Jump to content

སྤྱོད་མཁན་གྱི་ བགྲོ་གླེང་།:བཙན་ཚ་དུང་དཀར་ཚེ་རིང་།

Page contents not supported in other languages.
བརྗོད་གཞི་ཁ་སྣོན།
ཡོང་ཁུངས་Wikipedia

༄༅།། བོད་ལ་སྤྲིངས་པ།                                     རྩོམ་པ་པོ། དུང་དཀར་ཚེ་རིང་།

ཁྱོད་ལ་མེད་པ་ཁོག་རྒྱ་ཡིན། ང་ལ་མེད་པ་སེམས་ཆུང་ཡིན། ང་གཉིས་མེད་པ་མཛའ་བརྩེ་ཡིན། ང་ཚོར་མེད་པ་འཆམ་མཐུན་ཡིན།

ཁྱོད་ལ་མེད་པ་སྙིང་སྟོབས་ཡིན། ང་ལ་མེད་པ་བྱ་སྤྱོད་ཡིན། ང་གཉིས་མེད་པ་ལེགས་གྲུབ་ཡིན། ང་ཚོར་མེད་པ་བྱ་གཞག་ཡིན།

ཁྱོད་ལ་མེད་པ་སྐད་གཙང་ཡིན། ང་ལ་མེད་པ་ཡིག་དྭངས་ཡིན། ང་གཉིས་མེད་པ་ལྷག་བསམ་ཡིན། ང་ཚོར་མེད་པ་སྤྱི་སྐད་ཡིན།

ཁྱོད་ལ་མེད་པ་ཤེས་བྱ་ཡིན། ང་ལ་མེད་པ་ལག་རྩལ་ཡིན། ང་གཉིས་མེད་པ་ཡར་བརྩོན་ཡིན། ང་ཚོར་མེད་པ་འཇོན་ཐང་ཡིན།

ཁྱོད་ལ་མེད་པ་གཞུང་དྲངས་ཡིན། ང་ལ་མེད་པ་ཡ་རབས་ཡིན། ང་གཉིས་མེད་པ་སྤྱོད་བཟང་ཡིན། ང་ཚོར་མེད་པ་རྒྱུན་འཛིན་ཡིན།

ཁྱོད་ལ་མེད་པ་བྱང་ཚད་ཡིན། ང་ལ་མེད་པ་ཆུ་ཚད་ཡིན། ང་གཉིས་མེད་པ་ཚད་གཞི་ཡིན། ང་ཚོར་མེད་པ་ཚད་འཛིན་ཡིན།

ཁྱོད་ལ་མེད་པ་འགན་འཁྲི་ཡིན། ང་ལ་མེད་པ་འདུ་ཤེས་ཡིན། ང་གཉིས་མེད་པ་མཉམ་བློ་ཡིན། ང་ཚོར་མེད་པ་རིགས་ཞེན་ཡིན།

ཁྱོད་ལ་མེད་པ་ལེགས་སྐྱེས་ཡིན། ང་ལ་མེད་པ་སྲི་ཞུ་ཡིན། ང་གཉིས་མེད་པ་ལ་རྒྱ་ཡིན། ང་ཚོར་མེད་པར་ནུས་ཤུགས་ཡིན།

ཁྱོད་ལ་མེད་པ་གསར་གཏོད་ཡིན། ང་ལ་མེད་པ་གསར་བློ་ཡིན། ང་གཉིས་མེད་པ་རིག་གསར་ཡིན། ང་ཚོར་མེད་པ་མདུན་སྐྱོད་ཡིན།

ཁྱོད་ལ་མེད་པ་བརྩེ་སེམས་ཡིན། ང་ལ་མེད་པ་དུང་སེམས་ཡིན། ང་གཉིས་མེད་པ་གཅེས་སེམས་ཡིན། ང་ཚོར་མེད་པ་བྱམས་སེམས་ཡིན།

ང་ཚོར་ཡོད་པ་སྐྱོབ་གསོ་ཡིན། ང་ཚོར་ཡོད་པ་བག་ཕེབས་ཡིན། ང་ཚོར་ཡོད་པ་འཁྲིག་འཛིན་ཡིན། ང་ཚོར་ཡོད་པ་ནང་འཁྲུག་ཡིན།

          2015.08.12ཉིན་བྲིས།

Start a discussion with བཙན་ཚ་དུང་དཀར་ཚེ་རིང་།

Start a discussion