སྤྱོད་མཁན།:Sangpe/Sandbox/དགེ་འདུན་གྲུབ་པ།
མཐོང་རིས་
༸རྒྱལ་དབང་སྐུ་འཕྲེང་དང་པོ་དགེ་འདུན་གྲུབ་ནི་ཕྱི་ལོ་ ༡༣༩༡ ལོར་སྐུ་འཁྲུངས་ཤིང་ཕྱི་ལོ་ ༡༤༤༧ ལོར་སྐུ་གཤེགས།
སྐུ་ཚེ་སྟོད།
[རྩོམ་སྒྲིག]༸རྒྱལ་དབང་སྐུ་འཕྲེང་དང་པོ་དགེ་འདུན་གྲུབ་པ་མཆོག་ནི་རབ་བྱུང་བདུན་པའི་ལྕགས་ལུག་ཕྱི་ལོ་ ༡༣༩༡ ལོར་ཡབ་མགོན་པོ་རྡོ་རྗེ་དང་ཡུམ་ནམ་མཁའ་སྐྱིད་ཀྱི་སྲས་སུ་གཙང་གཤབ་སྟོད་དུ་སྐུ་འཁྲུངས། ཁོང་གི་ཆུང་དུས་མཚན་ལ་པདྨ་རྡོ་རྗེ་ཞེས་གསོལ། གྲུབ་པ་ཤེས་རབ་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས། ཕྱི་ལོ་ ༡༤༡༥ ལོར་དགོང་ལོ་ཉེར་ལྔར་ཕེབས་སྐབས་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་དང་ཐོག་མར་མཇལ་ལོ།
མཛད་པ།
[རྩོམ་སྒྲིག]ཁོང་གིས་གཞིས་ཀ་བརྩེ་རུ་བཀྲ་ཤིས་ལྷུན་པོ་མགོན་པ་ཕྱག་བཏབ་གནང་།
སྐུ་ཚེ་སྨད།
[རྩོམ་སྒྲིག]རྗེ་ཁོང་མདོ་སྔགས་དང་རིག་གནས་ལ་ཧ་ཅང་མཁས་པའི་བོ་དོང་པདཎི་ཏས་ཐམས་ཅད་མཁན་པ་ཞེས་མཚན་གསོལ། པཎ་ཆེན་དགེ་འདུན་གྲུབ་པའི་མཚན་སྙན་དེ་ཡོངས་སུ་གྲགས། རབ་བྱུང་བརྒྱད་པའི་ཤིང་ཕོ་རྟ་ལོ་སྟེ་ཕྱི་ལོ་ ༡༤༤༧ ལར་སྐུ་གཤེགས་སོ།