སྲིད་པ་བཞི་
མཐོང་རིས་
མངལ་དུ་ཞུགས་ནས་མ་སྐྱེས་བར་དེ་སྐྱེ་སྲིད་། ཤི་ནས་བར་དོར་མ་སྐྱེས་བར་དེ་འཆི་སྲིད་། བར་དོ་ནས་མངལ་དུ་ཞུགས་བར་དེ་བར་སྲིད་། སྐྱེས་ནས་མ་ཤི་བར་དེ་སྔོན་བྱུང་སྲིད་པའོ་། ཡང་ན་། ཤི་ནས་སྐྱེ་བ་མ་བླངས་བར་ནི་བར་སྲིད་དང་། སྐྱེ་བ་བླངས་པའི་སྐད་ཅིག་དང་པོ་ནི་སྐྱེ་སྲིད་། དེའི་སྐད་ཅིག་མ་གཉིས་པ་ནས་འཆི་སྲིད་། སྐད་ཅིག་མ་ཐ་མའི་སྔོན་དུས་ཀྱི་སྲིད་པ་། འཆི་བའི་སྐད་ཅིག་ཐ་མ་ནི་འཆི་སྲིད་དོ་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།