སྲིང་བཙན་སྒམ་པོའི་འཁྲུངས་ཁང་
མཐོང་རིས་
“ཕོ་བྲང་བྱམས་པ་མི་འགྱུར་གླིང་”ཞེས་ལོ་རྒྱུས་དེབ་ཐེར་མང་ཆེ་བར་། བོད་ལྗོངས་མལ་གྲོ་གུང་དཀར་རྗོང་ཁོངས་རྒྱ་མ་ཁྲི་ཁང་དུ་གྱང་ཤུལ་ཞིག་ཡོད་པ་དེ་ཡིན་པར་ངོས་འཛིན་བྱེད་པ་དང་། ཡང་ཁུལ་དེའི་མང་ཚོགས་ཀྱི་ཤོད་རྒྱུན་དུ་ཁྲི་ཁང་གི་ནུབ་ངོས་རི་འདབས་ས་དེ་སྔོན་གྱི་དགོན་ཤུལ་ཡོད་སའི་ས་གནས་དེར་ཆོས་ཁང་དམར་པོ་ཟེར་བ་ཞིག་འདུས་པ་དེར་སྲོང་བཙན་འཁྲུངས་པ་རེད་ཅེས་ཟེར་སྲོལ་ཡང་འདུག་སྤྱིར་སྲོང་བཙན་འཁྲུངས་ཡུལ་སྣོན་རྒྱ་མའི་ཡུལ་ནི་དབུས་རི་བར་སྐོར་དུ་གྲགས་པའི་ནཔང་ཚན་རི་བོ་གྲགས་ཅན་མང་པོ་ཡོད་པའི་ནང་གི་རི་བོ་མཎྜ་ཞེས་པའི་འདབས་སུ་ཆགས་ཡོད་པ་དང་། ཡུལ་དེར་རྩ་ཆུ་ཤིང་གསུམ་འཛོམས་ཤིང་གཅན་གཟན་རི་དྭགས་བྱ་རིགས་སྣ་ཚོགས་རྩི་ཤིང་མེ་ཏོག་གི་ཁྲོད་དུ་ཉམས་དགའ་བར་བརྩེན་པའི་གནས་ཡིན་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།