སྨན་རི་བ་བློ་བཟང་རྣམ་རྒྱལ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

སྨན་རི་བ་བློ་བཟང་རྣམ་རྒྱལ།[རྩོམ་སྒྲིག]

རྗེ་འདི་ནི་གཙང་ཐོབ་རྒྱལ་སྨན་རིར་སྤྱི་ལོའི་དུས་རབས་བཅུ་དགུའི་དཀྱིལ་ཙམ་དུ་འཁྲུངས། སྐུ་གཞོན་དུས་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད། རིག་གནས་སོགས་ལ་མཁས་པའི་གྲགས་པ་ཐོབ། པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་མཆོ་དཔོན་མཁན་པོ་མཛད། དེ་རྗེས་པཎ་ཆེན་བསྟན་པའི་དབང་ཕྱུག་དགུང་ལོ་བཞི་སྟེང་རབ་བྱུང་བཅུ་བཞི་པའི་ས་རྟ་(༡༨༥༨)སྐྱབས་དབྱིངས་ཛ་སག་གི་ཕྱག་ལས་ཐུགས་འགན་བཞེས། དེ་རྗེས་ངམ་རིང་ཆོས་སྡེའི་བྱམས་ཁང་སྟེང་ཤོད་དང་། བླ་བྲང་། ཆོས་ར། གྲྭཤག་སོགས་ཉམས་གསོ་གསར་སྐྲུན་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་གསར་བཞེངས་མཛད། རྗེ་མཆོག་གིས་སྐྱབས་དབྱིངས་ལོ་བརྒྱད་ཐུགས་འགན་བཞེས་ནས་རབ་བཅུ་བཞི་པའི་ཤིང་གླང (༡༨༦༥)ལོར་དགོངས་ཞུ་མཛད་དེ་ཟུར་བཞུགས་སུ་ཕེབས། བཀའ་རྩོམ་ལ་མཚོན་ན《བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་བརྗོད་དབྱངས་ཅན་འཕང་འགྲོའི་སྒྲ་དབྱངས》《འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་རྒྱལདྲི་མེད་ཀུན་ལྡན་ལེགས་པའི་བློ་གྲོས་ཀྱི་རྟོགས་བརྗོད་བསྔགས་འོས་བསྔགས་པ》《སྐྱེས་རབས་སོ་བཞིའི་བསྡུས་དོན་བཅུད་ལྡན་རི་བརྒྱའི་སྙེ་མ》《རྗེ་བཙུན་ཙོང་ཁ་པ་ཆེན་པོར་བསྟོད་པའི་སྒོ་ནས་གསོལ་འདེབས》《ཉམས་མྱོང་རྒན་པོའི་འབེལ་གཏམ》སོགས་པོད་ཆུང་གཅིག་བཞུགས། འདས་ལོ་དང་མཛད་རྣམ་ཞིབ་པར་མ་གསལ།