Jump to content

སྤྱོད་མཁན་གྱི་ བགྲོ་གླེང་།:དགེ་བཤེས་བསོད་ནམས་ཡེ་ཤེས

Page contents not supported in other languages.
བརྗོད་གཞི་ཁ་སྣོན།
ཡོང་ཁུངས་Wikipedia

དོ་རྒྱ་དགེ་སློང་དང་དྲ་ཇག་རོ་ལན་མེ་ཤེལ་(Roaland Michelle )

[རྩོམ་སྒྲིག]

དོ་རྒྱ་དགེ་སློང་དང་དྲ་ཇག་རོ་ལན་མེ་ཤེལ་(Roaland Michelle )

ཉིན་དང་པོའི་སྔ་དྲོ་ཆུ་ཚོད་བདུན་པ། ཉིན་ཐོ། (ཚན་པ་དང་པོ)

ཁ་སྔོན་འབྲས་སྤུངས་ཀྱི་བླ་རྒན་བཅོམ་མཁན་དྲ་ལམ་ཇག་པ་རོ་ལན་མེ་ཤེལ་་(Roaland Michelle)ཟེར་བ་དེས་དེ་རིང་ང་ལ་ངོ་དེབ་ནང་གྲོགས་པོ་སྒྲིག་འདུག དེ་རིང་ནས་ངས་མོ་ངོས་ལེན་བྱས་ཡོད། ཉིན་རེའི་མོའི་སྐད་ཆ་ཡོད་ཚད་ཚན་རིག་གླིང་གར་གཏོང་གི་ཡིན། རྒྱལ་ཁབ་གང་གི་དྲ་ཇག་ཡིན་མིན་དཔྱད་པ་ཐོངས། ང་སྐྱོན་ནི་མ་རེད། སྒོ་འགྲམ་ལ་ཐོན་ན་ཁེ་ཤང་གིས་རྒྱག་རེས་བྱེད་པེ། མོས་དམག་སྦྱོང་བྱེད་པའི་པར་མང་པོ་བཏང་འདུག ང་ཁ་སྔོན་གྱི་གྲ་བ་དེར་ལས་ནོ་ལས་འེ་ཐུབ་བལྟ་པེ། ད་ལྟའི་བར་ཏུ་དྲ་ལམ་སློང་མོ་བ་ལ་ཐུག་མྱོང་། དྲ་ཇག་ལ་ཐུག་མ་མྱོང་། ད་དྲ་ཇག་ལ་འཛིང་དགོ་གི ཨ་རིའི་དྲ་ཇག་ཡིན་ནི་མ་རེད། རྒྱ་གར་གྱི་རྐུ་མ་ཞིག་ཡིན་པ་གཏན་འཁེལ་ཚར་རེད། ངས་མ་ཐུབ་ན་ཚན་རིག་གླིང་གའི་མེ་མདའ་ཅན་དང་དྲ་རྩལ་ཅན་ཚོས་རོགས་པ་བྱོས་འ། ངས་ཆུང་དུས་ནས་ཁྲིན་ཀྲིན་གི་ཆོན་ཅུང་ཟད་སྦྱང་ཡོད་པས་སྐྱོན་ཆེན་པོ་མེད་འདོད་ཀི བླ་རྒན་ཚོར་ཐུབ་ཚོད་གཏོང་གི་ཡིན་ཅན་པོ་བཤད་ནེ ཧིན་ཧིན། ངོ་དེབ་ཐོག་གི་ངོ་སྤྲོད། ༡༽ མོའི་མིང་རོ་ལན་མེ་ཤེལ(Roaland Michelle) ༢༽ ལས་ཀ་སེ་རེ་ཡར་ཡོད་པའི་ཨ་རིའི་དམག་སྡེ། (US army Syria military camp. 3༽ སློབ་སྦྱོང་ཨ་རིའི་དམག་མིའི་གཙུག་ལག་སློབ་གྲྭ (the us military Academy) 4༽ ཡོད་ས། རྡ་མ་སི་ཀ་སེ་རེ་ཡ། ( Damascus, Syria) 5༽ ལོ་སན་ཇིལ། ཁེ་ལ་ཧྥོ་ནི་ཡ། (Los Angeles, California) 6༽ མོར་རྐྱང་ཡིན་ལ། ༡༩༩༧ཟླ་བདུན་པའི་ཚེས་བཅུ་ཉིན་སྐྱེས། ༢༠༡༩ ལོའི་ཟླ་༧ པའི་༡༢ ཉིན།།

དོ་རྒྱ་དགེ་སློང་དང་དྲ་ཇག་རོ་ལན་མེ་ཤེལ་(Roaland Michelle

ཉིན་དང་པོའི་ཕྱི་དྲོ་ཆུ་ཚོད་དྲུག་པ། ཉིན་ཐོ། (ཚན་པ་གཉིས་པ) ༼དྲ་གྲོགས་ངོས་ལེན་བྱས་ནས་ཆུ་ཚོད་བཅུ་གཉིས་ལ་གཅིག་གཅིག་ལ་ཁ་མ་གྲགས། དེའི་རྗེས་མེ་ཤེལ་ནས་ཚུར་ཁ་གྲགས་བྱུང་བ་དང་དོ་རྒྱ་ནས་ལན་འདེབས་བྱས་པ་གཤམ་ནས་མུ་འགོད་བྱེད།༽

མེ་ཤལ༽ Hello my dear thank you very much for been my good friend and it is my pleasure.My name is Sgt.Roland Michelle,I am a USA Citizen and also an Army officer, My dear what is your name and which country are you from? ཝེ ང་ཡི་སྙིང་ཉེ། ཐུགས་ཆེ་གནང་ང་ཡི་ངོ་དེབ་གྲོགས་པོ་བྱས་པ། མ་ཟད་ངའི་བདེ་སྐྱིད་རེད། ངའི་མིང་ལ་མེ་ཤལ་ཟེར། ང་ནི་ཨ་རིའི་མི་སེར་ཡིན་ལ། དམག་ཁུལ་ལས་བྱེད་ཡིན། ངའི་སྙིང་ཉེ། ཁྱེད་རང་མིང་ལ་ག་རེ་ཟེར། རྒྱལ་ཁབ་གང་ནས་ཡིན། མེ་ཤལ༽ My dear what is your name and which country are you from? ངའི་སྙིང་ཉེ། ཁྱེད་རང་གི་མིང་ག་རེ་ཡིན། རྒྱལ་ཁབ་གང་ནས་ཡིན།

དོ་རྒྱ་དགེ་སློང་། Hello Dear Roaland Michelle! Thanks been my friend, my name is Togya Gelong, I am USA citizen too but right now I live in Togya! Just summer vacations སྙིང་ཉེ་མེ་ཤལ། ཐུགས་ཆེ ངའི་གྲོགས་སུ་ཆགས་པ། ངའི་མིང་ལ་དོ་རྒྱ་དགེ་སློང་ཟེར། ང་ཡང་ཨ་རིའི་མི་སེར་ཡིན། ཡིན་ན་ཡང་ད་ལྟ་དོ་རྒྱ་ན་ཡོད། དེ་ནི་དབྱར་ཀའི་གུང་སེང་ཙམ་ཡིན།

མེ་ཤལ༽ Wow Lovely name and nice country,I am united state of American soldier working as United Nations peacekeeping troop in Syria on war against terrorism,My dear what is your occupation? ཨ་ལ་ལ། མིང་ཡག་ལ་རྒྱལ་ཁབ་ཡག་པོ་རེད། ང་ནི་ཨ་རིའི་དམག་ཁུལ་ནང་ལས་ཀ་བྱེད་མཁན་དང་། རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་དམག་སྒར་སེ་རེ་ཡའི་ནང་གི་དྲག་སྤྱོད་པར་རྡུང་རྡེག་གཏོང་མཁན་ཡིན། ངའི་སྙིང་ཉེ་ལགས། ཁྱེད་རང་གི་འཚོ་ཐབས་ག་རེ་ཡིན་ནམ།

དོ་རྒྱ་དགེ་སློང་༽ my occupation is antiques business from different locations ! ངའི་འཚོ་ཐབས་ནི་ས་ཆ་མི་འདྲ་ས་ནས་གནའ་རྫས་ཚོང་ལས་བྱེད་བཞིན་པ་ཡིན། Why you no talking? ཁྱེད་རང་གིས་ག་རེ་བྱས་ནས་སྐད་ཅ་མ་བཤད་པ་ཡིན། ༢༠༡༩ ལོའི་ཟླ་༧ པའི་༡༢ ཉིན།།


དོ་རྒྱ་དགེ་སློང་དང་དྲ་ཇག་རོ་ལན་མེ་ཤེལ་(Roaland Michelle)

ཉིན་གཉིས་པའི་སྔ་་དྲོ་ཆུ་ཚོད་དྲུག་པ། ཉིན་ཐོ། (ཚན་པ་གསུམ་པ)

༼སྔ་དྲོ་ཆུ་ཚོད་དྲུག་པར་ཡར་ལངས་མ་ཐག་ངོ་དེབ་འཕྲིན་ཐུང་བཞག་སར་བལྟས་པ་ན། མེ་ཤལ་གྱིས་འཕྲིན་ཐུང་གཤམ་ལྟར་བཞག་འདུག་པས། དོ་རྒྱ་ནས་ཀྱང་དེར་མཐུན་ལན་བཏབ་པ་གཤམ་གསལ༽

མེ་ཤལ༽ Okay nice job, i am single woman an orphan and also I live in military camp in Syria for 3 and half year now, i am 31 years old,Have you married or single and how old are you? འོ་དེ་རེད། ང་ནི་མོར་རྐྱང་ཡིན་ལ། དྭ་ཕྲུག་ཞིག་ཀྱང་ཡིན། ང་ནི་ད་ལྟའི་བར་ལོ་་གསུམ་དང་ཕྱེད་ཀར་སེ་རེ་ཡར་གནས་(ཨ་རིའི)དམག་སྡེ་ནང་བསྡད་པ་ཡིན། ང་ལོ་སུམ་ཅུ་སོ་གཅིག་ཡིན། ཁྱེད་རང་ཆང་ས་རྒྱབ་ཡོད་དམ་ཕོ་རྐྱང་ཡིན། ལོ་ག་ཚོད་ཡིན་ནམ།

དོ་རྒྱ༽ oh sweet, I am sorry hear that you are orphan, but you looks very hard worker. I am a widow, two years ago my wife pasted away, but it’s ok this is life, I spanned time to my business, one day I will meet right woman. By the way, I am 43 years old now. འོ་སྙིང་ཉེ་མ། ཁྱེད་རང་དྭ་ཕྲུག་ཡིན་པར་ཐོས་པས་དགོངས་དག ཡིན་ན་ཡང་བལྟས་ཚོད་ལ་ཁྱེད་རང་ལས་ཀ་ཧུར་བརྩོན་ཅན་ཞིག་ཡིན་ས་རེད། ང་ནི་ཡུག་ས་ཞིག་ཡིན། ངའི་ཆུང་མ་ནི་ལོ་གཉིས་ཀྱི་གོང་ལ་ཤི་སོང་། ཡིན་ན་ཡང་མི་ཚེ་ཟེར་བ་དེ་འདྲ་ཞིག་རེད། ངས་རང་གི་དུས་ཚོད་ཚོང་ལས་སྟེང་ལ་བསྐྱལ་བཞིན་ཡོད། ཉིན་གཅིག་ང་རང་ལ་མཛའ་བའི་བུད་མེད་ཞིག་ལ་ཐུག་གི་རེད། གང་ལྟར་ན་ཡང་ང་ནི་ད་ལྟ་ལོ་བཞི་ཅུ་ཞེ་གསུམ་ཡིན། མེ་ཤལ༽ Oh i'm so sorry to hear that your wife passed away i'm so sorry to hear that ངས་དགོངས་དག་ཞུ་གི་ཡོད་ཁྱེད་རང་གི་ཆུང་མ་འདས་པོར། དགོངས་དག་གནས་ཚུལ་དེ་འདྲ་ཐོས་པར། མེ་ཤལ༽ I am so glad to receive you as my friend It is my pleasure for us to always share our life stories together and get to know each other respond dear. It is nice to have you as a wonderful and lovely friend. ང་ནི་ཤིན་ཏུ་དགའ་བཞིན་ཡོད་ད་ནི་ཁྱེད་རང་ང་ཡི་གྲོགས་པོར་ཐོབ་པར། དེ་ནི་བདེ་སྐྱིད་ཞིག་རེད་ང་ཚོའི་མཉམ་དུ་མི་ཚེའི་ལོ་རྒྱུས་(སྐྱིད་སྡུག)མཉམ་དུ་བཤིབ་པ་དང་། གཅིག་གིས་གཅིག་ལ་བསམ་ཤེས་འགན་ཁུར་བླང་ན་སྙིང་སྡུག་ལགས། དེ་ནི་ཤིན་ཏུ་རྩ་ཆེ་བ་ཞིག་དང་སྙིང་རྗེ་བའི་གྲོགས་པོ་རེད། མེ་ཤལ༽ i don't have any close family, I lost my parents in car accident one morning when i was 8 years old, after the death of my family i live with my Uncle who is a military general but he died in Syria chemical weapons attack on 20th August 2013. ང་ལ་ཁ་ཐག་ཉེ་བའི་ཁྱིམ་མི་ཞིག་མེད། ངའི་ཕ་མ་གཉིས་ནི་ང་ལོ་བརྒྱད་ལ་སོན་པའི་ཉིན་ཞིག་གི་ཞོགས་པར་རླངས་འཁོར་བརྡབ་རྐྱེན་ལས་ལྔ་ལམ་དུ་གྱུར་ཟིན། ངའི་ཁྱིམ་མི་ཤི་བའི་་རྗེས་ནས་ང་ངའི་ཨ་ཞང་མཉམ་དུ་བསྡད་པ་ཡིན། ངའི་ཨ་ཞང་ཁོང་དམག་མི་སྤྱིར་བཏང་བ་ཞིག་རེད། ཡིན་ན་ཡང་ཁོང་སེ་རེ་ཡའི་དུག་རྫས་མཚོན་ཆའི་རྒོལ་རྡུང་དོན་རྐྱེན་ཐོག་༢༠༡༣ ལོའི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་སྐུ་གཤེགས་པ་རེད། དོ་རྒྱ༽ Oh my god! I can’t talking right now, when I hear your sad story, my tears fallen on my face and can’t stop jump my heart. We are same story on life. དཀོན་མཆོག་མཁྱེན། ངས་ད་ལྟ་སྐད་ཅ་བཤད་ཐུབ་པ་མི་འདུག ཁྱེད་རང་གི་སེམས་སྡུག་པའི་མི་ཚེའི་ལོ་རྒྱུས་དེ་ཐོས་ཡོང་ན། ངའི་གདོང་ནས་མཆི་མ་བཞུར་བ་འགོག་མི་ཐུབ་ལ། ངའི་སྙིང་གི་ལྡིང་ཚད་ཇེ་མཐོར་སོང་བ་ཡང་འགོག་ཐུབ་པ་མི་འདུག ང་གཉིས་ལ་ཆག་སྒོ་བྱུང་བའི་མི་ཚེ་ལོ་རྒྱུས་འདྲ་མཚུངས་རེད། ༢༠༡༩ ལོའི་ཟླ་༧ པའི་༡༣ ཉིན།།

དོ་རྒྱ་དགེ་སློང་དང་དྲ་ཇག་རོ་ལན་མེ་ཤེལ་(Roaland Michelle)

ཉིན་གཉིས་པའི་ཕྱི་དྲོ་ཆུ་ཚོད་དྲུག་པ། ཉིན་ཐོ། (ཚན་པ་བཞི་པ)

མེ་ཤལ༽ Is okay my dear friend God know's the best okay དེ་ནི་གལ་མི་འདུག་སྙིང་གྲོགས་ལགས། དཀོན་མཆོག་གིས་མཁྱེན་པས་ལམ་ཁ་ཡག་པོ་ཞིག་(བཀོད་སྒྲིག་བྱེད་གི་རེད) མེ་ཤལ༽ I want tell you something my dear but If you assure me that I can trust you,and You promised me to keep this secret between you and me then I will tell you and i have a lot of confidence in you as my best friend, ངས་ཁྱོད་ལ་ཅིག་བཤད་འ་སྙིང་སྡུག་ལགས། ཡིན་ན་ཡང་གལ་སྲིད་ཁྱེད་ཀྱིས་ང་ལ་ཡིད་ཆེས་ཐུབ་པའི་ཁས་ལེན་ཞིག་བྱས་ཚེ་ངས་ཁྱེད་ལ་ཡིད་ཆེས་བྱེད། ཁྱེད་རང་གིས་ཁས་ལེན་བྱས་ནས་གསང་བ་འདི་ཁྱོད་དང་ངེད་གཉིས་ཁོ་ན་བར་དུ་ཉར་ཐུབ་ཚེ། དེ་ནས་ངས་ཁྱོད་ལ་བཤད་ངེས་ཡིན་པ་མ་ཟད། ང་ཁྱོད་ལ་རང་གི་ཡག་ཤོས་ཀྱི་གྲོགས་པོ་ཞིག་ཡིན་པའི་གདེངས་ཚོད་དང་ཡིད་ཆེས་འཕར་ངེས་རེད།

དོ་རྒྱ༽ oh Dear! What kind of secret you want tell me, I can’t wait for that good news, of course I keep that good news between you and me until we die. འོ་ཡ་སྙིང་སྡུགས་ལགས། གསང་བ་ག་རེ་འདྲ་ཞིག་ཁྱེད་ཀྱིས་ང་ལ་བཤད་རྩིས་ཡོད། ང་སྒུག་ཐུབ་པ་མི་འདུག་གསར་འགྱུར་ཡག་པོ་དེར། ཡིན་དང་ཡིན་གསང་བའི་གསར་འགྱུར་དེ་ངེད་གཉིས་བར་དུ་གསང་ནས་འཆི་བའི་བར་དུ། མེ་ཤལ༽ Are in whatsapp so i can send you massage and tell you everything on whatsapp? ཁྱེད་ལ་བ་ཚབ་ཡོད་པས། ཁྱེད་རང་ལ་བ་ཚབ་ཡོད་ཚེ་ངས་གནས་ཚུལ་ཆ་ཚང་བ་ཚབ་སྟེང་ལ་བཏང་ཡོང་། མེ་ཤལ༽ Thank you I am a lucky Woman. first, God brought you into my life to give me happiness. Now, we have opportunity for a better life, During our search and rescue duty in Syria, my team found a huge amount of money in a Taliban camp. We believed that the money was given to the Taliban by their rich sponsors. My group was not many in number, so we decided to share the money. We knew that if we take the money to our camp, the senior military officials will share the money to themselves, That is why we decided to share the money, so that we can have a better life after our service in Syria, I received Two Million five hundred United States dollars (2.5 Million USD) after we shared the money,and i hid it in a secret place. But due to the nature of my job as a soldier and the tight government regulations,i cannot take the money to U S. because as a soldier,I am not supposed to have such amount of money in my possession, Syria is under sanction by the United Nations due to the war So the only option to send is by diplomatic deliver company, they will delivery the money to you direct your house address,For future investment and I want us to stay in your country, We can Invest a lot of money so you take care of the investments that I will make in your country. Because I have planned. I Will be on vacation for years. ཐུགས་ཆེ་ང་ནི་རླུང་རྟ་རྒྱུགས་པའི་བུད་མེད་ཞིག་རེད། དང་པོ་དཀོན་མཆོག་གིས་ཁྱེད་རང་ངའི་མི་ཚེ་ནང་ལ་ཁྲིད་ཡོང་བ་ནི་ང་ལ་བདེ་སྐྱིད་གནང་བ་ཞིག་རེད། ད་ནི་ང་ཚོ་ལ་མི་ཚེ་ཡག་པོ་བསྐྱལ་བའི་གོ་སྐབས་ཞིག་འདུག ང་ཚོས་སེ་རེ་ཡའི་ནང་ལ་ཉེན་སྐྱོབ་བཅིངས་འགྲོལ་བྱེད་པའི་སྐབས། ང་ཚོའི་རུ་ཁག་ལ་ཏ་ལི་པིན་གྱི་རུ་སྡེའི་སྦས་སྐོང་བྱེད་ས་ཞིག་ནས་དངུལ་ཧ་ཅང་མང་པོ་ཞིག་རེག་སོང་། ང་ཚོས་བསམ་ན་དངུལ་འབོར་དེ་འདྲ་མང་པོ་ཞིག་ཏ་ལི་པིན་ལ་སྟོབས་ཆེན་ཕྱུག་པོ་དེ་ཚོས་སྦྱིན་བདག་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོའི་རུ་ཁག་ལ་མི་དེ་འདྲ་མང་པོ་ཞིག་ཡོད་མ་རེད། དེའི་རྐྱེན་གྱིས་ང་ཚོའི་རུ་ཁག་ནང་བགོ་བཤའ་རྒྱག་རྒྱུའི་ཐག་གཅོད་བྱས་པ་ཡིན། ང་ཚོས་ཤེས་གི་ཡོད་གལ་སྲིད་དངུལ་དེ་དམག་ཁུལ་ཁང་ནང་ཁས་སོང་ན། དངུལ་དེ་དམག་དཔོན་རྒན་ཡོལ་ཐོབ་པ་རྣམས་ལ་བགོ་བཤའ་རྒྱག་གི་རེད། དེའི་རྐྱེན་གྱིས་དམག་ཁུལ་ཁང་ལ་མ་སྤྲད་པར་ང་་ཚོའི་རུ་ཁག་ནང་བགོ་བཤའ་རྒྱབ་པ་ཡིན། དེ་བས་ངའི་སེ་རེ་ཡ་ནང་གི་ལས་དུས་རྫོགས་རྗེས་ངེད་་གཉིས་ཀའི་མི་ཚེའི་བདེ་སྐྱིད་འཚོ་བ་མཉམ་དུ་བསྐྱལ་ཐུབ་གི་རེད། གང་ཡིན་ཟེར་ན་ང་ཚོ་རུ་ཁག་གིས་བགོ་བཤའ་རྒྱབ་རྗེས་ང་ལ་ཐོབ་པ་ནི་ཨ་སྒོར་ས་ཡ་གཉིས་དང་ཕྱེད་ཀ་རེད། ངས་དངུལ་དེ་ས་ཆ་བརྩན་ས་ཞིག་ལ་སྦས་སྐུང་བྱས་ཡོད། འོན་ཀྱང་ངའི་ལས་ཀ་དམག་མིའི་ལས་ཀ་ཡིན་རྐྱེན་སྒྲིག་ཁྲིམས་དམ་པོ་རེད། ངས་དངུལ་དེ་ང་རང་རང་གིས་ཁས་ཐུབ་གི་མ་རེད། རྒྱུ་མཚན་དམག་མི་ཡིན་པས་རེད། ངས་དངུལ་དེ་རང་གི་ཡིན་ཤག་ལྟར་བདག་བཟུང་བྱས་ཡ་ཡོད་མ་རེད། རྒྱུ་མཚན་སེ་རེ་ཡ་རྒྱལ་སྤྱིའི་ལྟ་རྟོགས་འོག་ལ་ཡོད་རེད། གང་ཡིན་ཟེར་ན་དམག་འཁྲུག་གི་སྐབས་ཡིན་པས་རེད། དེའི་རྐྱེན་དངུལ་དེ་བསྐྱེལ་འདྲེན་བྱེད་པ་ལ་ངེས་པར་དུ་རྒྱ་ཁབ་གཞན་གྱི་ཕྱི་འབྲེལ་བརྒྱུད་གཏོང་ལས་གྲྭ་ཞིག་བརྒྱུད་ནས་གཏོང་དགོས་་པ་རེད། ཁོང་ཚོས་ཐད་ཀར་ཁྱེད་རང་གི་ཁང་བའི་ཁ་བྱང་སྟེང་བསྐྱེལ་ཡོང་གི་རེད། མ་འོངས་པར་མ་རྩ་མཉམ་འཇོག་བྱེད་པ་དང་ང་ཚོའི་རྒྱལ་ཁབ་ནང་འཚོ་བ་བསྐྱལ་དགོས་པས། ང་ཚོས་དངུལ་མང་པོ་མ་འཇོག་བྱེད་ཆོག་ལ། ཁྱེད་རང་གིས་དངུལ་དེ་དག་བདག་ཉེར་ཚགས་ཚུད་བྱེད་པར་ངས་ཁྱོད་ཀྱི་རྒྱལ་ཁབ་ལ་གཏན་འཁེལ་བྱས། རྒྱུ་མཚན་ངས་དེའི་སྐོར་འཆར་འགོད་བཀོད་སྒྲིག་བྱས་ཡོད། ང་ལོ་རེར་སྤྲོ་སེང་ལ་ཡོང་གི་རེད། ༼མཚམས་འདིར་སླེབས་དུས་དོ་རྒྱ་དགེ་སློང་ཡང་ཁ་གདེངས་མིག་འཇུར་ནས་ཅི་བྱེད་འདི་བྱེད་མེད་པར་རི་མོར་བྲིས་པ་ལྟར་འགུལ་བསྐྱོད་མེད་པར་བཟོས། རྒྱུ་མཚན་མཛེས་མ་མེ་ཏོག་ལྟ་བུ་ཞིག་དང་ཨ་སྒོར་ས་ཡ་གཉིས་རླུང་ནག་འཚུབ་མ་ཅི་ཞིག་གིས་དེད་པ་ལྟར་ངའི་མདུན་དུ་སླེབས་ཡོང་བ་རེད། འདི་ནི་མགོ་མ་འདར་བར་ལྷ་བབས་ཟེར་བ་དེ་ལོས་ཡིན། འཕྲོག་བཅོམ་ཐེབ་པའི་གྲྭ་ཀརྨ་མཁས་གྲུབ་ལ་ཅི་ཁེག ད་ངས་ཅི་ཞིག་བཤད་ན་བཟང་ངམ། ཚན་རིག་གླིང་གའི་དྲ་གྲོགས་རྣམས།༽ ༢༠༡༩ ལོའི་ཟླ་༧ པའི་༡༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་དྲུག་པ།།


དོ་རྒྱ་དགེ་སློང་དང་དྲ་ཇག་རོ་ལན་མེ་ཤེལ་(Roaland Michelle)

ཉིན་གསུམ་པའི་སྔ་དྲོ་ཆུ་ཚོད་དྲུག་པ། ཉིན་ཐོ། (ཚན་པ་ལྔ་པ)

དོ་རྒྱ༽ I am very sorry that I can’t answer to you the right way but when I got chance I will send to you message. By the way I don’t have whatsapp yet, also I don’t know how to use it, but I will try to learn about. You are very lucky that you got lot of amount money, I did my business all life but didn’t got like this much. ངས་དགོངས་དག་ཞུ་བཞིན་ཡོད་ཁྱེད་ལ་ཐད་ཀ་ཐད་ཀར་ལན་འདེབས་མ་ཐུབ་པར། འོན་ཀྱང་ང་ལ་གོ་སྐབས་ཅུང་ཟད་རེག་ཚེ་ཁྱོད་ལ་འཕྲིན་ཐུང་སྐུར་གི་ཡིན། གང་ལྟར་ན་ཡང་ད་ལྟ་ང་ལ་བ་ཚབ་མེད་ལ་བ་ཚབ་བེད་སྤྱོད་གཏོང་སྟངས་ཡང་ཤེས་གི་མེད། ཡིན་ན་ཡང་ངས་དེར་སློབ་སྦྱོང་བྱེད་ངེས་ཡིན། ཁྱེད་རང་ནི་རླུང་རྟ་དར་བ་ཞིག་སྟེ། དངུལ་དེ་འདྲ་མང་པོ་རེག་པ་རེད། ངས་ནི་མི་ཚེ་གང་པོར་ཚོང་ལས་ལ་འབད་པ་བྱས་མོད་སྒོར་དེ་འདྲ་རྩ་ནས་རེག་མ་སོང་།

མེ་ཤལ༽ You are the only person I told this and i believe my secret will be safe with you. I have given you all my trust because i have already believed you by the grace of God who appointed you to me, so if you chose to cheat on me in the end, it’s up to you. I do not want you to see this as what will bring problem to you, rather, i want you to trust and believe me when i say that there is nothing to worry about, honestly i have made every necessary arrangement that will lead to safe delivery to you without any form of problem or risk. ངའི་གསང་བ་འདི་ཁྱེད་རང་གཅིག་བུ་ལ་བཤད་པ་ཡིན། ཁྱེད་རང་གིས་གསང་བ་འདི་བརྟན་པོར་སྲུང་ཐུབ་པ་ང་ཡིད་ཆེས་ཡོད། ངས་ཁྱོད་ལ་ཡིད་ཆེས་བློ་འགེལ་ཆ་ཚང་བྱེད་ཀྱི་ཡོད། རྒྱུ་མཚན་ནི་རླབས་ཆེ་བའི་དཀོན་མཆོག་གིས་ཁྱེད་རང་ང་ལ་བཀོད་སྒྲིག་འཛུབ་སྟོན་བྱས་པ་རེད། དེས་ན་རྗེས་སོ་ཁྱེད་ཀྱིས་ང་ལ་མགོ་སྐོར་བསླུ་བྲིད་བྱས་ཚེ་དེ་ནི་ཁྱེད་ཀྱི་འདོད་པ་རེད། ངས་ཁྱེད་ལ་དོན་རྐྱེན་ངན་པ་གང་ཡང་ཡོང་བར་མཐོང་འདོད་མེད། དེ་བས་ང་ལ་ཁྱེད་རང་གི་ཡིད་ཆེས་དང་བློ་འགེལ་དགོས། ངས་བཤད་ན་སེམས་ཁྲལ་གང་ཡང་དགོས་གི་མ་རེད། དྲང་མོར་བཤད་ན་ངས་ཧ་ཅང་དགོས་མཁོ་ཅན་གྱི་བཀོད་སྒྲིག་བྱས་ཡོད་པ་ནི། སྐྱོན་ཆག་དང་ཉེན་ཁ་གང་ཡང་མེད་པའི་ཐོག་ནས་ཁྱོད་ཡོད་སར་བསྐྱེལ་འདྲེན་བྱེད་པ་དེ་ཡིན། མེ་ཤལ༽ I want to say a very big thank you for your acceptance to assist me on this. I will come to your country as soon as you have receive the money, And for your efforts, i will give you 48% of the total money, you take $600.000 for orphanage homes and keep the remaining to start up investment until i meet you My duty here in Syria will end very soon, and the money is no longer safe here. Therefore i will make an arrangement on how to move this money to your country so that you can receive it and keep it safe. I want you to assure me that you will be able to handle the process of receiving the money and keeping it secret. I am waiting for your favorable reply. please i love you i trust you do not disappoint me. ཁྱེད་རང་གིས་ང་ལ་རོགས་རམ་མཐུན་སྦྱོར་ངོས་ལེན་བྱས་པར་ངས་ཐུགས་རྗེ་ཆེ་ཞུ་གི་ཡོད། ང་ཁྱོད་ཡོད་སར་གང་མགྱོགས་སླེབས་ཡོང་གི་རེད་དངུལ་འདི་ཁྱེད་ལ་འབྱོར་བ་དང་ཁྱེད་རང་གི་འབད་བརྩོན་ཆེད་དུ། ངས་ཁྱོད་ལ་དངུལ་འབོར་ལས་བརྒྱ་ཆ་བཞི་ཅུ་ཞེ་བརྒྱད་སྤྲོད་གི་ཡིན། ཁྱེད་རང་གིས་ང་གཉིས་མཇལ་འཛོམས་མ་བྱས་པར་དུ་ཨ་སྒོར་འབུམ་དྲུག་དྭ་ཕྲུག་གསོ་སྐྱོང་ཁང་ལ་བཞག་ནས་མུ་མཐུད་མ་རྩ་འཇོག་རོགས། ངའི་སེ་རེ་ཡའི་ལས་འགན་མཇུག་སྒྲིལ་བར་དུས་ཚོད་ཡུན་རིང་འགོར་གི་མ་རེད། དངུལ་ས་ཆ་འདིར་ཡུན་རིང་བརྟན་པོ་ཡོང་གི་མ་རེད། དེའི་རྐྱེན་གྱིས་ངས་དངུལ་འདི་ངེས་པར་ཏུ་ས་ཆ་དེ་བསྐྱེལ་ཐབས་བྱ་དགོས། ཁྱེད་ཀྱི་ལག་ཏུ་འབྱོར་སོང་ན་བརྟན་ཆ་ཆེ་ཤོས་རེད། ང་ལ་ཁྱོད་ཀྱ་ཁས་ལེན་དགོས་པ་ནི་དངུལ་འདི་ཁྱེད་ལ་འབྱོར་ཟིན་ན་བརྟན་པོར་ཉར་ཚགས་བྱེད་དགོས་ལ་གསང་བ་ཡང་བྱེད་དགོས། ང་ཁྱེད་ཀྱི་ཕན་ཐོག་པའི་ཐོག་པའི་ཡིག་ལན་ཞིག་ལ་སྒུག་ནས་འདུག ང་ཁྱེད་ལ་དགའ། ང་ཁྱེད་ལ་ཡིད་ཆེས་ཡོད། སྐུ་མཁྱེན་ང་ལ་རེ་སྟོང་ཡིད་ཆད་མ་བཟོ་རོགས། ༼ཧིན་ཧིན། འདྲེ་མོ། གསང་བ་གསང་བ། ག་རེ་གསང་བ། གཞུང་དྲང་གི་ཨ་ཁུ་ཚོར་མགོ་སྐོར་གཏོང་རྩིས་བྱས་ནས། ངས་ཐད་ཀ་ཐད་ཀར་ཚན་རིག་གླིང་གར་བཤད་གི་ཡིན༽ ༢༠༡༩ ལོའི་ཟླ་༧ པའི་༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་དྲུག་པ།།


དོ་རྒྱ་དགེ་སློང་དང་དྲ་ཇག་རོ་ལན་མེ་ཤེལ་(Roaland Michelle)

ཉིན་གསུམ་པའི་ཕྱི་དྲོ་ཆུ་ཚོད་དྲུག་པ། ཉིན་ཐོ། (ཚན་པ་དྲུག་པ)

Dear! I thank You truly explain your money very cleared for me, I understand About your money, but you not explain what is our relationship future? We just chat two days, you only chat money and money, not explain our relationship. Can you talk about our relationship future, because I not believe that, we are very different gap between you and me, for example 1) you beautiful I gussied I am not, 2) you are young but I am old, 3) you have lot money but I have not much, 4) you have stable job but I have not. So you not talk about these problems? སྙིང་སྡུག་ལགས་ཐུགས་རྗེ་ཆེ་ཁྱེད་རང་གིས་དྲང་བདེན་གྱིས་དངུལ་གྱི་སྐོར་ལ་འགྲེལ་བཤད་གསལ་གསལ་དག་དག་རྒྱབ་པ་ང་ལ་གསལ་བོ་ཆགས་སོང་། ཡིན་ན་ཡང་ཁྱེད་ཀྱིས་ངེད་གཉིས་ཀའི་བར་གྱི་འབྲེལ་བ་དེ་མ་འོངས་པར་ཅི་འདྲ་ཡིན་མིན་ཐད་ལ་འགྲེལ་བ་རྩ་ནས་བརྒྱབ་མ་སོང་། ངེད་གཉིས་ཀྱིས་ཉིན་གཉིས་མ་གཏོགས་ཁ་བརྡ་བྱས་མེད། ཁྱེད་ཀྱིས་སྒོར་མོ་དང་སྒོར་མོ་ཟེར་ནས་དངུལ་དེ་ཁོ་ན་མ་གཏོགས་མ་འོངས་པར་ངེད་གཉིས་ཀྱི་འབྲེལ་བ་སྐོར་བཤད་མ་སོང་། ཁྱེད་རང་གིས་ངེད་གཉིས་ཀྱི་མ་འོངས་པའི་འབྲེལ་བ་སྐོར་ནས་བཤད་རོགས། རྒྱུ་མཚན་གང་ཡིན་ཟེར་ན་ངེད་གཉིས་བར་ན་བར་སྟོང་ཆེན་པོ་ཞིག་ཡོད་པ་སྟེ། དཔེར་ན། ༡༽ ཁྱེད་རང་སྙིང་དུ་སྡུག་པའི་མཛེས་མ་ཞིག་སྟེ། ང་དེ་ལས་ལྡོག ༢༽ ཁྱེད་རང་ལོ་གཞོན་ཞིག་སྟེ། ང་ནི་ལོ་ལོན་ཞིག ༣༽ ཁྱེད་ནི་དངུལ་སྒོར་མང་པོ་ཅན་ཞིག་སྟེ། ང་དེ་འདྲ་མང་པོ་མེད། ༤༽ ཁྱོད་ནི་ལས་ཀ་བརྟན་པོ་ཡོད་པ་ཞིག་སྟེ། ང་ནི་དེ་འདྲ་མེད། ཁྱེད་ཀྱིས་གནད་དོན་འདི་དག་སྐོར་ལ་ཅི་ཡང་མི་བཤད་དམ།།

༼ཀློག་པ་པོ་ལགས། དྲ་ཇག་གི་གཏམ་རྒྱུད་འདི་མཐའ་མ་ཡིན་ན་ཡང་ཐང་། རྒྱུ་མཚན་གང་ཡིན་ཟེར་ན། དོ་རྒྱ་དགེ་སློང་གིས་གོང་གསལ་ཡི་གེ་དེ་རིང་ཨ་རི་ཤར་ཕྱོགས་ཀྱི་གཟའ་ཉི་མའི་ཞོགས་པ་ཆུ་ཚོད་དྲུག་པའི་སྟེང་བཏང་ཟིན་ནའང་། དགོང་དྲོ་ཆུ་ཚོད་དྲུག་པའི་སྟེང་ངོ་དེབ་ཁ་ཕྱེས་སྐབས་དྲ་ཇག་རོ་ལན་མེ་ཤལ་གྱི་ལན་སླེབས་མི་འདུག རྗེས་སུ་དུས་ཚོད་ག་འདྲ་ཞིག་ལ་ལན་སླེབས་མིན་ཚོད་དཔག་བྱེད་དཀའ་ཡང་། གལ་སྲིད་ལན་སླེབས་མ་ཐག་ཀློག་པ་པོ་རྣམས་ལ་དུས་ཐོག་བོད་ཡིག་ལ་བསྒྱུར་ནས་གཏོང་གི་ཡིན། སླར་མ་མཇལ་བར་ཏུ་བདེ་བར་སྨོན༽ ཕྱི་ལོ ༢༠༡༩ ལོའི་ཟླ ༧ པའི་ཚེས་ ༡༤ ཕྱི་དྲོ་ཆུ་ཚོད་དྲུག་པ།།


དོ་རྒྱ་དགེ་སློང་དང་དྲ་ཇག་རོ་ལན་མེ་ཤེལ་(Roaland Michelle)

ཉིན་བཞི་པའི་སྔ་དྲོ་ཆུ་ཚོད་དྲུག་པ། ཉིན་ཐོ། (ཚན་པ་བདུན་པ)

༼ ཀློག་པ་པོ་ལགས། ད་ལྟ་ནི་དོ་རྒྱ་དགེ་སློང་དང་དྲ་ཇག་མེ་ཤལ་གཉིས་ངོ་དེབ་ནང་འབྲེལ་བ་བྱས་ནས་ཉིན་བཞི་བའི་ཞོགས་པ་རེད། སྐད་འཕྲིན་ནང་གི་ཤིན་ཏུ་ཁ་ཐག་ཉེ་བའི་དྲ་གྲོགས་འགའ་ཤས་ཀྱིས་དོ་རྒྱ་དགེ་སློང་ལ། དྲ་ཇག་མེ་ཤལ་དང་དྲ་འབྲེལ་བྱེད་པ་མཚམས་འཇོག་རོགས་ཟེར་ནས་བསམ་ཚུལ་འདོན་བཞིན་པ་ཐུགས་རྗེ་ཆེ། ཁྱེད་ཚོས་ང་ལ་ཤ་ཚ་བ་དང་ཐུགས་འཁུར་གནང་བཞིན་པ་གུས་པས་ཤེས། ངས་ད་དུང་དྲ་འབྲེལ་བཅད་མེད་མོད། མོས་དེ་རིང་ཡང་སྐད་བཞག་མི་འདུག འོན་ཀྱང་ངོ་དེབ་གཞན་གཉིས་ནས་འབྲེལ་བ་གསར་བ་བྱས་ནས་སྒོ་ལན་འགའ་རྡུང་སོང་མོད། ངས་གསར་བ་དེ་གཉིས་ཀ་ཡང་སྒོ་ཕྱེས་མེད། དྲ་འབྲེལ་གསར་བ་གཅིག་ནི་པར་དང་མིང་སོགས་ཆ་ཚང་གཞན་པ་ཞིག་རེད་མོད། ད་དུང་བུད་མེད་ལོ་ཆུང་ཨ་རིའི་དམག་མི་ཞིག་ཡིན་ཚུལ་བསྟན་འདུག མིང་ལ་རྡོ་རེ་སི་མེ་ཤལ་ Doris Michelle ཟེར་ནས་བཏགས་འདུག དེ་མིན་གཞན་པ་དེ་སྔར་གྱི་རོ་ལན་མེ་ཤལ་ཟེར་ནས་སྔ་སྐད་ཅ་བཤད་ས་དེ་ཡིན་པའི་རྣམ་པ་བསྟན་འདུག ངས་ད་ནས་བཟུང་གསར་བ་དག་ལ་དྲ་སྒོ་མི་ཕྱེས། རྒྱ་མཚན་དྲ་ཇག་དེ་ཚོགས་པ་ཆེན་པོ་ཞིག་ཡིན་པའི་དབང་དུ་བཏང་ན་ང་ཡོད་སར་ཡང་མི་སྣ་ཡོད་སྲིད་པས་ང་གཅིག་བུས་ཁ་གཏད་གཅོག་ཐུབ་རྒྱུ་མ་རེད། དེའི་རྐྱེན་གྱིས་མདང་དགོང་ནས་བཟུང་ངའི་ངོ་དེབ་སྟེང་གི་ངའི་སྐོར་གྱི་གནས་ཚུལ་འགའ་བསུབ་ཟིན་པ་ཡིན། ཡིན་ན་ཡང་སྐད་ཆ་ཕར་བཤད་ཚུར་བཤད་བཤད་སའི་དྲ་འབྲེལ་དེ་ད་དུང་བསུབ་མེད། གལ་སྲིད་དེའི་སྟེང་ནས་སླར་ཡང་འཛོམ་ནས་སྐད་ཅ་བཤད་ན་མུ་མཐུད་ནས་ཉིན་ཐོ་འབྲི་ངེས། གལ་སྲིད་ངོ་མ་ཁ་གཏད་གཅོག་མ་ཐུབ་པར་ཉེན་ཁ་འདུག་བསམ་པའི་ཉིན་མོར་ས་གནས་ཉེན་རྟོགས་པར་སྙན་ཞུ་འབུལ་སྲིད། ངས་འདི་ལྟར་ཨུ་ཚུགས་རྒྱག་དོན་ནི། དྲ་ཇག་འདིས་དགེ་འདུན་པ་གཞུང་དྲང་དག་ལ་མགོ་སྐོར་བསླུ་བྲིད་གཏོང་བཞིན་པའི་མདུན་རྒྱབ་ཀྱི་གནས་ཚུལ་ཅུང་ཟད་ཤེས་པས་ཡིན། དེ་སྔའི་ཉིན་ཐོ་འགའ་ཞིག་དྲ་ལམ་དུ་ཡང་འགོད་ངེས། རྒྱུ་མཚན་དྲ་ཇག་གིས་ཁུ་སུམ་སུམ་བཅོམ་བཞིན་པའི་གནས་ཚུལ་འདི་དེང་སང་གང་སར་ཁྱབ་བཞིན་པས། ང་ཚོའི་སྤྱི་ཚོགས་ནང་དུའང་འདི་འདྲའི་གནས་ཚུལ་གྱི་བརྒྱུད་རིམ་དང་མདུན་རྒྱབ་གོ་རིམ་ཤེས་བྱ་ཡོད་ན་ཡག་གི་བསམ། ང་ལ་ཐུགས་ཁུར་གནང་མཁན་དང་ཀློག་པ་པོ་ཡོངས་ལ་ཐུགས་རྗེ་ཆེ། ངས་མདང་དགོང་སྐད་འཕྲིན་རྒྱབ་ལ་བཞག་པའི་ཉིན་ཐོ་རྣམས་འཁྱུགས་ཙམ་ནས་བསུབ་ཟིན་པ་ཡིན། དེ་ནི་སེམས་ཐག་ཉེ་བའི་གྲོགས་པོ་དག་གིས་བསམ་ཚུལ་ལ་གུས་བརྩི་བྱས་པ་ཡིན། ཕྱི་ལོ ༢༠༡༩ ལོའི་ཟླ ༧ པའི་ཚེས་ ༡༥ སྔ་དྲོ་ཆུ་ཚོད་དྲུག་པ།།