སྲོང་གཙན་སྒམ་པོའི་མཛད་བརྗེད་སྐོར།

ཡོང་ཁུངས་Wikipedia

སྲོང་གཙན་སྒམ་པོའི་མཛད་བརྗེད་སྐོར།[རྩོམ་སྒྲིག]

ཁོང་གི་ཡབ་རྒྱལ་པོའི་བྱ་བཞག་རྒྱུད་འཛིན་གནང་སྟེ་ མཐའ་བཞིའི་རྒྱལ་ཕྲན་སུམ་པ་དང་ཞང་ཞུང་སོགས་མངའ་འོག་ཏུ་བསྡུས་ཏེ་ བོད་གཅིག་འགྱུར་གྱི་རླབས་ཆེན་བྱ་བཞག་ལེགས་འགྲུབ་གནང་བ་ཙམ་མ་ཟད་དམག་དོན་ལམ་ལུགས་གསར་དུ་བཙུགས་པ་དང་ ཆབ་སྲིད་ཀྱི་ཐད་ཐབས་གསར་བ་མང་པོ་ཙམ་ལག་ལེན་བསྟར་ དཔལ་འབྱོར་ལམ་ལུགས་ཐད་ལའང་བསྒྱུར་བཅོས་མང་དུ་གནང་བས་བོད་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་བཟོ་ལས་སྐོར་དཔེར་ན་ འཁལ་འཐག་དང་ མཛེས་རིག་ སྦྱར་བརྐོས་ གཤངས་བརྐོས་ གསེར་ཚག་ དངུལ་ཚག་ ལྩགས་ཚག་ ཤོག་བུ་བཟོ་བ་སོགས་ཀྱི་ལག་རྕལ་གོང་འཕེལ་ཆེ་ཆེར་འགྲོ་ཐུབ་པ་བྱུང་ཞིང་། མ་ཟད་མཞིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བཙུགས་སྟབས་བོད་ཀྱི་ཚོང་ལས་གོང་འཕེལ་ཤུགས་ཆེན་བཏང་བ་དང་ རིག་གནས་ལའང་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཕྱིན་པ་ དུས་དེར་ལོ་རྒྱུས་དང་ རྩོམ་རིག གླུ་གར། ལུས་རྩལ། ཨར་ལས་ལག་རྩལ་། བརྐོས་རིག མཛེས་རིག་ སྨན་རྩིས་ ཆོས་ལུགས་སོགས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་ སྔར་མེད་གསར་བསུ་བཅས་ཀྱི་ཐབས་ལམ་བརྟེན་ནས་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་ཤུགས་ཆེན་བྱུང་བར་བརྟེན་རིན་ཐང་གཞལ་དུ་མེད་པའི་བོད་ཀྱི་གནའ་རབས་རིག་གནས་གོང་དུ་སྤེལ་བར་ རྨང་གཞི་སྲ་བརྟན་ཞིག་བཏང་བ་རེད་། དེས་མ་ཚད་བལ་བཟའ་དང་རྒྱལ་བཟའ་བོད་དུ་བསུས་པ་ནས་བོད་རྒྱ་ དང་བོད་བལ་ མི་རིགས་དབར་མཛའ་མཐུན་གྱི་འབྲེལ་བ་སྔར་བྱུང་མ་མྱོང་བ་ཞིག་བཞག་པ་སོགས་ཀྱི་མཛས་བརྗེད་ཧ་ཅང་མང་པས་བཀའ་དྲིན་ཤིན་ཏུ་ཆེའོ།