སྤང་གོང་མཚོ
མཐོང་རིས་
ལ་དྭགས་ཀྱི་སྤང་གོང་མཚོ། (Pangong Tso in Ladakh)
[རྩོམ་སྒྲིག]
ལ་དྭགས་ཀྱི་མཚོ་ཆེན་གྲགས་ཅན་སྤང་གོང་མཚོ་ཞེས་པའི་མིང་འདི་བོད་སྐད་ཀྱི་“སྤང་གོང་མཚོ་”ཞེས་པ་ལས་བྱུང་བ་དང་། དེའི་དོན་ནི་“སྤང་གཤོངས་མཐོ་བོའི་མཚོ་”ཞེས་པ་ཡིན། ཁྱེད་ཀྱིས་འདི་རུ་དུས་ཚོད་མང་པོ་བཏང་ནས་མཚོ་མོའི་མཛེས་སྡུག་ལ་བལྟས་ཀྱང་སུན་སྣང་མི་སྐྱེ། མཚོ་འདིའི་ནུབ་ཕྱོགས་ཀྱི་ཆ་ཤས་སྤྱི་ལེ་༤༥་ཙམ་རྒྱ་གར་ལ་དྭགས་གླེ་ (Leh) རྫོང་གི་ཁོངས་སུ་གཏོགས་ཤིང་། འདི་ནི་ལ་དྭགས་ཀྱི་ཡུལ་སྐོར་ས་ཚིགས་གལ་ཆེ་ཤོས་ཤིག་ཡིན།
༡༽ས་ཁམས་དང་གནས་ཡུལ།
[རྩོམ་སྒྲིག]- མཐོ་ཚད། རྒྱ་མཚོའི་ངོས་ལས་མེ་ཊར་༤༢༢༥་ཙམ་ཡིན།
- འགྲུལ་ལམ། ལ་དྭགས་ཀྱི་རྒྱལ་ས་གླེ་ནས་སྤྱི་ལེ་༡༦༠་ཙམ་གྱི་སར་ཡོད། ལམ་བར་དུ་འཛམ་གླིང་གི་མཐོ་ཚད་ཨང་གསུམ་པ་ཡིན་པའི་བྱང་ལ་ (ChangLa)་བརྒྱུད་ནས་འགྲོ་དགོས།
- མཚོ་འགྲམ་གྱི་གྲོང་ཚོ།ལ་དྭགས་ཀྱི་མཚོ་འགྲམ་དུ་ སྤང་མིག་ (Spangmik) དང་། སྨན་ (Man)། མེ་རག་ (Merak) སོགས་གྲོང་ཚོ་ཆུང་ཆུང་ཁག་འགའ་ཡོད།
༢༽དམིགས་བསལ་གྱི་ཁྱད་ཆོས།
[རྩོམ་སྒྲིག]- ཆུ་མདོག ལ་དྭགས་ཀྱི་སྤང་གོང་མཚོ་ནི་ནམ་མཁའ་དྭངས་བའི་སྐབས་སུ་མཚོ་མདོག་སྔོན་པོ་གསལ་པོ་མཐོང་ཐུབ་པས་ཡོངས་སུ་གྲགས། ་
- དགུན་ཁའི་འཁྱགས་རོམ། དགུན་ཁའི་དུས་སུ་མཚོ་ཁ་ཡོངས་སུ་འཁྱགས་པས་བརྟན་པོ་ཆགས་ཏེ། མི་དང་རླངས་འཁོར་ཡང་སྟེང་དུ་འགྲོ་ཐུབ་པ་བྱུང་གི་ཡོད། མ་ཚད་འཁྱགས་སྒང་སྟེང་དུ་རྒྱུག་རྩལ་འགྲན་བསྡུར་དང་ཧོཀ་ཀེ་རྩེད་མོ་(ice hockey)་ལ་སོགས་འགྲན་བསྡུར་མང་པོ་བྱེད་ཀྱིས་ཡོད།
༣༽ཁ་དོག་འགྱུར་སྟངས། (How the Color Changes)
[རྩོམ་སྒྲིག]ཉི་མའི་འོད་ཀྱི་ཟུར་ཚད་དང་། མཚོ་ཆུའི་གཏིང་ཚད། ནམ་མཁའི་དྭངས་ཚད་བཅས་ལ་བརྟེན་ནས་མཚོ་མདོག་སྔོན་པོ་ནས་ལྗང་ཁུ་དང་། གཡུ་མདོག ཐ་ན་དམར་པོའང་མཐོང་ཐུབ།
༤༽ཡུལ་སྐོར་དང་དཔལ་འབྱོར།
[རྩོམ་སྒྲིག]- ༢༠༠༩ ལོའི་གློག་བརྙན་3 Idiots རྗེས་སུ་ཡུལ་སྐོར་བ་ཤིན་ཏུ་མང་པོ་ཡོང་བཞིན་ཡོད།
- ས་གནས་མི་མང་གིས་ཡུལ་སྐོར་བ་རྣམས་ལ་གནས་ཚང་(Homestays) དང་། གུར་སྒར་ (Camps) སོགས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད།
༥༽ བཀག་སྡོམ་དང་ཆོག་མཆན།
- མཚོ་འདི་རྒྱལ་མཚམས་སུ་ཡོད་པས། ཡུལ་སྐོར་བ་རྣམས་ལ་རྒྱ་གར་གཞུང་ནས་དམིགས་བསལ་ནང་སྲིད་ཆོག་མཆན་ (Inner Line Permit) ལེན་དགོས་ཀྱི་ཡོད།