སྲད་རིན་ཆེན་རྩེ་
མཐོང་རིས་
གཙང་སྟོད་ཁུལ་སྲད་རིན་ཆེན་རྩེ་ཞེས་པ་། སྔར་སྤྱི་ཚོགས་རྙིང་པའི་སྐབས་། སྲད་རིན་རྩེ་རྫོང་ཡོད་པ་དེ་ཡིན་ནམ་སྙམ་། རྫོང་འདི་ནི་འབྲི་གུང་ཁྲི་དཔོན་རྡོ་རྗེ་དཔའ་དང་། རྒྱལ་རྩེ་ཆོས་རྒྱལ་འཕགས་པ་དཔའ་བཟང་གཉིས་ནས་དབུས་གཙང་གཉིས་སུ་རྫིང་མང་པོ་བརྩིགས་པར་བཤད་འདུག་པས་། དེ་གཉིས་གང་རུང་ཞིག་གིས་ཐོག་མར་བརྩིགས་པ་ཡིན་ངེས་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།