སྤྱན་རས་གཟིགས་ཀྱི་བྱེ་བྲག་ལྔ་བཅུ་
མཐོང་རིས་
འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཡི་རྣམ་འགྱུར་མི་འདྲ་བ་ལྔ་བཅུ་ལྷག་ཙམ་ཡོད་པ་སྟེ་། 《བ་རི་བརྒྱ་རྩ་》ནས་བཤད་པ་དགུ་། 《སྒྲུབ་ཐམས་རྒྱ་མཚོ་》ནས་བཤད་པ་ཉི་ཤུ། 《རིན་འབྱུང་བརྒྱ་རྩ་》ནས་བཤད་པ་བཅུ་དྲུག་། 《སྣར་ཐང་བརྒྱ་རྩ་》ནས་བཤད་པ་བཞི་བཅས་བསྡོམས་བཞི་བཅུ་ཞེ་དགུ་ཡོད་ཅིང་། དེ་ཡང་འདྲ་མཚུངས་རྣམས་ཕུད་པའི་རྣམ་གྲངས་ཡིན་། ཞིབ་པར་གོང་གསལ་གྱི་གཞུང་སོ་སོའི་ནང་གསལ།།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།