སྤྱན་སྔ་ཚུལ་ཁྲིམས་འབར་
མཐོང་རིས་
དགེ་བཤེས་སྤྱན་སྔ་བ་རབ་བྱུང་དང་པོའི་ས་སྟག་(༡༠༣༨)ལོར་འཕན་པོ་ཉན་སྣ་ར་སྒང་དུ་ཡབ་དབས་ཤཱཀ་རྡོ་རྗེ་དང་ཡུམ་མེ་ཡེ་ཤེས་སྒྲོན་གཉིས་ཀྱིས་སྲས་སུ་འཁྲུངས་། རབ་བྱུང་གཉིས་པའི་ཆུ་ལུག་(༡༡༠༣)ལོར་སྐུ་གཤེགས་། དགུང་ལོ་དོན་དྲུག་བཞུགས་། དགུང་ལོ་ང་བརྒྱད་པ་རབ་བྱུང་གཉིས་པའི་ཤིང་ཕག་(༡༠༩༥)ལོར་ལོ་དགོན་པ་བཏབ་། ལོ་རྒྱུས་ཞིབ་པ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《བཀའ་གདམས་ཆོས་འབྱུང་》ལས་གསལ།།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།