སྲིན་པོའི་ཁ་གནོན་བྱེད་པར་གྲགས་པ་
མཐོང་རིས་
བོད་ཀྱི་ལོ་རྒྱུས་ཐོག་ཤོད་སྲོལ་ལ་། སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་ཏེ་ལོ་ཤས་བཞུགས་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་གནང་ཡང་། ཆོས་ལ་མི་དགའ་ཞིང་བོན་ལ་དགའ་བའི་བློན་པོ་ཚོས་ཚོགས་འདུ་ཚོགས་ཏེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་སློབ་དཔོན་པངྨ་འབྱུང་གནས་བོད་ནས་མཐའ་འབུད་གཏོང་དགོས་པའི་བཙན་བསྐུལ་བྱས་པའི་རྐྱེན་གྱིས་རྒྱལ་པོ་བྱ་ཐབས་མ་བྱུང་བར་མཐར་འབུད་གཏོང་དགོས་བྱུང་སྟེ་། མངའ་རིས་མཚམས་སུ་ཕེབས་མཚམས་བློན་པོ་ཚོས་ལྐོག་གསོད་བྱེད་མི་བཏང་ཡོད་ཀྱང་གནོད་མ་ཐུབ་པར་སྲིད་ཡུལ་(དེང་སང་གི་ཤྲི་ལངྒ་)དུ་ཕེབས་ཞེས་བཤད་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།