སྨིག་རྒྱུའི་ཆུ།
མཐོང་རིས་
སྨིག་རྒྱུའི་ཆུ།
[རྩོམ་སྒྲིག]དཔྱིད་ཀའམ་སོས་ཀ་ཉི་མ་ཤིན་ཏུ་ཚ་བའི་སྐབས། རྒྱང་རིང་པོར་བྱེ་མ་ལ་ཉི་འོད་ཕོགས་པ་ན་ཆུ་སྔོ་ལམ་མེ་རྒྱགས་པ་ལྟར་སྣང་བའི་རྐྱེན་གྱིས་རི་དྭགས་རྣམས་རྒྱང་རིང་པོ་ནས་ཆུ་འཐུང་བར་རྒྱུགས་པ་ན་ཆུ་མེད་པར་གྲམ་ཐང་འབའ་ཞིག་ཏུ་ཡོད་པ་དང་། དེ་ལ་བརྟེན་ནས་རི་དྭགས་རྣམས་སྐོམ་གྲིར་འཆི་བས་ན། ཁྲག་ཁྲིག་སྣང་བ་དང་། རྒྱང་རིང་ཆུ། རི་དྭགས་སྲེད་སྐྱེད། རི་དྭགས་འཆིར་འཇུག བར་སྣང་ཆུ་རླབས། གཡོ་བའི་འོད་བཅས་ཟེར། །