སྲིད་པ་བར་དོའི་སྐབས་ཀྱི་མ་ངེས་པའི་རྟགས་དྲུག་
མཐོང་རིས་
གནས་ངེས་མེད་རི་རྩེ་ཐང་སྟོང་ལ་སོགས་པར་ཡུད་ཙམ་རེ་སྡོད་། རྟེན་ངེས་མེད་ཟམ་པ་མཆོད་རྟེན་ལ་སོགས་ལ་ཡུད་ཙམ་རེ་བརྟེན་། སྤྱིད་པ་ངེས་མེད་སྐད་ཅིག་རེ་ལ་སྣ་ཚོགས་རེ་བྱེད་། ཟས་ངེས་མེད་རིགས་དྲུག་གི་ཟས་སྣ་ཚོགས་མཐོང་ཡང་མི་ཐོབ་པ་། གྲོངས་ངེས་མེད་ལྷ་དང་འདྲེ་སྲིན་བར་དོའི་འགྲོ་བ་སྣ་ཚོགས་དང་ཡུད་ཙམ་རེ་འགྲོགས་། སྣང་ཚུལ་ངེས་མེད་ཀྱི་ཆར་སྒོ་བདེ་སྡུག་སྣ་ཚོགས་སྐད་ཅིག་ལ་འགྲུར་ལྡོག་བྱེད་པའི་སྣང་བ་འཆར་བ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།