སྤྱི་ལོའམ་ཕྱི་ལོ་དང་སྤྱི་ལོའི་སྔོན་གྱི་ལོ་བརྩི་སྟངས་

ཡོང་ཁུངས་Wikipedia

སྤྱི་ལོ་བརྩི་སྟངས། བརྩི་ཚུལ་འདི་ནི་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་མ་ཤི་ཀ་འཁྲུངས་ལོའམ་འཁྲུངས་ནས་ལོ་བཞི་ནས་སྤྱི་ལོ་བརྩི་མགོ་ཚུགས་པར་བཤད། འཛམ་གླིང་ན་དར་ཁྱབ་ཆེའི་ཆེ་བའི་ཆོས་ལུགས་ཆེན་པོ་གསུམ་ལས། ཡེ་ཤེས་ཆོས་ལུགས་གི་སྟོན་པ་མ་ཤི་ཀ་ཁོང་དགོངས་གྲངས་༣༤པ་ན་སྐུ་གཤེགས། ཡེ་ཤུའི་འཁྲུངས་ལོ་དེ་དང་བོ་བྱས་ནས་དེ་ནས་ཡར་ལུགས་ལྡོག་གིས་བརྩིས་ནས་འགྲོ་བ་ལ་སྤྱི་ལོའི་སྔོན་གྱི་ལོ་ཟེར། ནུབ་ཕྱོགས་པས་སྤྱི་ལོ་ལོ་༥༣༢དང་རྒྱ་ནག་པས་༡༩༤༩ནས་དངོས་སུ་བེད་སྤྱོད་བྱས་པ་ཡིན། བོད་དུ་བཅོས་བསྒྱུར་བྱས་རྗེས་ད་གཟོད་བརྩི་སྲོལ་འདི་ཉིད་དར་བའོ།། ད་སྐབས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་སོང་ཡོད་པའི་བརྩི་ཚུལ་ཞིག་ཡིན།


ཕྱི་ལོ་ཟེར་བ་དེས་སྤྱི་ལོའི་ཚབ་བྱེད་མི་རུང་། ཕྱི་ལོ་ཟེར་བ་ནི་ཕྱི་རྒྱལ་གྱི་ལོ་དང་ཡང་ན་ཕྱི་རོལ་པའི་ལོ་ལ་ངོས་འཛིན་བྱས་ན་རྩིས་གཞུང་དུ་བཤད་པའི་ཕྱི་ལོ་ཟེར་བའི་ཐ་སྙད་དེ་དང་ནོར་བའི་ཉེན་ཁ་ཆེ། རྩིས་གཞུང་དུ་བཤད་པའི་ཕྱི་ལོ་ནི་ལོ་རྗེས་མ་ལ་ངོས་འཛིན་བྱེད་པ་ཡིན། དཔེར་ན། "ཕྱི་ལོ་ས་ཁྱི་ནས་བཟུང་སྟེ།" ཟེར་བ་ལྟ་བུ་ཡིན། དེའི་དོན་ནི། ད་ལོའི་ལོ་བརྙན་བྱ་ཡིན་ན། ཕྱི་ལོའི་ལོ་བརྙན་ཁྱི་ཡིན་པའི་དོན་སྟོན་པ་ཡིན། སྤྱི་ལོ་༢༠༡༩ལོའི་ཕྱི་ལོ་ཟེར་ན་གོ་རྒྱུ་ཡོད་ཀྱང་། ཕྱི་ལོ་༢༠༡༩ལོའི་ཕྱི་ལོ་ཟེར་ན་ལོ་གང་ངེས་འཛིན་བྱེད་དགོས་མིན་འཐོམས་འགྲོ་བས། ཕྱི་ལོ་ཟེར་བའི་དེས་སྤྱི་ལོའི་ཚབ་བྱེད་མི་རུང་ངོ།

ཡང་ཚིག་མཛོད་ཁག་གི་ནང་དུ་ཕྱི་ཞེས་བ་དེ་ "སང་ཕོདདམ། ལོ་རྗེས་མ"ཞེས་བསྟན་ཡོད།