སྤྱིར་ཐང་རྒྱལ་པོ་ཉི་ཤུ་བྱུང་
མཐོང་རིས་
《དེབ་ཐེར་དམར་པོ་》(ལྕགས་དཔར་མའི་ཤོག་གྲངས་༢༤པ་)ནང་སྤྱིར་ཐང་རྒྱལ་པོ་ཉི་ཤུ་བྱུང་ཞེས་འཁོད་འདུག་ཀྱང་རྒྱ་ཡིག་གི་ལོ་རྒྱུས་རྣམས་སུ་ཐང་རྒྱལ་རབས་ཀྱི་གོང་མ་མི་ཉི་ཤུ་རྩ་བཞི་བར་བྱུང་བའི་ལོ་རྒྱས་གསལ་ཡོད་པས་འདིར་ཡི་གེ་ཆད་པའི་སྐྱོན་བྱུང་བར་ངེས།།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།