སྲིན་པོ་ལངྐ་པུ་རིའི་གྲོང་ཁྱེར་
མཐོང་རིས་
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ་། རྒྱ་གར་གྱི་ས་དབྱིབས་ཟླ་གམ་འདྲ་བའི་རྩོ་མོ་རྣོ་ཤོས་ཏཱ་རི་ཟེར་བ་དེ་ནས་ལྷོ་ཕྱོགས་སུ་གྲུ་བཏང་སྟེ་སོང་བ་ན་གླིང་ཕྲན་ཆེན་པོ་ཞིག་ཡོད་པ་དེ་ནི་རྔ་ཡབ་གླིང་སྟེ་ལངྐ་སུ་རི་ཟེར་ཞིང་། སྔར་གླིང་ཕྲན་དེར་མི་ཤ་ཟ་བའི་སྲིན་པོ་གནས་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲིན་སོར་ཆོས་བསྟན་ནས་ཟླ་བ་རེའི་ཚེས་བརྒྱད་དང་། བཅོ་ལྔ་། གནམ་གང་བཅས་ལ་མི་ཤ་མི་ཟ་བའི་སྡོམ་ཁྲིམས་གནང་བ་ཡིན་ཟེར་ཞིང་། ཡང་བཤད་སྲོལ་གཅིག་ལ་དེད་དཔོན་སིངྒ་ལ་ཟེར་བ་ཞིག་གིས་སྲིན་པོའི་ཡུལ་དུ་དམག་དྲགས་ཏེ་མི་ཤ་ཟ་བའི་སྲིན་པོ་རྣམས་བཏུལ་ནས་ཡུལ་དེར་གཞིས་ཆགས་ཤིང་རྒྱལ་ཁབ་བཙུགས་པའ་ཡུལ་དེའི་མིང་ལ་སིངྒ་ལའི་གླིང་ཞེས་འབོད་པ་ཡིན་ཞེས་བཤད་སྲོལ་ཀྱང་ཡོད་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།