སྲོག་ཆགས་ཀྱི་སྨན་གཅོ་བོ་དོན་གསུམ་
མཐོང་རིས་
རྨ་བྱ་། གོང་མོ་། སྲེག་པ་། སྐྱུང་ཀ་། བྱ་ན་ག་། ནེ་ཙོ་། ཁུ་བྱུག་། ཐི་བ་། སྐྱ་ཀ་ འཇོལ་མོ་། བྱིའུ་། ཤ་བ་། གླ་བ་། དོག་བ་། སྙན་། རི་བོང་། རྣ་བ་། གཙོད་། རྒྱ་། ཁ་ཤ་། ར་རྒོད་། ཕ་རྒོད་། མ་ཧེ་། བསེ་རུ་། སྨུག་ རྐྱང་། གཡག་རྒོད་། མཛོ་རྒོད་། སེང་གེ་། སྟག་ གཟིག་ གུང་། དོམ་། དྲེད་། མི་རྒོད་། གསའ་། སྤྱང་ཀི་ གཡི་། ཝ་། འཕར་བ་། སྦྲེ་། བྱ་རྒོད་། གླག་ གོ་བོ་། ཁཱ་ཏ་། རླག་མོ་། ནེ་ལེ་། བྱ་རོག་ འུག་པ་། རྒྱ་ཁྲ་། བྱིའུ་ཁྲ་། མཛོ་། གཡག་ རྔ་མོང་། བ་། གླང་། བོང་བུ་། ར་། ལུག་ ཁྱི་ ཕག་ ཁྱིམ་བྱ་། བྱི་ལ་། འཕྱི་བ་། བྱི་བ་། སྦལ་པ་། སྦྲུལ་། གྲུམ་པ་། རྨིག་པ་། སྐྱར་མོ་། སྲམ་། ཉ་། ཞེས་དེ་དག་གི་རྭ་དང་། རུས་པ་། ཤ་། ཁྲག་ སྤུ་། རྐང་། རྒྱུས་པ་། ཀླད་པ་། ཚིལ་། པགས་པ་། སེན་མོ་། མཆུ་། བྲུན་སོགས་རང་རང་སོ་སོ་སྦྱོར་བར་དགོས་སོ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།