Jump to content

སྲུང་མ་འོད་ལྡན་དཀར་པོ་

ཡོང་ཁུངས་Wikipedia

འདི་ས་གནས་སྲིད་གཞུང་སབ་འབྲས་སྤུངས་དགོན་པའི་སྲུང་མའི་གཙོ་བོར་བསྟེན་། ཡོངས་གྲགས་སུ་གནས་ཆུང་ཆོས་སྐྱོང་ཟེར་ཞིང་། མཚན་དངོས་རྡོ་རྗེ་གྲགས་ལྡན་ཞེས་ཞུ་། དགེ་ལུགས་པ་དང་རྙིང་མའི་དགོན་པ་འགའ་ཞིག་ལའང་བསྟེན་མཁན་ཡོད་། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་གཟིགས་སྣང་དུ་བྱུང་བ་བཞིན་། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་དང་། ས་གནས་སྲིད་གཞུང་གི་སྲུང་མའི་གཙོ་བོར་བསྟེན་པ་ཡིན་ཟེ་ར་། གནས་ཆུང་ཟེར་བའི་རྒྱུ་མཚན་ལ་། ངག་སྒྲོས་རྒྱུན་འབྱམས་པར་འདི་སྐད་དུ་ཟེར་སྲོལ་ཡོད་། སྔར་ཆོས་སྐྱོང་འདི་ཚལ་གུང་ཐང་དུ་ཡོད་པ་ལ་ཚལ་པའི་བླ་མ་ནུས་པ་དང་ལྡན་པ་ཞིག་གིས་རྫ་ཁོག་ནང་དུ་བཅུག་ནས་སྐྱིད་ཆུར་གཡུགས་། ཆུས་ཁྱེར་ཡོང་གིན་ཡོད་པའི་སྐབས་འབྲས་སྤུངས་དགོན་པའི་མཁན་པོ་ཞིག་གིས་གསོས་དཔོན་བཏང་ནས་། དེ་རིང་སྐྱིད་ཆུའི་འགྲམ་དུ་ཕྱིན་ནས་ཆུ་ནང་ནས་དངོས་པོ་ཇི་འདྲ་ཞིག་ཁྱེར་བྱུང་ཡང་ཚུར་ལེན་ནས་ཁྱེར་ཤོག་ཅེས་བརྗོད་པ་ལྟར་གསོལ་དཔོན་དེས་ཆུ་འགྲམ་དུ་སོང་ནས་སྒུག་པས་ཆུ་ནང་ནས་རྫ་མ་ཁ་བཅད་པ་ཞིག་ཁྱེར་ཡོང་བ་ཚུར་བླངས་ཏེ་ཁ་ཕྱེ་བ་དང་། རྫ་མའི་ནང་ནས་ཕུར་རོན་ཞིག་འཕུར་ཏེ་། འབྲས་སྤུངས་དགོན་པའི་གཤམ་གྱི་ཤིང་གྲོ་བའི་སྡོང་པོ་ཆེན་པོ་ཞིག་གི་རྩེར་བབས་པ་དེའི་གནས་ཚུལ་མཁན་པོར་བརྫོད་པས་། ཁྱོད་ཀྱིས་གོ་མ་ཆོད་། རྫ་མ་དེ་ཁ་མ་ཕྱེ་བར་དགོན་པའི་ནང་དུ་ཁྱེར་འོང་ན་། ཆོས་སྐྱོང་འདི་དགོན་པ་རང་དུ་སྡོད་པ་ཞིག་འོང་བ་ཡིན་ཟེར། དེ་ནས་ཕུག་རོན་བབས་སའི་ཤིང་སྡོང་དེའི་འཁྲིས་སུ་རྟེན་མཁན་ཆུང་ངུ་ཞིག་བཙུགས་། དེར་ཆོས་ནས་གནས་ཆུང་ཞེས་བཏགས་པ་ཡིན་ཞེས་སྨྲས་པ་ཐོས་ཤིང་། ཞིབ་པ་གོང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ཞེས་པར་གཟིགས་། སྲུའི་གླེན་ཀོང་ཇོ་། (睡莲公主)འདི་རྒྱ་བཟའ་སྔོན་མ་ཝུན་ཁྲེན་ཀོང་ཇོའི་མིང་གཞན་ཞིག་ཡིན་ཞིང་གོང་གསལ་གྱི་རྒྱ་སྐད་དེ་བོད་སྐད་བསྒྱུར་ན་ཧྲུའི་ནི་ཆུ་དང་ལེན་ནི་ལེན་ཧཱ་ཞེས་པ་རྒྱ་སྐད་དུ་མེ་ཏོག་པདྨ་ཡིན་པས་དོན་དུ་ཆུ་ནང་གི་པདྨ་ཞེས་པའི་དོན་ཡིན་སྐད་ལ་ནང་དོན་ཞིབ་ཕྲ་གོང་དུ་ཝུན་ཁྲེན་ཀོང་ཇོ་ཞེས་པར་གཟིགས་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།