Jump to content

སྤྱོད་མཁན།:Kalsangchoedon1314

ཡོང་ཁུངས་Wikipedia
པ་པེལ་སྤྱོད་མའི་གནས་ཚུལ་
bo-N བོད་སྐད་ནི་སྤྱོད་མི་འདིའི་ ཕ་མེས་ཀྱི་སྐད་ཡིག་རེད།
bo-5 སྤྱོད་མི་འདིའི་བོད་སྐད་ཆེད་ལས་པའི་ཆུ་ཚད་ཡོད།
en-3 This user has advanced knowledge of English.
ch-2 This user has intermediate knowledge of Chamoru.
སྤྱོད་མིའི་སྐད་ཡིག་

བཀྲིས་བདེ་ལེགས།

ངོ་སྤྲོད་སྙིང་བསྡུས།

ངའི་མིང་ལ་སྐལ་བཟང་ཆོས་སྒྲོན་ཟེར།

ང་ནི་རྒྱ་ནག་གི་དྲག་པོའི་དབང་བསྒྱུར་དང་དམ་དྲག་གི་འོག་ནས། ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་མེད་པའི་དཀའ་སྡུག་གི་མུན་པ་ནག་པོའི་འོག་ནས་ཕྱི་ལོ་ ༢༠༠༩ ལོར་གངས་ལྗོངས་ཆོས་ལྡན་ཞིང་ནས་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་འབྱོར་ཞིང་། དེའི་རྗེས་བཙུན་དགོན་སྒྲོལ་མ་གླིང་གི་ཆོས་སྒོ་རུ་ཞུགས་ཏེ། བསླབ་པ་སློབ་གཉེར་གྱི་ལམ་ཕྱོགས་སུ་འབད་དང་བརྩོན་གྲུབ་ཡར་མ་བྲལ་བས་ནང་དོན་རིག་པའི་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་བྱེད་པའི་གོ་སྐབས་དང་། བོད་ཀྱི་རིག་གནས་སུམ་རྟགས་དག་གསུམ་དང་རྒྱལ་རབས་དང་རྟོགས་བརྗོད་སོགས་ལ་ཕྲན་བུ་སྦྱང་པའི་གོ་སྐབས་ཡང་ཐོབ།

གནའ་བོའི་གཞུང་ལུགས་ཙམ་མ་ཟད། དེང་རབས་ཀྱི་ཚན་རིག་དང་དབྱིན་སྐད་ལ་སོགས་པར་ཡང་ཕྲན་བུ་ཙམ་སྦྱངས་མྱོང་ཡོད།

ངའི་ས་གཞུང་།