Jump to content

སྤྱོད་མཁན།:Wanshujiayang

ཡོང་ཁུངས་Wikipedia

༄༅།། གངས་ཕྲུག་གླེང་བཞིན་པའི་དྭ་ཕྲུགས་ཚོགས།

               བན་ཤུལ་འཁྱམ་བསེ་རུ།
                         ༡
 གནའ་བོའི་བཤད་སྲོལ་ཏུ་གངས་སེང་ནི་རི་དྭགས་ཀྱི་རྒྱལ་བོ་ཡིན་སྐད།
 གངས་སེང་ནི་སུས་ཀྱང་བྲན་གཡོག་བྱེད་མི་ཐུབ་པའི་གཅན་གཟན་གཏུམ་པོ་ཞིག་ཡིན་ཟེར།མེས་པོ་ཚོས།གངས་སེང་ནི་གངས་རིའི་བདག་པོ་ཡིན་ལ།  
 ང་ཚོ་གངས་སེང་གི་བདག་པོ་ཡིན་ཟེར།དོན་ངོ་མ།   ང་ཚོའི་གངས་སེང་དེ་གང་དུ་ཡོད།
                         ༢
 ནུབ་རླུང་གི་སྨྱོ་གར་མཐོ་སྒང་ནས་འཁྲབ་པའི་དུས་ཚིགས་དེར།
 ན་བུན་གྱི་ཟབ་ས་ནས།     གངས་སེང་དེའང་གར་སོང་ཆ་མེད་དུ་གྱུར།
 དུས་རབས་ཀྱི་སོ་ཁ་ན་རྩེན་པའི་རྟོག་གེ་བའི་དཔུང་ཚོགས་ཤིག་གིས།
 ཁྱེ་ཁོ་ན་གླེང་བཞིན་ཡོད།དོན་ངོ་མ།   ང་ཚོས་འཚོལ་གྱིན་པའི་གངས་སེང་དེ་གང་དུ་ཡོད།
                          ༣
 གོ་ཐོས་སུ་གངས་རི་དང་ཁ་ཐག་རིང་སའི་ཡུལ་གྲུ་དེ་ན།
 འཛམ་གླིང་གི་ཡང་རྩེ་ན་བརྗིད་ཉམས་ཀྱིས་འགྱིང་བའི་གངས་སེང་ཅིག་ཡོད་སྐད།
 གངས་སེང་དེའི་གད་རྒྱངས་གཅིག་གིས།འཛམ་གླིང་ལ་གཡོ་འགུལ་བཏང་སོང་ཟེར།
 གངས་སེང་འཚོལ་གྱིན་དྭ་ཕྲུག་ཚོགས།དོན་ངོ་མ།   ང་ཚོས་འཚོལ་གྱིན་པའི་གངས་སེང་དེ་གངས་རིའི་ཕ་རོལ་ཏུ་ཡོད།