Jump to content

སྤྱན་རས་གཟིགས་ཞི་ཁྲོ་

ཡོང་ཁུངས་Wikipedia

འཕགས་པ་སྤྱན་རས་གཟིགས་ལ་སྐུའི་རྣམ་འགྱུར་མི་འདྲ་བའི་དབང་དུ་བྱས་ན་ཞི་བ་དང་ཁྲོ་བོ་རིགས་གཉིས་ཡོད་པ་དང་། ཞི་བ་ལ་ཡང་སེམས་ཉིད་ངལ་གསོ་། དོན་ཡོད་ཞགས་པ་། ལོ་ཀེེ་ཤྭ་ར་། སེང་གེ་སྒྲ། ཡིད་བཞིན་ནོར་བུ། ཕྱག་བཞི་པ་། ཕྱག་སྟོང་སྤྱན་སྟོང་སོགས་དང་། སྤྱན་རས་གཟིགས་ཁྲོ་བོ་ལ་། རྟ་མགྲིན་། འཁོར་ལོ་བདེ་མཆོག་། མགོན་པོ་ལེགས་ལྡན་སོགས་ཞི་བ་དང་ཁྲོ་བོ་བསྡོམས་པའི་རྣམ་གྲངས་ལྔ་བཅུ་ཙམ་དུ་ཕྱེ་སྲོལ་ཡོད།།།

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།