Jump to content

སྤྲོས་མེད་མི་རྟོག་ངང་ལ་སྡོད།

ཡོང་ཁུངས་Wikipedia

སེམས་དེ་ཡུལ་གཞན་ལ་སྤྲོས་པ་མེད་པ་སྟེ། མ་ཡེངས་པའི་སྒོ་ནས་རྟོག་མེད་དུ་འཇོག་པའམ་རྣམ་རྟོག་བཟང་ངན་གང་གིས་ཀྱང་དབང་དུ་མི་གཏོང་བར་སེམས་རྣམ་པར་མི་རྟོག་པའི་ངང་ལ་རྩེ་གཅིག་ཏུ་ཞོག་ཅིག་ཅེས་པའོ། བཀའ་བརྒྱད་པས་སེམས་ལ་དམིགས་ནས་ཏིང་ངེ་འཛིན་བསྒོམ་པའི་སྐབས་རྣམ་རྟོག་བཟང་ངན་གང་གི་དབང་དུ་ཡང་མི་གཏོང་བར་སེམས་རྟོག་མེད་དུ་འཇོག་པ་ཏིང་ངེ་འཛིན་དང་པོར་བསྒོམ་པའི་སྐབས་དང། རྣམ་རྟོག་གང་སྐྱེས་པ་དེ་ཉིད་ལ་སྤང་བླངས་མ་བྱས་པར་རང་བབས་སུ་ཡལ་བཅུག་པ་ཏིང་ངེ་འཛིན་ལ་གོམས་འདྲིས་ཅུང་ཟད་བྱུང་བ་ན་དེ་ལྟར་བྱེད་པ་ཡིན་ཟེར། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།
ÕâÊÇ´úÂë