སྭོན་ཝི་སིའི་
མཐོང་རིས་
(宣慰使)ཡོད་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱི་ཀྲི་ཡོན་ཁྲི་ལོ་དགུ་པ་རབ་བྱུང་ལྔ་པའི་ཆུ་སྤྲེལ་(༡༢༧༢)ལོར་བོད་ས་གནས་སུ་ཐུ་པོ་ཤོན་ཝུའི་སི་ཏུའི་ཡོན་ཧྲོའི་ཧྥུ་(吐蕃宣慰使司都元帅府)ཟེར་བའི་སྲིད་འཛིན་དོ་དམ་ལས་ཁུངས་བཙུགས་པ་དང་། དེའི་འགོ་བྱེད་དཔོན་པོར་ཤོན་ཝུའི་སི་དང་ཏུ་ཡོན་ཧྲོད་ཟེར་བའི་གོ་གནས་སྤྲད་ཡོད་།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།