Jump to content

སྨོན་ལམ་ཆེན་པོ་

ཡོང་ཁུངས་Wikipedia

རབ་བྱུང་བདུན་པའི་ས་གླང་ལོའི་ཟླ་བ་དང་པོར་རྗེ་ཙོང་ཁ་པའི་དགོངས་བཞེད་ལྟར་ལྷ་ལྡན་གཙུག་ལག་ཁང་དུ་བཙུགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོ་འཕྲུལ་དུས་ཆེན། རྗེ་ཙོང་ཁ་པ་འདས་རྗེས་ལོ་བཅུ་དགུའི་རིང་མཚམས་ཆད། ༸རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་རིང་ལ་སླར་གསོ་མཛད་པ་ནས་བཟུང་ལོ་རེ་བཞིན་འཚོག་རྒྱུའི་རྒྱུན་སྲོལ་ཞིག་ཏུ་གྱུར་ཅིང་། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རིང་ལ་རྩོད་གྲྭ་ཚུགས་ཏེ་སེ་འབྲས་དགའ་གསུམ་གྱི་གྲྭ་པའི་ནང་ནས་ལྷ་རམས་པ་ཞེས་པའི་དགེ་བཤེས་ཀྱི་དམ་བཅའ་འཇོག་པའི་སྲོལ་བཙུགས། སྨོན་ལམ་འཚོག་རིང་ལ་ལྷ་ས་གྲོང་ཁྱེར་གྱི་སྒྲིག་ལམ་འབྲས་སྤུངས་དགོན་གྱི་དགེ་བསྐོས་ཀྱིས་འགན་ཁུར་བྱེད།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།