Jump to content

སྤྱན་སྔ་གྲགས་པ་རིན་ཆེན་

ཡོང་ཁུངས་Wikipedia

རྗེ་འདི་ལ་ཕག་གྲུ་གཅུང་རྒྱ་བོའམ་གཉིས་མཆོད་པ་གྲགས་པ་རིན་ཆེན་ཡང་ཟེར་། རབ་བྱུང་བཞི་པའི་ལྕགས་ཁྱི་(༡༢༥༠)ལོར་འཁྲུངས་། དགུང་ལོ་བཞི་བཅུ་པ་རབ་བྱུང་ལྔ་པའི་ས་གླང་(༡༢༨༩)ལོར་ཐེལ་གྱི་གདན་སར་ཕེབས་ཏེ་ཁྲི་དཔོན་ཟུར་དུ་མ་བསྐོས་པར་བླ་དཔོནསྦྲགས་མ་མཛད་། དོ་སྔོན་། རྒྱལ་ཐང་། སྨོན་མཁར་། མོན་ཁ་སོགས་ཕག་གྲུའི་འཛིན་དབང་ས་སྡེ་སྔོན་ཤོར་མང་པོ་ཕྱག་རྫས་ཀྱིས་བླུ་བར་མཛད་པས་། ཕག་གྲུའི་ཁྲི་བསྐོར་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་བྱུང་། དམ་པ་འདི་ཉིད་ཀྱིས་ཐེལ་དུ་ཆོས་སྲིད་ཀྱི་མཛད་པ་ལོ་ཉེར་གཉིས་བསྐྱངས་མཐར་། དགུང་གྲངས་དྲུག་ཅུ་རེ་གཅིག་པ་རབ་བྱུང་ལྔ་པའི་ལྕགས་ཁྱི་(༡༣༡༠)ལོར་བོད་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་སྐུ་གཤེགས།།

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།