སྲོག་སྙིང་
མཐོང་རིས་
འདི་སྙིང་དང་སྲོག་ཅེས་པའི་མིང་འདྲ་ཡང་། དོན་མི་འདྲ་སྟེ་། འདིའི་སྲོག་སྙིང་ནི་མི་མ་ཡིན་སོ་སོའི་མིང་ཡོད་པའི་སྔགས་ལ་ཟེར་ཞིང་། དེའི་རྒྱུ་མཚན་ནི་སྔགས་དེ་འདོན་ཏེ་མི་མ་ཡིན་དེ་འབོད་ནས་མ་འོངས་པར་རང་གིས་སྨྲས་པའི་ངག་ལ་མི་ཉན་པ་སོགས་བྱུང་ན་མི་མ་ཡིན་དེ་འཆི་བར་འགྱུར་བ་ཞིག་ཡིན་ཞེས་ཟེར་སྲོལ་ཡོད་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།