སློབ་དཔོན་ཐོན་མིའི་གདུང་རྒྱུད་བཅུ་གསུམ་
མཐོང་རིས་
ཐོན་མི་སམ་བྷོ་ཊའི་སྲས་མ་ཧཱ་ས་ཏཱ་། དེའི་སྲས་ཡེ་ནག་དེའི་སྲས་ཉི་མ་ཀློང་གསལ་། དེའུ་སྲས་བེར་ནག་ཅན་། དེའི་སྲས་མོན་མོ་། དེའི་སྲས་གཙོ་བོ་ལྷ་སྲས་། དེའི་སྲས་བསོད་ནམས་རྒྱལ་པོ་། དེའུ་སྲས་རྒྱལ་པོ་དགའ་། དེའི་སྲས་རྟ་མགྲིན་རྒྱལ་མཚན་། དེའི་སྲས་རྡོ་རྗེ་བཀྲ་ཤིས་། དེའུ་སྲས་དཔོན་བཞི་མཛོམ་ དེའི་སྲས་རྒྱལ་བ་ཤེས་རབ་། དེའི་སྲས་དཔོན་ཆེན་གྲས་ལྔ་། སྲས་རྗེས་མ་འདི་ཉིད་ཚེ་སྟོད་དཔོན་པོ་བྱས་པ་དང་ཚེ་སྨད་རབ་ཏུ་བྱུང་སྟེ་གསང་སྔགས་ཆོས་སྡེ་གོང་དཀར་རྡོ་རྗེ་གདན་གསར་དུ་བཏབ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།