Jump to content

སྤྱོད་པ་མ་འདྲེས་པ་དྲུག།

ཡོང་ཁུངས་Wikipedia

དེ་བཞིན་གཤེགས་པའི་སྐུའི་སྤྱོད་པ་ལ་སྦྲུལ་རྡོག་པས་རྫི་བ་སོགས་ཀྱི་འཁྲུལ་བ་མེད་པ་དང། གསུང་གི་སྤྱོད་དོན་དུ་མི་འགྱུར་བའི་ཚིག་སྨྲ་བ་སོགས་ཅ་ཅོ་མི་མངའ་བ། ཐུགས་ཀྱི་སྤྱོད་པ་ལ་ཉོན་མོངས་པ་མེད་པར་ཡུན་རིང་པོ་ནས་མཛད་པ་དང་གསུངས་པ་རྗེས་སུ་དྲན་པས་དྲན་པ་ཉམས་པ་མི་མངའ་བ། མཉམ་རྗེས་ཐམས་ཅད་ལ་མཁྱེན་བཞིན་དུ་འཇུག་པས་རྟག་ཏུ་མཉམ་པར་མ་གཞག་པ་མི་མངའ་བ། སྲིད་གཞི་རྣམ་གཉིས་ཀྱི་རྟོགས་པ་མཐར་ཕྱིན་པས་འཁོར་འདས་ཐ་དད་ཀྱི་འདུ་ཤེས་མི་མངའ་བ། གདུལ་བྱ་བརྟགས་ནས་དོན་དུ་མི་འགྱུར་ན་ཡལ་བར་འདོར་བ་སྲིད་ཀྱི་མ་བརྟགས་པར་བཏང་སྙོམས་འཇོག་པ་མི་མངའ་བའོ། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།
ÕâÊÇ´úÂë