Jump to content

སྤྱོད་མཁན།:སྐར་དབང་འོད་འཛིན་འཕྲིན་ལས་

ཡོང་ཁུངས་Wikipedia

ཚོགས་གླུ་༢ པ།

༆ ཨ་ཧོ༔ འོད་གསལ་སྤྲོས་དང་བྲལ་བ་ཡེ་ཤེས་ཀྱི་རོལ་མོ ༼རི་མོ༽། །གང་འདོད་སྒྱུ་འཕྲུལ་དྲྭ་བ་ཟུང་འཇུག་གི་བཀོད་པ། །

དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཚོ་སྐྱེས་ཀྱི་རྡོ་རྗེས། །སྤྱིར་སྣང་ཆོས་སྐུར་རྟོགས་པའི་བྱིན་ཆེན་ཞིག་ཕོབ་ཞིག ། ༼ཕོབས་ཤིག །༽

ཕྱི་རོལ་གནས་ཡུལ་དུར་ཁྲོད་གཞད་སྐད་ཀྱི་འདུ་བ་༼གཞལ་ཁང་གི༽། །ནང་དུ་རང་བྱུང་རྡོ་རྗེ་བདེ་འཁྱིལ་གྱི་ལྷ་ཚོགས། །

ཟག་མེད་བདེ་ཆེན་རྡོ་རྗེའི་ལངས་འཚོ་ཡིས་མཉེས་པས། །ཀུན་གཞི་སྣང་མཐའི་ཉམས་ཀྱི་ཟློས་གར་ཞིག་བསྒྱུར་མཛོད། ། ༼རླུང་གཞི་རྣམ་ལྟའི་/༽

འདིར་འདུས་ལས་སྨོན་མཐུན་པའི་མཆེད་ལྕམ་གྱི་ཚོགས་རྣམས། །བདེ་ཆེན་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ་རོལ་ཞིག །

འོག་མིན་པདྨ་འོད་ཀྱི་ཕོ་བྲང་གི་གྲོང་དེར་༼ཀློང་དུ༽། །ཚོམ་བུ་གཅིག་ཏུ་གྲུབ་པའི་སྨོན་ལམ་ཞིག་ཞུ་འོ། །

ཚོགས་གླུ་འདི་ དྲྭ་རྒྱ་གང་དུའང་མི་སྣང་བས་ བླ་མ་སུས་བརྩམ་དང་ དཔེ་དེབ་གང་ནས་བྱུང་ཤེས་ཐུབ་མི་འདུག་ རིག་འཛིན་འཇིགས་གླིང་དང་ དཔལ་སྤྲུལ་ཆོས་དབང་ ཡང་ན་འཇིགས་བྲལ་ཡེ་རྡོ་གང་རུང་གི་གསུང་ཡིན་སྲིད། གང་ལྟར་ཡང་བྱིན་རླབས་ཆེ་བར་སྣང་། ངས་སྒྲ་ཆས་ཅིག་ནས་བཤུས་པས་ དག་ཆ་ཞེ་དྲག་བྱུང་མ་སོང་ མཁས་དབང་ཚོས་ དག་བཅོས་གནང་ཡོང་བསམ་ནས་ wikipedia ལ་ བླུགས་པ་རེད་ འབྱུང་ན་དག་བཅོས་གནང་རོགས་ཞུ།