Jump to content

སྲིད་པའི་འཁོར་ལོའི་སྐོར་

ཡོང་ཁུངས་Wikipedia

སྲིད་པའི་འཁོར་ལོ།

[མ་ངོས་ཞུ་དག]

(ལེགས་སྦྱར་སྐད།: भवचक्र; དབྱིན་སྐད།: Wheel of Life) ནི་ནང་པའི་ཆོས་ལུགས་ཀྱི་བརྗོད་བྱ་གཙོ་བོ་འཁོར་བ་མཚོན་བྱེད་ཀྱི་རི་མོ་རྩ་ཆེན་ཞིག་ཡིན། རི་མོ་འདི་བོད་ཀྱི་དགོན་པ་དང་ལྷ་ཁང་ཁག་གི་འདུ་ཁང་གི་སྒོ་འགྲམ་དུ་བྲིས་ཡོད་པ་མང་ཞིང་། འདིས་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་གྱི་ནང་དུ་ཇི་ལྟར་འཁྱམས་ཚུལ་དང་། དེ་ལས་ཐར་བའི་ཐབས་ལམ་གསལ་སྟོན་བྱེད་ཀྱི་ཡོད།

མིང་གི་བྱུང་ཚུལ།

[མ་ངོས་ཞུ་དག]

ལེགས་སྦྱར་གྱི་སྐད་དུ་བྷ་ཝ་ཙཀྲ་ (Bhavacakra) ཞེས་པ་ནི་ཚིག་གཉིས་འདུས་པ་ཞིག་ཡིན། བྷ་ཝ་ (Bhava) ནི་སྲིད་པ་འམ་འབྱུང་བ་ལ་གོ་ཞིང་། ཙཀྲ་ (Cakra) ནི་འཁོར་ལོ་ལ་གོ་བས། བོད་སྐད་དུ་སྲིད་པའི་འཁོར་ལོ་ཞེས་བསྒྱུར་ཡོད།

ལེགས་སྦྱར་སྐད་དུ། ཱཱ Bhavacakra སྲིད་པའི་འཁོར་ལོ། པཱ་ལིའི་སྐད་དུ། Bhavacakka སྲིད་པའི་འཁོར་ལོ། བོད་སྐད་དུ། སྲིད་པའི་འཁོར་ལོ། འཁོར་བའི་འཁོར་ལོ། རྒྱ་སྐད་དུ། (轮回ལུན་ཧོའེ་)འཁོར་བ་འམ་བསྐྱར་སྐྱེ།

ཁུངས་དང་ལོ་རྒྱུས།

[མ་ངོས་ཞུ་དག]
སྲིད་པའི་འཁོར་ལོའི་རི་མོ་འདི་ཐོག་མར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇུས་འགོད་མཛད་པར་གྲགས། ལོ་རྒྱུས་ལྟར་ན། སྟོན་པས་རྒྱལ་པོ་ཨུད་ཏྲ་ཡ་ན་ (King Rudrayana) ལ་སྐྱེས་ལན་གྱི་ཚུལ་དུ་རི་མོ་འདི་བསྐུར་བ་ཡིན།    

འཕགས་པ་མོ་འུ་འགལ་གྱི་བུའི་གཟིགས་སྣང་།

[མ་ངོས་ཞུ་དག]

སྟོན་པའི་ཉན་ཐོས་ཆེན་པོ་མོ་འུ་འགལ་གྱི་བུ་ (Maudgalyayana) ནི་རྫུ་འཕྲུལ་ལ་མངའ་བརྙེས་པ་ཞིག་ཡིན་པས། ཁོང་གིས་འགྲོ་བ་རིགས་དྲུག་གི་གནས་སུ་གཟིགས་སྐོར་ལ་ཕེབས་ནས་སེམས་ཅན་གྱི་སྡུག་བསྔལ་རྣམས་དངོས་སུ་གཟིགས། ཁོང་གིས་མཐོང་བའི་སྡུག་བསྔལ་གྱི་གནས་ཚུལ་རྣམས་མི་རྣམས་ལ་གོ་བརྡ་སྤྲོད་པའི་ཆེད་དུ། སྟོན་པས་དགོན་པའི་སྒོ་འགྲམ་དུ་རི་མོ་འདི་འབྲི་དགོས་པའི་བཀའ་གནང་བ་ཡིན།

འཁོར་ལོའི་གྲུབ་ཆ་དང་མཚོན་དོན།

[མ་ངོས་ཞུ་དག]

སྲིད་པའི་འཁོར་ལོ་འདི་ནི་གཤིན་རྗེ་ཆེན་པོ་འམ་མི་རྟག་པའི་འཇིགས་པས་དམ་པོར་བཟུང་ཡོད་པའི་གོར་ཐིག་ཅིག་ཡིན། དེའི་ནང་དུ་རིམ་པ་བཞི་ཡོད།

ལྟེ་བས་དུག་གསུམ་མཚོན།

[མ་ངོས་ཞུ་དག]

འཁོར་ལོའི་དཀྱིལ་དུ་སེམས་ཅན་གསུམ་ཕན་ཚུན་མཇུག་མ་ལ་འཇུས་ནས་ཡོད་པ་ནི་དུག་གསུམ་མཚོན་བྱེད་ཡིན།

ཕག (གཏི་མུག): རྩ་བའི་མ་རིག་པ་མཚོན་བྱེད།

སྦྲུལ (ཞེ་སྡང་): ཁོང་ཁྲོ་དང་སྡང་སེམས་མཚོན་བྱེད།

བྱ་ཕོ (འདོད་ཆགས་): འདོད་ཞེན་དང་ཆགས་པ་མཚོན་བྱེད།

རིམ་པ་གཉིས་པ། ལས་དཀར་ནག

[མ་ངོས་ཞུ་དག]

དུག་གསུམ་གྱི་ཕྱི་རིམ་དུ་དཀར་ནག་གི་རིམ་པ་ཞིག་ཡོད་པ་དེས་ལས་དཀར་ནག་འམ་དགེ་སྡིག་གི་ལས་མཚོན་པ་ཡིན། ཕྱོགས་དཀར་པོར་སེམས་ཅན་རྣམས་གྱེན་དུ་མཐོ་རིས་ཀྱི་གནས་སུ་འགྲོ་བ་དང་། ཕྱོགས་ནག་པོར་སེམས་ཅན་རྣམས་ཐུར་དུ་ངན་འགྲོའི་གནས་སུ་ལྷུང་བ་མཚོན་ཡོད།

རིམ་པ་གསུམ་པ། འགྲོ་བ་རིགས་དྲུག

[མ་ངོས་ཞུ་དག]

འདི་ནི་སེམས་ཅན་རྣམས་རང་རང་གི་ལས་ཀྱི་དབང་གིས་སྐྱེ་བ་ལེན་པའི་གནས་དྲུག་ཡིན།

ལྷའི་གནས། (Deva): བདེ་སྐྱིད་ཆེ་ཡང་མི་རྟག་པའི་རང་བཞིན།

ལྷ་མ་ཡིན་གྱི་གནས། (Asura): ཕྲག་དོག་དང་འཐབ་རྩོད་ཀྱིས་ཁེངས་པ།

མིའི་གནས། (Manushya): བདེ་སྡུག་འདྲེས་མ་ཡོད་པས་ཆོས་སྒྲུབ་པའི་གནས་མཆོག

དུད་འགྲོའི་གནས། (Tiryag): གཏི་མུག་དང་འཇིགས་སྣང་གིས་མནར་བ།

ཡི་དྭགས་ཀྱི་གནས། (Preta): བཀྲེས་སྐོམ་གྱི་སྡུག་བསྔལ་ཆེ་བ།

དམྱལ་བའི་གནས། (Naraka): ཚ་གྲང་གི་སྡུག་བསྔལ་བཟོད་དཀའ་བ།

ཕྱི་རིམ་ཁ་ཁྱེར། རྟེན་འབྲེལ་ཡན་ལག་བཅུ་གཉིས།

[མ་ངོས་ཞུ་དག]

ཕྱི་རིམ་གྱི་མཐའ་བསྐོར་དུ་རི་མོ་བཅུ་གཉིས་ཡོད་པ་དེས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་མཚོན་པ་ཡིན།

མ་རིག་པ།: མི་ལོང་བས་མཚོན་པ། འདུ་བྱེད།: རྫ་མཁན་གྱིས་བུམ་པ་བཟོ་བས་མཚོན་པ། རྣམ་ཤེས།: སྤྲེའུ་ཤིང་ལ་འཛེག་པས་མཚོན་པ། མིང་གཟུགས།: མི་གཉིས་གྲུའི་ནང་དུ་ཡོད་པས་མཚོན་པ། སྐྱེ་མཆེད་དྲུག: ཁང་པ་སྟོང་པ་སྒོ་དང་པི་ཀྱང་དྲུག་ཡོད་པས་མཚོན་པ། རེག་པ།: ཕོ་མོ་ཕན་ཚུན་འཁྱུད་པས་མཚོན་པ། ཚོར་བ།: མི་ཞིག་གི་མིག་ལ་མདའ་ཕོག་པས་མཚོན་པ། སྲེད་པ།: མི་ཞིག་གིས་ཆང་འཐུང་བས་མཚོན་པ། ལེན་པ།: སྤྲེའུ་ཡིས་ཤིང་ཏོག་འཐུ་བས་མཚོན་པ། སྲིད་པ།: བུད་མེད་སྦྲུམ་མས་མཚོན་པ། སྐྱེ་བ།: བུད་མེད་ཀྱིས་བུ་བཙའ་བས་མཚོན་པ། རྒ་ཤི།: མི་རྒན་པས་རོ་ཁུར་བས་མཚོན་པ།

ཐར་པའི་ལམ།

[མ་ངོས་ཞུ་དག]

འཁོར་ལོའི་ཕྱི་རོལ་དུ་སྟོན་པ་སངས་རྒྱས་བཞེངས་ནས་ཕྱག་གིས་ཟླ་བ་ལ་མཛུབ་མོ་སྟོན་བཞིན་པ་དེས་ཐར་པ་འམ་མྱང་འདས་ཀྱི་གོ་འཕང་མཚོན་པ་ཡིན། འདིས་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་ཐར་ཐུབ་པའི་རེ་བ་དང་ལམ་སྟོན་བྱེད་ཀྱི་ཡོད།