Jump to content

སྨོན་འཇུག་སེམས་བསྐྱེད།

ཡོང་ཁུངས་Wikipedia

སྨོན་འཇུག་སེམས་བསྐྱེད།

[རྩོམ་སྒྲིག]

སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆེན་པོའི་ཆོས་བྱེད་མཁན་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་ག་ལ་རིམ་པ་མཐོ་དམན་གཉིས་ཡོད་པ་སྟེ་སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས་ཡིན། སྨོན་པ་སེམས་བསྐྱེད་ནི་བྱང་ཆུབ་ཀྱི་སེམས་ལ་མོས་པ་ཡིད་བྱེད་ཙམ་གྱི་སྒོ་ནས་བློ་སྦྱངས་ནུས་ཀྱང་། སྤྱོད་པ་དང་བསླབ་བྱ་དངོས་སུ་ལག་ལེན་མི་ནུས་པ་རྣམས་ཀྱིས་བླངས་ཆོག་པ་ཡིན། འཇུག་པ་སེམས་བསྐྱེད་ནི། བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས་ཏེ་སྤྱོད་པ་དང་བསླབ་བྱ་རྣམས་ལག་ལེན་ཐོག་བཀལ་བའི་གོ་དོན་ཡོད་པས་བློ་དམན་པ་རྣམས་ཀྱིས་བླངས་མི་ནུས་པ་ཞིག་ཡིན། ཞིབ་པར་《སྤྱོད་འཇུག་》གི་འགྲེལ་པ་རྣམས་ལས་གསལ། །