Jump to content

སྤྱན་སྔ་པ་ལྡན་བཟང་པོ་

ཡོང་ཁུངས་Wikipedia

རྗེ་འདི་ཉིད་ཡབ་བདག་པོ་ཤཱཀ་རིན་པ་དང་ཡུམ་ཟིན་ན་རིན་འཛོམ་པ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཆུ་ཕག་(༡༣༨༣)ལོར་སྐུ་འཁྲུངས་། དགུང་ལོ་གསུམ་པ་ལ་སྤྱན་སྔ་གྲགས་པ་བྱང་པ་ལས་དགེ་བསྙེན་གྱི་སྡོམ་པ་ཞུས་། མཚན་དཔལ་ལྡན་བཟང་པོར་གསོལ་། དགུང་ལོ་དགུ་པ་ལ་བརྟག་གཉིས་ཀྱི་སློབ་གཉེར་མཛད་། དགུང་ལོ་བཅུ་པ་ལ་སྤྱན་སྔ་ཀུན་སྤངས་པ་ལས་ཆོས་ཁྲིད་རྣམས་གསན་། མཁན་ཆེན་གྲགས་རྡོར་བ་དང་སློབ་དཔོན་ཞི་བ་དཔལ་གཉིས་ལས་རབ་ཏུ་བྱུང་། མཚན་གྲགས་པ་བློ་གྲོས་ཞེས་གསོལ་། བླ་མ་ཆོས་དཔལ་ཤེས་རབ་ཀྱིས་ཆོས་སྒོ་ཕྱེས་ དགུང་ལོ་བཅུ་བཞི་པ་ལ་རྩེད་ཐང་དུ་བརྟག་གཉིས་གསུངས་། དགུང་ལོ་ཉེར་གཅིག་པ་ལ་མཚམས་བཅད་དཔོན་པོ་མཛད་། དགུང་ལོ་ཉེར་གཉིས་པ་ལ་མཁན་ཆེན་སང་བློ་བ་དང་། མཁན་ཆེན་རྒྱལ་བཟང་པས་ལས་སློབ་། གསང་སྟོན་མཁན་ཆེན་དཀའ་བཅུ་པས་མཛད་དེ་བསྙེན་པར་རྫོགས་། དགུང་ལོ་ཉེར་གསུམ་པ་རབ་བྱུང་བདུན་པའི་ཤིང་བྱ་(༡༤༠༥)ལོར་ཕག་གྲུའི་གདན་སར་ཕེབས་། བླ་མ་རིན་གཞོན་པ་ལས་བཀའ་བརྒྱུད་ཀྱི་གདམས་པ་རྣམས་རྫོགས་པར་གསན་། ཕག་གྲུའི་གདན་ས་ལོ་གཉིས་བསྐྱངས་ནས་དགུང་ལོ་ཉེར་ལྔ་ལ་ཕེབས་པ་རབ་བྱུང་བདུན་པའི་མེ་ཕག་(༡༤༠༧)ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་དགུ་ཉིན་གཤེགས་།།

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།