སྤོས་ཤེལ་
མཐོང་རིས་
ཀློང་རྡོལ་བླ་མ་རིན་པོ་ཆེའི་བརྟག་ཐབས་ནང་སྤོས་ཤེལ་ལ་། སྤོས་ཤེལ་སྦུར་ལེན་ཁ་ཆེ་མོང་གོལ་དང་། མངའ་རིས་མཚོ་དང་མོན་གྱི་ཡུལ་ནས་འབྱུང་། ཁ་ཆེ་གུར་གུམ་མདོག་འདྲ་བཟང་བ་དང་། དཀར་སྐྱ་ཆུ་སྦུར་འདྲ་དང་དམར་ནག་ངན་། རྫུས་མ་ག་བུར་སྤོས་དཀར་བསྡུས་པའི་བཅོས་། ཕྱི་ཡི་རྒྱ་མཆོ་བཅུད་བསྡུས་བཟང་ཤོས་ཡིན་། འདམ་སོགས་དུག་ཆུ་ལས་ཐོན་ངན་པ་ཡིན་། ཞེས་སོ།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།