སྲས་ཐ་ཆུང་སུརྱ་
མཐོང་རིས་
《མི་དབང་རྟོགས་བརྗོད་》དུ་། ལྷ་བཟང་གི་བུ་ཆེ་བ་དགའ་ལྡན་བསྟན་འཛིན་དང་། བུ་ཐ་ཆུང་སུརྱ་ཡིན་པར་བཤད་ཀྱང་། བྲག་དགོན་པ་བསྟན་པ་རབ་རྒྱལ་ཀྱི་《མདོ་སྨན་ཆོས་འབྱུང་དེབ་ཐེར་རྒྱ་མཚོར་》ལྷ་བཟང་གི་བུ་ཆེ་བ་དགའ་ལྡན་བསྟན་འཛིན་དང་། འབྲིང་བ་སུརྱ་། ཆུང་བ་རྣམ་རྒྱལ་ཚེ་བརྟན་ཡིན་པར་བཤད་པ་འདི་རང་ཁུངས་དག་པ་ཡིན་ཏེ་། བུ་ཆེ་བ་དགའ་ལྡན་བསྟན་འཛིག་ལ་ཇུན་གར་ཚེ་དབང་རབ་བརྟན་གྱི་བུ་མོ་གནའ་མར་ལེན་རྒྱུ་བྱས་པ་ཇུན་གར་ནས་མགོ་བསྐོར་བཏང་སྟེ་ཇུན་གར་དུ་སླེབས་ཐོག་བཀྲོངས་། འབྲིང་པོ་སུ་རྱར་མཚོ་སྔོན་ནས་མནའ་མ་བླངས་ཟིན་མཚམས་ལྷ་སར་འོངས་། ལྷ་བཟང་བསད་པའི་རྫེས་སུ་ལྷ་ས་ནས་བྲོས་པ་ལམ་བར་ནས་ཇུན་གར་གྱིས་བཟུང་སྟེ་ཇུན་གར་དུ་འཁྲིད་པ་ཆུ་ལ་ཤོར་ནས་འདས་། ཆུང་བ་ཚེ་བརྟན་རྣམ་རྒྱལ་ལ་གོང་མས་གུང་གི་ཆོ་ལོ་གནང་ཡང་རིང་པོར་མ་སོང་བར་ཆ་ཧར་དུ་གྲོངས་པར་བཤད་པས་སོ་
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།