སྨན་རྩེ་ལྷ་བཙུན།
Appearance
སུང་ལྷོ་མའི(南宋 )རྒྱལ་རབས་གནས་ཡུལ་ནན་ཅིན་དང་ཧང་ཀྲོའུ་གཉིས་ལ་སྨན་རྩེ་ཡུལ་ཟེར་ཞིང་རྒྱལ་རབས་དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་སྨན་རྩེ་རྒྱལ་རབས་ཟེར་ཞིང་ས་གནས་དེ་ནས་ཐོན་པའི་གོས་དར་སྨན་རྩེ་ཟེར་བ་བོད་སྐད་དུ་གྲགས་ཆེ། རྒྱལ་རབས་དེ་ལ་རྒྱལ་པོ་སྔ་རྗེས་བྱུང་བའི་དགུ་པ་ཀྲའུ་ཝུའི་ཝང་པིང་གིས་སྤྱི་ལོ་༡༢༧༨ནས་༡༢༧༩བར་ལོ་གཉིས་(《དེབ་ཐེར་དམར་པོ》ནང་ལོ་གསུམ་དུ་བཤད)རིང་སྲིད་དབང་བཟུང་། དེ་སྐབས་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་བློན་པོ་བ་ཡན་ཆིང་སང་གིས་སྣེ་ཁྲིད་པའི་དམག་དཔུང་བཏང་ནས་དབང་འོག་ཏུ་བསྡུས། རྒྱལ་པོ་གསོན་བཟུང་བྱས་ཏེ་ས་སྐྱ་དགོན་པར་རྩིས་སྤྲད་དེ་རབ་བྱུང་བྱེད་དུ་བཅུག་པ་དེ་ལ་སྨན་རྩེ་ལྷ་བཙུན་ཟེར་ཞིང་། རྗེས་སུ་ཡོན་རྒྱལ་རབས་ཀྱི་གོང་མ་ཀེ་ཀེན་ཧན(格坚汗)གྱིས་ངོ་ལོག་པར་འགྱུར་དོགས་ནས་དམར་གསོད་བཏང་བ་ཡིན།