སྲིན་མཛུབ་

ཡོང་ཁུངས་Wikipedia

སྲིན་མཛུབ་ནི་དཀྱིལ་མཛུབ་དང་མཐེའུ་ཆུང་གཉིས་ཀའི་བར་གྱི་མཛུབ་མོ་ལ་ཟེར

ངོ་སྤྲོད།[རྩོམ་སྒྲིག]

སྲིན་མཛུབ་ནི་དཀྱིལ་མཛུབ་དང་མཐེའུ་ཆུང་གཉིས་ཀའི་བར་གྱི་མཛུབ་མོ་ལ་ཟེར། དེ་ནི་མི་རྣམས་གཉེན་སྒྲིག་སྐབས་ཀྱི་མཛུབ་དཀྲིས་སྐོན་སའི་ལག་མཛུབ་ཡིན་ནོ། ། མཛུབ་དཀྲིས་སྲིན་མཛུབ་ལ་གོན་ཡོད་པའི་སྐབས་སུ་སྤྱིར་ན་མི་དེར་དགའ་རོགས་ཡོད་པ་དང་ཡང་ན་གཉེན་བསྒྲིགས་ཟིན་པ་རེད།

མཚོན་རྟགས།[རྩོམ་སྒྲིག]

སྲིན་མཛུབ་ཀྱིས་མི་གཅིག་གིས་བདེ་ཐང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ། སྲིན་མཛུབ་ཀྱི་སྟོབས་ཆེ་ཆུང་མི་གཅིག་གི་ལུས་ཡོངས་བདེ་ཐང་ཡིན་མིན་ལ་འབྲེལ་བ་དམ་པོ་ཡོད། སྲིན་མཛུབ་ཟླུམ་པོ་དང་སྟོབས་ཆེ་བ་ཧ་ཅང་བཟང་། ཧ་ཅང་རིང་དྲགས་ན། འཚོ་བ་ཆོས་ཉིད་ཀྱི་རང་བཞིན་མི་ལྡན་པས་ལུས་པོའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ངེས། སྲིན་མཛུབ་ཐུང་བའི་མི་ནི་ལུས་སྟོབས་ཉམས་པ་དང་སྟོབས་ཤུགས་ཇེ་ཞན་དུ་གྱུར་འགྲོ། མཛུབ་གུའི་དབྱིབས་དྲང་མོ་ཡིན་པ་དང་འཁྱོག་མེད་པ། ཟླུམ་པོ་ཡིན་པ་དང་སྟོབས་དང་ལྡན་པའི་མི་ནི་མཁལ་མ་དང་སྐྱེ་འཕེལ་གྱི་དབང་བོ་སོགས་བདེ་ཐང་ཡིན་པའི་རྟགས་རེད། སྲིན་མཛུབ་སྐམ་ཞིང་ཆུང་བ། སྟོབས་ཤུགས་ཞན་པ། དཀར་པོར་གྱུར་བའི་མི་རྣམས་ཀྱི་མཁལ་མ་དང་སྐྱེ་འཕེལ་དབང་བོའི་ནུས་པ་ཅུང་ཞན་པ་ཡིན། སྲིན་མཛུབ་ཀྱི་ལྷུ་ཚིགས་དང་པོས་འཁྲིག་སྤྱོད་ནུས་པ་བཟང་མིན་ཤེས་ཐུབ། ལྷུ་ཚིགས་དང་པོ་སྦོམ་པོ་ཡིན་པའི་མི་ལ་གསང་རྒྱུད་ཟགས་གཤེར་ཆ་སྙོམས་མིན་པའི་ནད་བྱུང་སླ། ཡང་སྐམ་པོ་ཡིན་དྲགས་པའི་མི་ཡིས་སྐྱེ་འཕེལ་དབང་བོའི་ཕྱོགས་ཅུང་ཞན་པ་ཡིན། ལྷུ་ཚིགས་གཉིས་པའི་མི་གཅིག་གིས་རུས་པ་དང་རྐང་སོགས་སྟོབས་ཤུགས་ཞན་མིན་ཤེས་ཐུབ། ལྷུ་ཚིགས་གཉིས་པའི་མཛུབ་རིས་རྙོག་འཛིང་ཅན་ཡིན་པའི་མི་ཡིས་ལུས་སྟོབས་ཅུང་ཞན་པ་དང་རུས་རྐང་ཕྲ་ཞིང་ཆུང་བ་མ་ཟད་ཤུགས་ཞན་པ། ལྷུ་ཚིགས་གཉིས་པའི་ཉེ་འཁོར་དུ་མཛུབ་རིས་ཡོད་ཚེ་སྐབས་དེར་མི་དེ་ཡིས་ལུས་ཕུང་བདེ་ཐང་མིན་པས་རྟགས་ཡིན། ལྷུ་ཚིགས་གཉིས་པ་རིང་དྲགས་པའི་མི་ནི་རུས་པ་དང་སོ་སོགས་ཅུང་གཉོམ། མཛུབ་མགོའི་འཁྱོག་པོ་ཡིན་པ་དང་མཛུབ་མོའི་ཚིགས་བར་ཡོད་པའི་མི་ནི་སུན་སྣང་སྐྱེས་པའི་དོན་དག་ཅུང་མང་བ་དང་གཅིན་ཟགས་སྡེ་ཁུངས་ཅུང་ཞན་པ་ཡིན། དེར་མ་ཟད་ད་དུང་རྒྱུན་དུ་ཀླད་པའི་ནུས་པར་ཤུགས་རྐྱེན་ཐེབས་པ་དང་དུས་མཚུངས་སུ་དབང་རྩ་ཉམས་པ་དང་གཉིད་མི་ཁུག་པའི་ནད་སོགས་ཀྱང་འབྱུང་སླ། སྲིན་མཛུབ་སྐྱེ་པ་དཀྱིལ་མཛུབ་ཀྱི་ལྷུ་ཚིགས་གསུམ་པ་དང་བསྡུར་ན་རིང་བ། དཀྱིལ་མཛུབ་དང་མཉམ་པའི་མི་ནི་ལྷན་སྐྱེས་ཀྱི་ལུས་ཕུང་ཧ་ཅང་བདེ་ཐང་ཡིན་པའི་རྟགས་རེད། འོན་ཀྱང་རྗེས་བྱུང་གི་འཚོ་བ་ཆོས་ཉིད་ཆ་སྙོམས་མིན་པ་དཔེར་ན་ཆང་མང་པོ་འཐུང་བ་དང་ཉིན་མཚན་མེད་པ་བྱ་བ་སྒྲུབ་པ། ཐང་ཆད་དྲགས་པ་སོགས་ཀྱིས་ཀྱང་དབང་རྩ་ཉམས་པ་དང་ལུས་སྟོབས་ཇེ་ཞན་དུ་བུད་འགྲོ། དེ་བས་དུ་བ་དང་ཆང་སོགས་ཁ་མ་རེག་ན་བཟང་ངོ་། །