Jump to content

སྨོན་གྲོང་སྒྲོལ་མ་ལྷ་ཁང་།

ཡོང་ཁུངས་Wikipedia

སྨོན་གྲོང་སྒྲོལ་མ་ལྷ་ཁང་།

[རྩོམ་སྒྲིག]

སྨོན་གྲོང་སྒྲོལ་མ་ལྷ་ཁང་(མོན་འགྲོ་སྒྲོལ་མ་ལྷ་ཁང་ཡང་ཟེར་)དེ་ནི་དེང་སྐབས་ཁྲེང་ཀོན་ཆུས་ཀྱི་ཚོགས་ཁང་གི་ནུབ་ངོས་སུ་ཡོད་ཅིང་། མོན་འགྲོ་ཀླུ་བཙན་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་མཉམ་དུ་མོན་རྟ་དབང་ནས་ཡོང་བ་རེད་ཟེར། རྗེས་སུ་མོན་འགྲོ་ཀླུ་བཙན་དེའི་བྱང་ངོས་སུ་མོན་འགྲོ་སྒྲོལ་མ་ལྷ་ཁང་བཞེངས་ཏེ་དེའི་ནང་གཙོ་བོ་རྗེ་བཙུན་སྒྲོལ་མའི་སྐུ་དང་། ཀོན་ཡུན་ཆང་། རིགས་གསུམ་མགོན་པོའི་སྐུ་བཅས་ཡོད་པ་རེད། ལྷ་ཁང་དེའི་ས་ཆའི་རྒྱ་ཁྱོན་ཀ་བ་བཅུ་ལྷག་ཙམ་ཡོད་ཅིང་། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོའི་བར་མང་ཚོགས་ཀྱིས་ཁྲོ་ཆེན་ཞུ་བ་དང་མཆོད་འབུལ་སོགས་བྱེད་མུས་ཡིན། རྨེ་རུ་དགོན་ནས་དཀོན་གཉེར་མི་གཅིག་བཙུགས་ཏེ་ལྷ་ཁང་གི་བདག་གཉེར་བྱེད་ཀྱི་ཡོད། །