Jump to content

སྨྱོན་པ་

ཡོང་ཁུངས་Wikipedia

སྨྱོན་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་ནང་དུ་རང་ཉིད་ཉོན་མོངས་ལས་མ་གྲོལ་བར་གཞན་རྣམས་ཉོན་མོངས་ལས་སྒྲོལ་བར་ཁས་བླངས་པའི་གང་ཟག་ལ་གོ་དགོས་པར་གསུངས།

ངོ་སྤྲོད།

[རྩོམ་སྒྲིག]

"ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་ཐམས་ཅད་ཉོན་མོངས་ལས་སྒྲོལ་བར་སེམས་བསྐྱེད་ཅིང་དམ་བཅས་ནས་གང་གི་ཚེ་བདག་ཉིད་ཀྱང་ཉོན་མོངས་རྣམས་ལས་མ་གྲོལ་བ་ཡིན་ན་གཞན་དོན་ལྟ་ཞོག་རང་དོན་ཡང་རྫོགས་པར་མི་ནུས་པས་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་བདག་གི་ཚོད་ཀྱང་མི་ཤེས་པར་གཞན་མཐའ་དག་ཉོན་མོངས་ལས་སྒྲོལ་བར་སྨྲ་བ་ཇི་ལྟར་སྨྱོན་པ་མིན་ཏེ།"[] ཞེས་གསུངས།

སྨྱོན་པའི་དཔེ་མཚོན།

[རྩོམ་སྒྲིག]

རང་གི་ནུས་པ་མི་ཤེས་པར་ཁས་བླངས་པ། "སྔར་སེམས་བསྐྱེད་པའི་དུས་སུ་ཕྱོགས་བཅུ་ན་གནས་པ་ནམ་མཁའི་མཐས་གཏུགས་པར་ཁྱབ་པའི་འགྲོ་བ་སེམས་ཅན་མ་ལུས་པ་རྣམས་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་གྲོལ་བ་དང༌། དབུགས་མ་བྱུང་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ་ཞེས་ལས་དང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་མཐའ་དག་ལས་བསྒྲལ་བར་བྱའོ་ཞེས་དམ་བཅས་པའི་དུས་གང་གི་ཚེ་བདག་རང་ཉིད་ཀྱང༌། ཆགས་སོགས་ཉོན་མོངས་པ་རྣམས་ལས་ཅུང་ཟད་ཙམ་ཡང་མ་གྲོལ་བར་གནས་ན། བདག་རང་གི་ནུས་པའི་ཚོད་ཀྱང་མི་ཤེས་པར་དེ་ལྟར་བ་བཅོལ་དུ་སྨྲ་བ་འདི་ཇི་ལྟར་ན་སྨྱོན་པ་མིན་"[]
ཞེས་གསུངས་པ་བཞིན་ནོ། །

དཔེ་བསྟན་པ། "རང་ཉིད་བཅིངས་པ་དང་ཆུ་ལས་མ་གྲོལ་བཞིན་དུ་གཞན་དེ་ལས་དགྲོལ་བར་ཁས་བླང་བ་བཞིན་ནོ། །"[]ཞེས་གསུངས་ཏེ། འདི་ནི་རང་ཉིད་འཁོར་བའི་རྒྱ་མཚོར་བྱིང་བཞིན་དུ་གཞན་རྣམས་དེ་ལས་སྒྲོལ་བར་ཁས་བླངས་པའི་དཔེ་ཡིན།

འཇིག་རྟེན་གྱི་དབང་ཕྱུག་བསྟེན་པའི་སྨྱོན་པ།

[རྩོམ་སྒྲིག]

"བྱེད་པ་དེ་ནི་འཇིག་རྟེན་གྱི་དབང་ཕྱུག་བསྟེན་པ་བས་ཀྱང་ཤིན་ཏུ་ཡང་སྨད་པ་ཡིན་ནོ། །"[]ཞེས་གསུངས་ཏེ། འདི་ནི་ཕྱིན་ཅི་ལོག་གི་ལམ་ལ་ཞུགས་པའི་གང་ཟག་རྣམས་ལ་གོ "སེམས་རང་བཞིན་དུ་མི་གནས་པས་བདག་ཉིད་ཀྱིས་བསམས་ནས་བདག་ཉིད་ལ་རྨོངས་པ་བསྐྱེད་ཅིང་ཡང་འདི་ལྟར་ཕྱིན་ཅི་ལོག་གི་ལམ་ཉམས་སུ་བླངས་པས་ཉོན་མོངས་པ་འདི་རྣམས་སེམས་རང་བཞིན་དུ་མི་གནས་སོ་ཞེས་བསྟན་བཅོས་མཛད་པས་མྱ་ངན་མཛད་པའོ། །"[]ཞེས་གསུངས་པ་ལྟར་རོ། །

ཕྱིར་མི་ལྡོག་པ་དང་འབྲེལ་བ།

[རྩོམ་སྒྲིག]

"སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམས་ལས་དང་ཉོན་མོངས་པའི་ཀུན་འབྱུང་གི་འཆིང་བ་དང་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་འཁོར་བའི་བཙོན་ར་ལས་རབ་ཏུ་སྒྲོལ་ཞིང་རྫོགས་པའི་བྱང་ཆུབ་ལ་འགོད་པར་བྱ་བའི་ཕྱིར་དུ་སྲིད་པ་ཇི་སྲིད་བར་དུ་གཞན་དོན་ལས་ནམ་ཡང་ཕྱིར་མི་ལྡོག་པ་ཡི་སེམས་ཀྱིས་སུ་འཇུག་པ་སེམས་བསྐྱེད་དེ་ཡང་དག་པར་རང་རྒྱུད་ལ་བླངས་པར་གྱུར་པ་ན་"[]ཞེས་གསུངས། ཕྱིར་མི་ལྡོག་པ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་དཀའ་སྤྱད་སྤྱོད་པའི་སྐབས་སུ། ཉོན་མོངས་ཀྱི་གཉེན་པོ་བསྟེན་པ་ལ་དཀའ་ཚེགས་ཇི་ཙམ་བྱུང་ཡང་ཡི་ཆད་པ་མེད་པར་བརྩོན་འགྲུས་རྩོམ་པ་ལ་ཟེར། "ཉོན་མོངས་པ་གཞོམ་པ་ལ་དུས་རྟག་ཏུ་བསམ་སྦྱོར་གང་ཡང་ཕྱིར་མི་ལྡོག་པར་བྱའོ། །"[]ཞེས་གསུངས་པ་ལྟར། སྨྱོན་པ་ཞེས་པའི་དཔེ་འདིས་བྱང་ཆུབ་སེམས་དཔའ་རྣམས་ལ་རང་ཉིད་ཉོན་མོངས་ལས་མ་གྲོལ་གོང་ནས་གཞན་གྲོལ་བར་བྱེད་ཐུབ་སྙམ་པའི་རྨོངས་པ་ཡོད་པ་མིན་པར། རང་ཉིད་ཀྱང་ཉོན་མོངས་སྤོང་བའི་ལམ་ལ་ཕྱིར་མི་ལྡོག་པར་འབད་དགོས་པའི་གནད་སྟོན་གྱི་ཡོད།

སྨྱོན་པའི་དབྱེ་བ།

[རྩོམ་སྒྲིག]

འཇིག་རྟེན་པའི་སྨྱོན་པ། "འབད་པ་དང་ལྡན་པའི་སྨྱོན་པ་སེམས་རང་བཞིན་དུ་མི་གནས་པས་བདག་ཉིད་ཀྱིས་བསམས་ནས་བདག་ཉིད་ལ་རྨོངས་པ་བསྐྱེད་ཅིང་ཡང་འདི་ལྟར་ཕྱིན་ཅི་ལོག་གི་ལམ་ཉམས་སུ་བླངས་པས་ཉོན་མོངས་པ་འདི་རྣམས་སེམས་རང་བཞིན་དུ་མི་གནས་སོ། །"[]ཞེས་གསུངས། འདིས་འཇིག་རྟེན་པའི་སྨྱོན་པ་ལ་གོ་བར་སྣང་། "སྨྱོན་པས་འཁྲུགས་པ་སྟེ་ས་ཡོངས་སུ་གང་བ་ཡིན་ནོ། །"[]ཞེས་དང་། "སྨྱོན་པ་བསྟེན་པ་ནི་སྨྱོན་པ་ལས་གཞན་གྱིས་བྱེད་པ་རིགས་པ་མ་ཡིན་ནོ། །"[༡༠]ཞེས་པས་འཇིག་རྟེན་པའི་སྨྱོན་པའི་རང་བཞིན་གསལ་པོར་བསྟན།

བསྡུས་དོན།

[རྩོམ་སྒྲིག]

སྨྱོན་པ་ཞེས་པའི་ཐ་སྙད་ནི་སྤྱོད་འཇུག་གི་གཞུང་དུ་གཙོ་བོར་རང་ཉིད་ཉོན་མོངས་ལས་མ་གྲོལ་བར་གཞན་རྣམས་དེ་ལས་སྒྲོལ་བར་ཁས་བླངས་པའི་གང་ཟག་ལ་གོ་དགོས། འདི་ནི་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་བདག་གི་ནུས་པའི་ཚོད་མི་ཤེས་པར་སེམས་ཅན་ཐམས་ཅད་སྒྲོལ་བར་དམ་བཅས་པ་ལ་བརྗོད། དེས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔོན་ལ་རང་རྒྱུད་ཀྱི་ཉོན་མོངས་གཞོམ་པ་ལ་ཕྱིར་མི་ལྡོག་པའི་བརྩོན་འགྲུས་བསྟེན་དགོས་པར་གསུངས།

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༧༦
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༢༢༧-༢༢༨
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༢༢༨
  4. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༤༤༦
  5. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༢༤༡
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༦༨
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༧༦
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༢༤༡
  9. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༢༤༡
  10. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༤༤༦