་རྒུད་དུ་གྱུར་འགོ་བརྩམས་ནས་ལྷོ་ཕྱོགས་སུ་གནས་སྤར་བྱས། ལྷོ་ཕྱོགས་ནས་རིམ་གྱིས་ཡབ་དང་ཡུམ་ཚང་མ་སྐུ་གྲོངས་ནས་དྭ་ཕྲུག་ཏུ་གྱུར་སོང་བས་དྭ་ཕྲུག་ཅིག་ལ་སུས་ཀྱང་དོ་སྣང་མི་བྱེད་པས་སློབ་དཔོན་དབྱུག་པ་ཅན་གྱི་མཚན་དེ་ཁ་གསལ་མེད་པའི་རྒྱུ་མཚན་དེ་འདྲ་མིན་ནམ་སྙམ། སློབ་དཔོན་དབྱུག་པ་ཅན་གྱི་ཡབ་མེས་ཀྱི་མཚན་དག་ཁ་གསལ་ཡོད་པ་དང་ཁོང་གི་མཚན་ཁ་གསལ་མེད་པ་འདི་ཁྱིམ་རྒྱུད་ཉམས་རྒུད་ཀྱི་འགྱུར་ལྡོག་ཁྲོད་ནས་བོར་སོང་བ་ཞིག་རེད་འདོད། དེའི་རྗེས་ནས་ལྷོ་ཕྱོགས་ཀྱི་པ་ལའི་རྒྱལ་པོ་དག་གི་སྐུ་མདུན་དུ་སོང་ནས་རྒྱ་གར་དུ་མིང་དུ་གྲགས་པའི་བསྟན་བཅོས་གསུམ་བརྩམས་པ་དང་བསྟན་བཅོས་གསུམ་གྱི་ཤུགས་རྐྱེན་དུས་རབས་དགུ་པའི་ནང་དུ་བྱུང་ནས་མཁས་པ་མང་པོ་ཞིག་གིས་སློབ་དཔོན་ཁོང་ལ་ཕྱི་མིག་ལྟ་དུས་སློབ་དཔོན་ཁོང་ཕྱི་རོལ་བྲམ་ཟེ་རིགས་མཚོན་བྱེད་དུ་ལག་ཏུ་དབྱུག་པ་བཟུང་མཁན་ཞིག་ཡིན་པ་མ་གཏོགས་མཚན་དང་ཆུང་དུས་ཀྱི་ལོ་རྒྱུས་སོགས་མ་ཤེས་པ་དང་ཁོང་གི་བསྟན་བཅོས་དག་གི་ངོས་ནའང་མཚན་སོགས་གསལ་པོར་མེད་པས་ཁོང་གི་ལོ་རྒྱུས་དང་མཚན་སུས་ཀྱང་བརྙེད་དཀའ་བར་གྱུར་བ་རེད། ང་ཚོའི་བོད་ཀྱི་མཁས་པ་ཡིན་ན་འདྲ་རྒྱ་གར་གྱི་མཁས་པ་ཡིན་ན་འདྲ་ཡོངས་གྲགས་སུ་སློབ་དཔོན་དབྱུག་པ་ཅན་ཟེར་དུས་དུས་རབས་བདུན་པའི་དུས་དཀྱིལ་ཙམ་དུ་བྱོན་པའི་སྙན་ངག་མཁན་པོ་དང་བཅོས་སྒྲུང་རྩོམ་པ་པོ། ལྟ་གྲུབ་སྨྲ་བ་པོ། ཤར་ལྷོ་ཐུན་མོང་མ་ཡིན་པའི་རྒྱན་བཅུ་གསར་དུ་རྩོམ་པ་པོ་དང་སྙན་ངག་མེ་ལོང་མའི་ནང་གི་ཕུལ་དུ་བྱུང་བའི་རྒྱན་དག་ཀྱང་བསྟན་བཅོས་སྔ་མ་དག་ལས་བཏུས་པ་མ་ཡིན་པར་སློབ་དཔོན་དབྱུག་པ་ཅན་ཁོང་གི་བློ་གྲོས་ལས་བྱུང་བའི་གསར་རྩོམ་རེད་ཟེར་ནས་མཁས་པ་དག་གི་གསུང་སྲོལ་འདུག ཁོང་གི་སྙན་གྲགས་དེ་ལྷོ་ཤར་ཐུན་མོང་མ་ཡིན་པའི་རྒྱན་བཅུ་དང་ཕུལ་དུ་བྱུང་བའི་རྒྱན་དག་ལས་བྱུང་བ་རེད་ཟེར་ནས་བཤད་སྲོལ་ཡང་འདུག ༼བར་མཚམས་འདི་ནས་གསལ་བཤད་བྱེད་རྒྱུ་ཞིག་ལ་གོང་ནས་བཤད་པ་མང་ཆེ་བ་ཞིག་ང་རང་ཉིད་ཀྱིས་ཞིབ་འཇུག་བྱས་ནས་ཤེས་ཡོང་བ་དེ་འདྲ་མིན། ༽ ཡིན་ན་ཡང་། སློབ་དཔོན་དབྱུག་པ་ཅན་གྱི་ཁྱིམ་ཚང་གི་ཉམས་རྒུད་བྱུང་རྐྱེན་སློབ་དཔོན་ཁོང་གི་ཆུང་དུས་ཀྱི་མཚན་དང་ལོ་རྒྱུས་གསལ་པོ་མེད་པ་དག་ང་རང་ཉིད་ཀྱི་སེམས་ནས་དྲན་ཚུལ་ཙམ་ཡིན། སྤྱིའི་ཆ་ནས་ལེགས་སྦྱར་ཤེས་བྱ་ཀུན་བཏུས་དང་ཕྱི་རྒྱལ་གྱི་མཁས་པ་ཞིག་གིས་དབྱིན་ཡིག་ཐོག་བརྩམས་བཞག་པ་ཞིག་མཁས་པ་དགེ་འདུན་རབ་གསལ་གྱིས་བོད་ཡིག་ལ་བསྒྱུར་པ་དེར་ང་རང་ཉིད་ཀྱིས་ཁུངས་བཅོལ་ས་དེ་ཡིན། ཡོངས་གྲོགས་ཀྱི་ལོ་རྒྱུས་ནང་དུ་ལྷོ་ཕྱོགས་ཀྱི་རྒྱལ་རྒྱུད་པཱ་ལ་བའི་རྒྱལ་པོ་ཞིག་གི་མདུན་ནས་ཡོན་ཏན་སྦྱངས་ཟེར་བ་ཞིག་མ་གཏོགས་ལོ་རྒྱུས་རྒྱས་པ་དེ་འདྲ་མེད་པ་རེད། ལེགས་སྦྱར་ཤེས་བྱ་ཀུན་བཏུས་ཀྱི་ནང་དུ་སློབ་དཔོན་དབྱུག་པ་ཅན་ལོ་བདུན་ལ་སོན་དུས་ཡུམ་གོ་རུ་ཚེ་ལས་འདས་པ་དང་ཡབ་ཆུང་དུས་སུ་འདས་ཟེར་བ་མ་གཏོགས་གཞན་གསལ་ཁ་མི་འདུག ངས་བསམ་ན་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན་ཡབ་ག་དུས་འདས་མིན་ཞིབ་འཇུག་བྱེད་ཐུབ་རྒྱུ་ཞིག་རེད་བསམ་གྱིན་འདུག རྒྱུ་མཚན་ཁོང་ཚང་གི་ཁྱིམ་གཞི་ཉམས་རྒུད་དུ་མ་སོང་བའི་སྔོན་ནས་ཡིན་པ་དང་མ་ཡུམ་ནམ་གྲོང་སོགས་གསལ་ཁ་ཡོད་པས་ཞིབ་འཇུག་གི་འབྲས་བུ་ཐོན་པ་ལ་ངལ་བ་ཆེན་པོ་དགོས་རྒྱུ་མ་རེད་སྙམ། ༢ སློབ་དཔོན་དབྱུག་པ་ཅན་གྱི་བརྩམས་ཆོས་ཀྱི་སྐོར། ཡོངས་གྲགས་སུ་སྙན་ངག་མེ་ལོང་མ་དང་གཞོན་ནུ་བཅུ་ཡི་འཇུག་པ། གཞན་ཞིག་ནི་ཟློས་གར་གྱི་བསྟན་བཅོས་ཤིག་ཡིན་ཟེར་བའི་བཤད་ཚུལ་འདི་རེད། སྔོན་མ་ཡིན་ན་ལེགས་སྦྱར་གྱི་ཐོག་ནས་ཡིན་ན་ཡང་སློབ་དཔོན་དབྱུག་པ་ཅན་གྱི་བསྟན་བཅོས་འདི་རེད་ཟེར་ནས་སྡོམ་རྒྱག་ཐུབ་མཁན་བྱུང་མ་མྱོང་བ་འདྲ། རྒྱ་བོད་གཉིས་ཀའི་ངོར་འཁྲུལ་མེད་དུ་ཡིན་པ་སྙན་ངག་མེ་ལོང་མ་དང་གཞོན་ནུ་བཅུ་ཡི་འཇུག་པ་གཞན་དེ་ཟློས་གར་གྱི་བསྟན་བཅོས་ཤིག་ཡིན་ཟེར་བ་ལས་ཁ་གསལ་མེད་པ་རེད། རྗེས་ནས་སློབ་དཔོན་དབྱུག་པ་ཅན་གྱི་བསྟན་བཅོས་ཡིན་པ་མཛེས་མ་ཨ་ཝུ་ཏ་ཡི་གཏམ་རྒྱུད་ཟེར་བ་ཞིག་ལག་སོན་བྱུང་བ་དེར་ཞིབ་འཇུག་བྱས་ཡོང་དུས་བསྟན་བཅོས་གསུམ་ལས་ལོགས་སུ་བྱུང་བ་ཞིག་མ་ཡིན་པ་གཞོན་ནུ་བཅུའི་འཇུག་པའི་སྨད་ཆ་ཡིན་པ་ཞིབ་འཇུག་གི་ཁྲོད་ནས་ཤེས་འདུག གཞན་ནི་ཟློས་གར་གྱི་གཏམ་རྒྱུད་ཅིག་ཟེར་བ་དེ་གང་ཡིན་ཞིབ་འཇུག་བྱེད་དུས་རཱ་མ་ཎ་དང་མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་གཉིས་དཀྱིས་གཅིག་ཏུ་བརྩམས་པ་དེ་ཡིན་པ་ཤེས་འདུག དེ་ཡིན་པ་གང་འདྲ་བྱས་ནས་ཤེས་འདུག་ཟེར་ན། རྒྱ་གར་གྱི་རྒྱལ་པོ་སྙན་ངག་མཁན་"པོ་ཅི་"ཟེར་བའི་བསྟན་བཅོས་ལས་རྙེད་སོང་བྱུང་བ་རེད། བསྟན་བཅོས་དེའི་ནང་ལས་རཱ་མ་ཎ་དང་མ་ཧཱ་བྷ་ར་ཏའི་བསྟན་བཅོས་སློབ་དཔོན་དབྱུག་པ་ཅན་གྱིས་ཕྱོགས་གཅིག་ཏུ་སྒྲིལ་བ་འདི་བསྟན་བཅོས་གསུམ་པ་རེད་ཅེས་གསལ་པོ་གསུང་ཡོད་པ་རེད་འདུག གཞན་ད་རུང་མཁས་པ་འགའ་ཤས་ཀྱིས་སློབ་དཔོན་དབྱུག་པ་ཅན་ལ་བསྟན་བཅོས་གཞན་ཡང་ཡོད་རེད་སྨྲ་མཁན་འདུག་ཀྱང་དེ་དག་ནི་ཚིག་གི་ཉམས་འདོན་སྟངས་སོགས་གང་ལ་བལྟས་ཀྱང་སློབ་དཔོན་དབྱུག་པ་ཅན་གྱི་བསྟན་བཅོས་མིན་པ་ཁ་ཚོད་གཅོད་ཐུབ་ཀྱི་འདུག་ཟེར་ནས་ལེགས་སྦྱར་ཀུན་བཏུས་སུ་གསལ་པོ་གསུངས་འདུག་ཟེར།

སྙན་ངག་མེ་ལོང་མ་བོད་དུ་ཇི་ལྟར་བསྒྱུར་བ། ༡ ས་པཎ་གྱིས་མཁས་འཇུག་ལས་ཚིག་རྒྱན་འགྱུར་འཕྲོ་ཅན་དག་ཆ་ཚང་བའི་ཆེད་དང་། ༢ རྒྱ་གར་གྱི་སྙན་ངག་གི་བསྟན་བཅོས་ཁྲོད་ནས་མེ་ལོང་མ་རྒྱས་བསྡུས་རན་པ། ༣ བོད་ཀྱི་སྐད་ཆ་དང་མཐུན་ཆ་ཆེ་བ། ༢ རྒྱ་གར་སྙན་ངག་གི་བསྟན་བཅོས་ཁྲོད་ནས་མེ་ལོང་མ་རྒྱས་བསྡུས་རན་པ། རྒྱ་གར་གྱིས་སྙན་ངག་མེ་ལོང་འདི་ལ་རྒྱན་གྱི་ཚན་ཉིད་ཟེར་ཀྱི་འདུག རྒྱན་གྱི་ཚན་ཉིད་ཟེར་བ་འདི་གཏམ་བརྒྱུད་ལ་སྦྱར་བའི་སྙན་ངག་སྤྲིན་གྱི་ཕོ་ཉ་ལྟ་བུ་མ་ཡིན་པ་རྒྱན་དག་གི་འབྲི་ཚུལ་རྒྱས་བསྡུས་རན་པའི་སྒོ་ནས་བཤད་ཡོད་པ་མ་ཟད་གལ་ཆེན་མང་པོ་ཞིག་ཕྱོགས་བསྡུས་བྱས་འདུག རྒྱ་གར་ཡོད་པའི་སྙན་ངག་གི་བསྟན་བཅོས་དག་སློབ་དེབ་རང་བཞིན་ཅན་དང་རྒྱས་བསྡུས་འཚམས་པོ་མེད་པས་སློབ་ཚན་ལ་བཀོལ་ཆོག་པ་དེ་འདྲ་ཞིག་རེད་མི་འདུག སྤྱི་ཡོངས་ནས་བཤད་ན་མེ་ལོང་མ་འདི་རྒྱ་གར་གྱི་སྙན་ངག་གི་བསྟན་བཅོས་དེ་དག་གི་ཁྲོད་ནས་ཕུལ་དུ་བྱུང་དེ་འདྲ་ཞིག་མ་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཀྱང་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་གཞན་པ་མ་བསྒྱུར་བར་མེ་ལོང་མ་འདི་ཅི་ཞིག་ལ་བསྒྱུར་བ་ཡིན་ནམ་ཟེར་ནས་དོགས་འབྲི་བྱས་ཡོད་པ་དེ་ཡང་ཁོང་གིས་སྙན་ངག་གི་སྟེང་ནས་མ་གཏོགས་དགོས་མཁོ་ཡི་སྟེང་ནས་མ་གསུངས་པ་རེད། ངས་གོང་ནས་བཤད་པ་རྒྱལ་པོ་བྷོ་ཅི་ཡི་རྒྱན་གྱི་བསྟན་བཅོས་ལེའུ་སོ་དྲུག་ཅན་འདི་རྒྱ་གར་གྱི་རྒྱན་གྱི་བསྟན་བཅོས་སྔ་ཤོས་དང་རྒྱས་ཤོས་འདི་ལྟ་བུ་ལ་མཚོན་ན་ལེའུ་སོ་དྲུག་ཡོད་ལ་ལེའུ་དང་པོས་སྒྲ་རིག་པ་དང་།ལེའུ་དགུ་པ་དང་བཅུ་པས་སྐྱོན་སེལ། ལེའུ་བཅུ་ཅིག་དང་བཅུ་གཉིས་ཀྱིས་ཟློས་གར། གཞན་ལེའུ་ལྷག་མ་ཉེར་ཤུ་རྩ་བཞིས་ཉམས་དང་འགྱུར་བཤད་པའི་བསྟན་བཅོས་ཆེན་པོ་འདི་འདྲ་ཞིག་སློབ་ཚན་ལ་རན་པོ་མེད་པས་བསྟན་བཅོས་མང་པོ་ཞིག་གི་ཁྲོད་ནས་རྒྱས་བསྡུས་འཚམས་པས་མེ་ལོང་མ་འདི་བདམས་པ་ཡིན་སྙམ། ༣ བོད་ཀྱི་སྐད་ཆ་དང་མཐུན་ཆ་ཆེ་བ། ཁ་ཅིག་གིས་སྙན་ངག་མེ་ལོང་མ་འདི་བོད་ཀྱི་བརྡ་དང་ཐ་སྙད་དང་མི་མཐུན་པས་འདི་བོད་ལ་དགོས་མཁོ་མི་འདུག་ཟེར་མཁན་ཁ་ཤས་དུས་སྐབས་ཤིག་ནས་བྱུང་མྱོང་བ་རེད། འདི་རིགས་དག་གིས་སྙན་ངག་མེ་ལོང་མའི་ནང་དུ་སྐད་ཆ་གང་འདྲ་ཞིག་བཤད་གི་ཡོད་པ་དེ་དག་བསམ་གཞིག་བྱས་མི་འདུག འདི་དག་གིས་སྙན་ངག་མེ་ལོང་མའི་ནང་ལ་ཅི་ཞིག་བཤད་ཀྱིན་འདུག་ཟེར་ན་ལྷོ་ཕྱོགས་ཀྱི་དྲི་མ་ལ་ཡའི་སྡོང་པོ་སོགས་བཤད་ཀྱིན་འདུག་པས་དེ་དག་བོད་ཀྱི་ཐ་སྙད་རེད་མི་འདུག་ཟེར་ནས་མང་པོ་ཞིག་བཤད་ཀྱིན་འདུག་ཀྱང་འདི་དག་ཐ་སྙད་ཅིག་མ་གཏོགས་སྙན་ངག་གི་ངོས་ཀྱི་སྐད་ཆ་མ་རེད། ང་རང་ཉིད་ཀྱིས་བསམ་ན་སྙན་ངག་མེ་ལོང་མའི་སྐད་ཆ་དག་བོད་ཀྱི་སྐད་ཆ་དག་དག་དང་མཐུན་ཆ་ཧ་ཅང་ཆེ་བའི་བསྟན་བཅོས་ཤིག་རེད་བསམ་གྱིན་འདུག སྙན་ངག་མེ་ལོང་མ་བོད་དུ་མ་དར་སྔོན་གྱི་བོད་ཀྱི་སྐད་ཆ་དག་དང་སྙན་ངག་མེ་ལོང་མ་བར་མཐུན་ཆ་ཧ་ཅང་མང་པོ་འདུག དཔེར་ན། ཁྱོད་བཟང་གི ཁྱོད་མཛེས་གི་ཟེར་བ་སོགས་མེ་ལོང་མའི་ནང་དུ་རང་བཞིན་བརྗོད་པའི་རྒྱན་གྱི་སྐད་ཆ་བཤད་སྟངས་ཤིག་རེད། དགུང་ཉི་ཟླ་འདྲ་བའི་ཕ་མ་གཉིས་ཟེར་འདི་ཡང་མེ་ལོང་མ་བོད་དུ་མ་དར་གོང་གི་བོད་ཀྱི་སྐད་ཆ་བཤད་སྟངས་ཤིག་རེད་མེ་ལོང་མའི་དབང་དུ་བྱས་ན་དཔེ་རྒྱན་གྱི་ནང་གསེང་དངོས་དཔེ་ཡི་སྐད་ཆ་བཤད་སྟངས་ཤིག་རེད། གཟུགས་སྐྱེ་ཡག་ཚིག་དྲུག་སྨྱུག་མ་རེད་ཟེར་བ་འདི་ཡང་མེ་ལོང་མའི་དབང་དུ་བྱས་ན་གཟུགས་རྒྱན། དམངས་ཁྲོད་ཀྱི་ནང་དུ་ཁྱོད་རིག་ན་ལོས་དགའ། རྟ་རིག་ན་དགའ་གི་ཞེས་པ་ལྟ་བུ་མེ་ལོང་མའི་དབང་དུ་བྱས་ན་རིང་འབྲས་ཀྱི་རྒྱུ། རྟ་སྐྱོ་རེས་སྔོ་རེས་འདྲ་རེད། རྒྱུག་གོ་པ་ཕྱོགས་ནས་མི་འདྲ་གི་ལྟ་བུ་ལྡོག་པ་ཅན་གྱི་རྒྱན། བྱ་ཡིན་རུང་ལས་སྣང་དག་ནི་རེད། ནག་གཅིག་ནས་ཐུག་པ་ཚེ་གཅིག་རེད། སྐབས་མིན་བསྟོད་པའི་རྒྱན། ཤ་ལ་རྒྱབ་ན་རུས་པ་ན། ལུག་བཤས་ན་ར་མ་འདར། རིང་འབྲས་རྒྱུ། རྟ་ཞིག་རྟི་ལུད་ནང་ནས། འབུ་ཞིག་གིས་ལ་གཞས་ལེན་གི རྒྱ་ཞིག་གི་གོང་བ་ནང་ནས་ཤིག་ཞིག་གིས་ལན་པ་རྫོགས་ཀི་ལྟ་བུ་སེམས་ལྡན་རབ་རྟོག་དང་བཞད་གད་ཀྱི་ཉམས། བྱིས་པ་སྙིང་རྗེ་བ་ཞིག་ལ་མེ་ཏོག་ནང་ནས་གད་པ་འདྲ། སྒོ་ང་ནང་ནས་བཙས་པ་འདྲ་བརྗོད་པ་ལྟ་བུ་ལྟ་བུ་རྣམ་འགྱུར་གྱི་དཔེ་ཡིན་པ་ལྟ་བུ་རེད། གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་སྔོན་ཆད་བོད་ཀྱི་སྐད་ཆ་དག་དང་མེ་ལོང་མའི་སྐད་ཆ་དག་ཧ་ཅང་མཐུན་ཆ་མང་པོ་འདུག་པས་རྒྱུ་རྐྱེན་གྱིས་ཤོང་སྟོན་ལོ་ཙྭ་བས་མེ་ལོང་མ་བོད་དུ་བསྒྱུར་བའི་དགོས་པ་གཅིག་རེད་འདུག་སྙམ། དེང་སྐབས་སྙན་ངག་མེ་ལོང་མ་ལ་སྐྱོན་འདོག་བྱེད་མཁན་མང་པོ་ཞིག་གིས་མེ་ལོང་མ་ལ་སྦྱོང་བ་གཏིང་ཟབ་ཅིག་བྱེད་མེད་པ་དང་སྙན་ངག་མེ་ལོང་མའི་སྐད་ཆ་དག་དང་བོད་ཀྱི་སྐད་ཆ་གཉིས་ཀྱི་བར་ན་ཞིབ་བསྡུར་ཡག་པོ་བྱས་མི་འདུག་ཟེར་ནས་ནམ་རྒྱུན་བཤད་ཀྱིན་ཡོད། ཡོངས་གྲགས་སུ་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་མ་འདི་སྤྱི་ལོ་གཅིག་སྟོང་བདུན་རྒྱ་ཡར་མར་བསྒྱུར་བ་རེད་ཟེར་ནས་བཤད་སྲོལ་ཡོད་རེད། སྔོན་མ་སྐུ་ཞབས་དགེ་འདུན་རབ་གསལ་ལགས་སྙན་ངག་གི་ཕ་ཁྱིམ་དུ་ཕེབས་ནས་བཀའ་མོལ་གནང་དུས་ཤོང་སྟོན་གྱི་ལོ་རྒྱུས་ཀྱི་ཕྱོགས་ནས་གཏམ་བཤད་གནང་སྐབས་མེ་ལོང་མ་འདི་བོད་བསྒྱུར་བྱ་བའི་དུས་ཚོད་དེ་སྤྱི་ལོ་༡༢༧༦གཏན་ཁེལ་འདུག་ཟེར། རྒྱུ་མཚན། མེ་ལོང་མ་སྒྱུར་གྲོགས་ཕུན་ཚོགས་བཤད་པ་དང་ཤོང་སྟོན་གཉིས་༡༢༧༦་ལོར་ས་སྐྱའི་གཙུག་ལག་ཁང་དུ་ཁོང་གཉིས་མཉམ་དུ་གཞུགས་ཡོད་པ་ལོ་རྒྱུས་ཀྱི་ནང་ན་གསལ་པོ་འདུག་པས་སྐབས་དེ་དུས་མེ་ལོང་མ་བོད་བསྒྱུར་བྱས་པ་གསལ་པོ་རེད་འདུག་ཟེར། མདོ་བསྡུས་ནས་བཤད་ན་སྙན་ངག་མེ་ལོང་མ་འདི་རྒྱུ་མཚན་གསུམ་གྱི་སྒོ་ནས་བོད་བསྒྱུར་བྱས་འདུག་ཟེར་བ་དེ་ཡིན། དུས་ཚོད་ཀྱི་དབང་གིས་འདི་ནས་མཚམས་འཇོག ཚང་མས་མཉན་པར་བཀའ་དྲིན་ཆེ།