སྲིད་རྩའི་བདག་འཛིན་བདག་འཛིན་རཱུ་ཧྲ་སྡེ་གསུམ་
མཐོང་རིས་
ལུས་ཀྱི་བདག་འཛིན་ལ་ཧྲི་རཱུ་ཧྲ་ནི་བཟུང་བ་ཆོས་ཀྱི་བདག་འཛིན་། ངག་་གི་བདག་འཛིན་ཨ་ཀར་ཤ་རཱུ་ཧྲ་ནི་ལས་རྒྱུ་འབྲས་མེད་པར་སྨྲ་བ་ཆད་པར་ལྟ་བ་། སེམས་ཀྱི་བདག་འཛིན་ཏྲ་ག་ག་རཱུ་ཏྲ་ནི་འཛིན་ཏྲ་ག་ག་རཱུ་ཏྲ་་ནི་འཛིན་པ་གང་ཟག་གི་བདག་ཏུ་བཟུང་བའོ་། སྲིད་ཞིའི་གཙུག་རྒྱན་། སྲིད་པ་འཁོར་བ་ནས་མ་ཐར་བའི་འགྲོ་བ་ཐམས་ཅད་དང་། ཞི་བ་ཐར་པའི་གོ་འཕང་ཐོབ་ཟིན་པ་ཀུན་གྱིས་མཆོད་པའི་ཞིང་གོང་ན་མེད་པ་ཡིན་པ་། སྲིད་པ་འཇིག་རྟེན་གྱི་ཆབ་སྲིད་དང་། ཞི་བ་ཆོས་ལུགས་ཡོངས་ཀྱི་མགོན་སྐྱབས་སམ་ཡང་ན་སྲིད་པ་འཇིག་རྟེན་གྱི་ཆབ་སྲིད་དང་ཞི་བ་ཆོས་ལུགས་ཡོངས་ཀྱི་མགོན་སྐྱབས་ཞེས་པའི་དོན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།