སྦྱོར་སྔགས་
སྒྲ་བཤད།
[རྩོམ་སྒྲིག]སྦྱོར་སྔགས་ཞེས་པའི་སྦྱོར་བ་་ནི་འདུ་བ་དང་སྦྲེལ་བ་ལ་གོ་ལ། སྔགས་ནི་གསང་སྔགས་ཀྱི་སྔགས་སུ་གོ་དགོས། དེ་ཡང་སྔགས་ནི་འདོད་པའི་དོན་གྲུབ་པར་བྱེད་པའི་ཐབས་སུ་གྱུར་མན་སྔགས་སོགས་ལ་ཟེར།
ངེས་ཚིག
[རྩོམ་སྒྲིག]དགེ་སློང་དང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་རྟགས་ཅན་དག་གིས་མི་སྤྱད་པའི་སྡིག་པའི་ལས་ཤིག་སྟེ། བུད་མེད་རང་དབང་དུ་འདུ་བ་དང་ཚེ་རིང་བ། འདོད་ཡོན་ལ་དབང་སྡུད་པ་སོགས་ཀྱི་དོན་དུ་བེད་སྤྱོད་བྱེད་པའི་གསང་སྔགས་ཀྱི་ཐབས་ལ་གོ
ནང་དོན།
[རྩོམ་སྒྲིག]ཐེག་པ་ཆེན་པོའི་བསླབ་བྱའི་ནང་གསེས་སུ་སྤང་བྱ།
སྦྱོར་སྔགས་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་རྟགས་ཀྱི་ནང་གསེས་སུ་གཏོགས་པའི་སྤང་བྱའི་ལས་ཤིག་ཡིན། དེ་ཡང་ཆོས་ཀྱི་སྤྱོད་པ་དང་འགལ་བའི་ལས་སུ་བརྩིས་ཏེ། "བུད་མེད་དབང་བསྡུད་སྦྱོར་སྔགས་བྱེད་པ་མིན་པ་དང་།"[༡] ཞེས་གསུངས།
གནོད་སེམས་ཀྱི་སྔགས་དང་འདྲ་མིན།
སྦྱོར་སྔགས་དེ་གནོད་འགྱུར་གྱི་སྔགས་དང་ཁྱད་པར་ཡོད་དེ། གནོད་འགྱུར་གྱི་སྔགས་ནི་གཞན་ལ་གནོད་པ་བྱེད་པའི་ལས་ལ་ཟེར་ཞིང་། སྦྱོར་སྔགས་ནི་འདོད་ཆགས་ཀྱི་དབང་དུ་བྱས་ནས་བུད་མེད་རང་དབང་དུ་འདུ་བའི་ཐབས་སུ་སྤྱོད་པའི་སྔགས་ལ་གོ "གནོད་འགྱུར་གྱི་སྔགས་བཟླས་པར་མི་བྱེད་པ་དང༌། བུད་མེད་དབང་བསྡུད་སྦྱོར་སྔགས་བྱེད་པ་མིན་པ་དང༌།"[༢] ཞེས་སོ་སོར་དབྱེ་ནས་བཤད།
མཐོང་ལམ་པའི་ཕྱིར་མི་ལྡོག་པའི་རྟགས།
དགེ་སློང་མཐོང་ལམ་ལ་གནས་པ་དག་ལ་སྦྱོར་སྔགས་དང་། དྲག་ཤུལ་གྱི་ལས། མངོན་སྤྱོད་ཀྱི་སྔགས་བཅས་སྤང་དགོས་པའི་ཆོས་ཀྱི་གཞི་རིམ་ཡིན། "སེམས་ཅན་གཞན་ལ་དྲག་ཤུལ་གྱི་ལས་མངོན་སྤྱོད་ཀྱི་སྔགས་སོགས་མི་བྱེད་ཅིང༌། བུད་མེད་དབང་སྡུད་ཀྱི་སྦྱོར་སྔགས་ཚོལ་བར་མི་བྱེད་དོ། །"[༣]ཞེས་གསུངས།
ལུང་བསྟན་པ་ལ་འཇུག་པ་ཡང་སྤང་བྱ།
སྦྱོར་སྔགས་བྱེད་པ་ཙམ་མ་ཟད། འདོད་པའི་དབང་གིས་བུ་ཕོ་མོ་སྐྱེ་བར་འགྱུར་རོ་ཞེས་པའི་ལུང་བསྟན་པ་ཡང་མི་བྱེད་དགོས། "བསྙེན་བཀུར་འདོད་པའི་ལས་ཅན་བུ་བཙའ་བ་དང་བུ་མོ་བཙའ་བར་འགྱུར་རོ། །ཞེས་ཕོ་མོར་གྱུར་ཞེས་ལུང་སྟོན་པར་མི་བྱེད་དེ།"[༤] ཞེས་གསུངས།
དབྱེ་བ།
[རྩོམ་སྒྲིག]གནོད་འགྱུར་གྱི་སྔགས། གཞན་ལ་གནོད་པ་བཤད་པའི་ཕྱིར་བྱེད་པའི་སྔགས། མངོན་སྤྱོད་ཀྱི་སྔགས། དྲག་ཤུལ་གྱི་ལས་དང་འབྲེལ་བའི་སྔགས། སྦྱོར་སྔགས། བུད་མེད་དབང་དུ་བསྡུད་པའི་ཕྱིར་བྱེད་པའི་སྔགས།