Jump to content

སྨད་རྒྱུད།

ཡོང་ཁུངས་Wikipedia

སྨད་རྒྱུད།

[རྩོམ་སྒྲིག]

(རྒྱུད་སྨད་)གྲྭ་ཚང་འདི་ཐོག་མར་འཛུགས་པ་པོ་རྗེ་ཚོང་ཁ་པའི་སློབ་མ་རྗེ་བཙུན་ཤེས་རབ་སེང་གེ་རབ་བྱུང་དྲུག་པའི་མཇུག་ནས་རབ་བྱུང་བདུན་པའི་ཤིང་གླང་བར་ཡིན། ཆུང་དུས་སུ་རྗེ་ཙོང་ཁ་པའི་དྲུང་དུ་མདོ་སྔགས་ཀྱི་ཆོས་མང་པོ་གསན། རྗེ་ཙོང་ཁ་པས་སྔགས་ཀྱི་གྲྭ་ཚང་འཛུགས་དགོས་པར་བཀའ་གནང་བ་བཞིན་རབ་བྱུང་བདུན་པའི་ཆུ་གླང་༡༤༣༣()ལོར་དགའ་ལྡན་དུ་ཐོག་མར་བཙུགས། ཐོག་མར་གནས་ངེས་མེད་དུ་ཆོས་དབར་བསྟེག་ནས་ཕེབས་པ་ལ། ཕོ་ལྷ་ཐའི་ཇའི་དུས་སྐབས་ཙམ་ནས་ལྷ་ས་རྨེ་རུ་དགོན་པའི་ འཁྲིས་ཀྱི་རྒྱུད་ཁང་དེ་གསར་དུ་བཞེངས་པ་དེ་ནས་བཟུང་ཆོས་ཐོག་སྐབས་མ་གཏོགས་ལྷ་སར་བཞུགས་པ་འདི་བྱུང་བ་ཡིན། ཞིབ་ཆ་ཕུར་ལྕོག་ངག་དབང་བྱམས་པའི་གསུང་《གྲྭ་ས་ཆེན་པོ་བཞི་དང་རྒྱུད་གྲྭ་སྟོད་སྨད་ཆགས་ཚུལ་》ཞེས་པ་དེའི་ནང་གསལ། །