སྣང་སྲིད་ཞི་བ་

ཡོང་ཁུངས་Wikipedia

༄༅། །སྣང་སྲིད་ཀྱི་ཞི་བ་ཆེན་མོ་བཞུགས་སོ། ། ༄༅། །ཡི་དམ་ལྷ་ལ་ཕྱག་འཚལ་ནས། །བདག་གཞན་འཇུག་བདེ་བྱ་བའི་ཕྱིར། །མི་མཐུན་ཕྱོགས་རྣམས་ཞི་བྱེད་པའི། །སྣང་སྲིད་ཞི་བ་ཆེན་མོ་འདི་ལ་གསུམ་ཏེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ལ་གཉིས་ཏེ། དགོས་ཆད་དང་། སྦྱོར་བ་དངོས་སོ། །དང་པོ་ནི། རྣལ་འབྱོར་པ་ལ་གྲིབ་དང་ནད་བྱུང་ངོ་། །མིའི་སྲུང་འཁོར་དུ། སྨི་མ་ཐོན་ནང་། མི་ཕྱུགས་ལ་ནད་ཡཾ་བྱུང་ངོ་། །ལོ་ཐོག་ཉེས་སམ། ནད་ཡུན་རིང་བ་དང་། སྲིའུ་གསོ་བ་ལ་སྣང་སྲིད་ཞི་བ་འདི་ཤིན་ཏུ་གལ་ཆེའོ། །གཉིས་པ་སྦྱོར་བ་དངོས་ལ་བཞི་ཏེ། ས་སློང་ཞིང་ཕོ་བྲང་བྲི་བ་དང་། ཤིང་རྩི་འཚོས་ཤིང་བཤམ་ཆོག་བྱ་བ་དང་། བདག་བསྐྱེད་བསྒོམ་ཞིང་རྫས་བྱིན་གྱི་བརླབས་པ་དང་། མི་སྦར་ཞིང་མེ་འགོ་མནན་པའོ། །དངོས་པོ་ལ་གཉིས་ལས། ས་ཆོག་བྱ་ཞིང་ས་སློང་བ་ནི། གནས་ཡིད་དུ་འོང་ཞིང་བཀྲ་ཤེས་པའི་ས་ལ། ས་ཡི་ལྷ་མོ་བྱོན་བར་བསམ་ཞིང་། རིན་པོ་ཆེའི་དཀར་ཆས་མཆོད། ཤུག་བུ་ཏིང་དཀར་ཡོན་དུ་འབུལ་བ་འདི་སྐད་དོ། །ཨོཾ། དབུས་ཕྱོགས་ས་ཡི་མངའ་བདག་ནི། །ས་མདོག་སེར་ལ་མངའ་མཛད་པའི། །ས་ཡི་ལྷ་མོ་བསྟན་མ་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་མཚན་བདུད་རྩིའི་བུམ་པ་བསྣམས། །ས་ཡི་མངའ་བདག་ཆེན་མོ་ནི། །འགྲོ་བ་སེམས་ཅན་དོན་སླད་དུ། །ཕོ་བྲང་དཀྱིལ་འཁོར་འདི་བཞིན་ཀྱིས། །རྣམ་ལྔའི་མཆོད་པ་འདི་བཞེས་ལ། །དབུས་ཕྱོགས་ས་འདི་རྩལ་དུ་གསོལ། ཨོཾ་ན་ག་ཡཀྴ་ཏེ་སྭ་ཧཱ། ཤར་ཕྱོགས་ས་ཡི་མངའ་བདག་ནི། །མི་ལུས་སྟག་གི་མགོ་བོ་ཅན། །ཕྱག་མཚན་གསེར་གྱི་འཁོར་ལོ་བསྣམ། །འགྲོ་བ་སེམས་ཅན་དོན་སླད་དུ། །ཕོ་བྲང་དཀྱིལ་འཁོར་འདི་བཞེས་ཀྱི། །བདུད་རྩེ་འདོད་ཡོན་འདི་བཞེས་ལ། །ཤར་ཕྱོགས་ས་འདི་རྩལ་དུ་གསོལ། ཨོཾ་ན་ག་པྲ་ཏེ་ཧཱུྃ། མུག་ཏུ་ཏུ་སྭ་ཧཱ། ལྷོ་ཕྱོགས་ས་ཡི་མངའ་བདག་ནི། །ས་མཚོན་སྔོ་ལ་མངའ་མཛད་པའི། །མི་ལུས་འབྲུག་གི་མགོ་བོ་ཅན། ཕྱགས་མཚན་ཆུ་ཡི་འཁོར་ལོ་བསྣམ འགྲོ་བ་སེམས་ཅན་དོན་སླད་དུ། །ཕོ་བྲང་དཀྱིལ་འཁོར་འདི་བཞེས་ཀྱི། །བདུད་རྩེ་འདོད་ཡོན་འདི་བཞེས་ལ། །ལྷོ་ཕྱོགས་ས་འདི་རྩལ་དུ་གསོལ། ཨོཾ་ན་ག་པྲ་ཏེ་ཙིཏྟི་ཧཱུྃ་ཛ་སྭ་ཧཱ། ནུབ་ཕྱོགས་ས་ཡི་མངའ་བདག་ནི། །ས་མཚོན་དམར་ལ་མངའ་མཛད་པའི། །མི་ལུས་རུས་སྦལ་མགོ་བོ་ཅན། །ཕྱག་མཚན་མེ་ཡི་འཁོར་ལོ་བསྣམ། །འགྲོ་བ་སེམས་ཅན་དོན་སླད་དུ། །ཕོ་བྲང་དཀྱིལ་འཁོར་འདི་བཞེས་ཀྱི། །བདུད་རྩིའི་འདོད་ཡོན་འདི་བཞེས་ལ། །ནུབ་ཕྱོགས་ས་འདི་རྩལ་དུ་གསོལ། ཨོཾ་ན་ག་ཕུ་ན་པ་རི་ཡོ་ག་སན་ཏྲི་ཧ་ན་སྭ་ཧཱ། བྱང་ཕྱོགས་ས་ཡི་མངའ་བདག་ནི། །ས་ཚོན་ལྗང་ལ་མངའ་མཛད་པའི། །མི་ལུས་བྱ་ཡི་མགོ་བོ་ཅན། །ཕྱག་ན་རླུང་གི་འཁོར་ལོ་བསྣམ། །འགྲོ་བ་སེམས་ཅན་དོན་སླད་དུ། །ཕོ་བྲང་དཀྱིལ་འཁོར་འདི་བཞེས་ཀྱི། །བདུད་རྩིའི་འདོད་ཡོན་འདི་བཞེས་ལ། །བྱང་ཕྱོགས་ས་འདི་རྩལ་དུ་གསོལ། །ཨོཾ་ན་ག་པྲ་ཏེ་ཧཱུྃ་པཱཻ་སྭ་ཧཱ། ཅེས་པས། ས་ཡི་ལྷ་མོ་བརྟན་མ་སྐུ་མདོག་གསེར་གྱི་མདོག་དུ་འདུག་པ་ཕྱག་ན་བདུད་རྩིའི་བུམ་པ་བསྣམས་པ། སྐུའི་ལྟེ་བ་ཡན་ཆད་ས་ལ་མངོན་སུམ་དུ་ཕྱུང་ནས་བདག་ལ་ཕྱག་བྱས་ནས་མེ་ཏོག་གཏོར་ཏེ་དཀྱིལ་འཁོར་གྱི་ས་ཅི་བཞེད་ཕུལ་ཟེར་བར། བསམས་ལ་བསླང་ངོ་། །གཉིས་པ་ས་སྟེག་བྱ་ཞིང་ཕོ་བྲང་བྲི་བ་ནི། དེའི་གནས་ཐབས་བཀྲིས་པའི་ས་ལ་མཎྜལ་ཟླུམ་པོ་བྱས་ལ། དྲི་བཟངས་ཆུའི་ཆགས་ཆགས་གདབས། ཐིག་སྐུད་ཀྱི་ཚང་ཐིག་གདབ་ལ། ཟླུམ་པོ་རི་སཾ་བཞིའི། དང་པོ་པདྨ་བརྒྱད། གཉིས་པ་བཅུ་དྲུག །གསུམ་པ་སུམ་ཅུ་རྩ་གཉིས། བཞི་པ་བརྒྱད་ཅུ་བྲི། དེའི་དབུས་སུ་མེ་ལྷའི་ས་བོན་རཾ་དམར་པོ་གཅིག་བསྐོར་དོ། །གཉིས་པ་ཤིང་རྩྭི་ཚམ་ཤིང་བསམ་ཆོག་བྱ་བ་ནི། ཐབས་ཀྱི་སྟེང་དུ་ཤིང་བདུད་རྩིའི་ཅན་དེ། དྲི་བཟང་དང་ལྡན་པ་མཐོ་མཛུབ་དོ་ས་གྲུ་སྐོར་དུ་ཟླུམ་སྐོར་བརྩིགས། དེ་རྒྱབ་ཤིང་རྩི་སྣ་ཚོགས་ལ་གུར་ཕུབ་པ་ལྟར་བྱས། སྟེང་དུ་མེ་དར་དམར་པོ་བཅུག་ལ་བཞོག །རྣལ་འབྱོར་པའི་གཡས་སུ་མེ་ལྷ་དང་མགྲོན་བཞི་ལ་འབུལ་ཏུ། མེ་ཏོག་ལ་སོགས་པ། རྣམ་ལྔ་རེ་རེ་ལ་དྲུག་རེ་བཟོ་ལ་གྲང་བྱིང་སྐྱག་སྟེང་དུ་རིམ་པར་བཤམ། གཡོན་དུ། བསྲེགས་རྫས། ཕྱི་མར། སྤྱན་གཟིགས། གོར་པ་འོ་ཞོ་པུ་ལུ་འབྲས་ཆན་འབྲུ་སྣ་དར་སྟག་ཡམ་ཤིང་སུར་ཤུག་ཏིང་རྣམ་ཆ་དྲུག་བཤམས། མདུན་དུ་ཀུ་ཤ །བསང་ཆབ། མར་ཁུ། འབྲང་འབྲང་། དགང་བཟར་བླུག་རྣམས་བཞག་གོ །གསུམ་པ་བདག་བསྐྱེད་བསྒོམ་ཞིང་རྫས་བྱིན་གྱིས་བརླབས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱ་ཞིང་། རང་ཉིད་ཡི་དམ་བསྒོམ་ལ། དཀྱིལ་འཁོར་ཆོ་ག་གཞུང་བསྲང་བའོ། །ཡང་ན་རིགས་གསུམ་མགོན་པོ་གང་རུངས་བསྒོམ། མཆོད་པ་རྣམ་བསང་སྦྱངས་བྱས་ལ། ཨོཾ་ཨཱཿཧཱུྃ། སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱིན་གྱིས་བརླབས། ཅེས་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་མ་ཐོབ་པར་དུ་བདག་ནི་སྐྱབས་སུ་མཆིའོ། །བདག་གིས་སྦྱིན་སོགས་བརྒྱས་པའི་དགེ་བའི་རྩ་བ་འདིར། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ཅི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱི། །བྱང་ཆུབ་སེམས་དཔའི་སླབ་པ་གང་སླབ་པ། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །བྱང་ཆུབ་སེམས་མཆོག་རབ་ཏུ་བསྐྱེད་པར་བརྒྱས། ཅེས་ལན་གསུམ་རེའི། སྐྱབས་འགྲོ་སེམས་བསྐྱེད་དང་། ཚད་མེད་བཞི་བསྒོམ་བ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ནས་ཆེན་པོ་ལ་ཡུན་རིང་ཏུ་གནས་པར་གྱུར་ཅིག །ལན་གསུམ་རྣམས་སྔོན་དུ་སོང་ནས། རང་ཉིད་སྤྱན་རས་གཟིགས་ཀྱི་ས་མ་ཏི་བསྒོམས་ནི། ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨཿསྭཱ་བྷ་ཝ་ཤུདྡྷོ་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱིས་བརྒྱན་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། ཧྲཱི་ལས་བྱུང་བའི་རང་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་བཞི་ཕྱག་དང་པོ་གཉིས་ཀྱིས་ཐུགས་ཁར་ཐལ་མོ་སྦྱར་བ། གཡས་ཀྱིས་འོག་མ་ན་མུ་ཏིག་གམ། ཤེལ་གྱི་འཕྲེང་བ་འཛིན་པ། གཡོན་གྱི་འོག་ན་རབ་རྒྱས་པདྨ་དཀར་པོའི་ཡུ་བ་ནས་འཛིང་ཅིང་། སྙན་གྱི་ཐད་དཀར་དགྱེས་པ། རྣམས་བཀྲ་ལྷའི་དར་གྱི་སྡོད་གཡོག་དང་། ཤམ་ཐབས་དང་། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སོར་གདུབ། སྐར་རག་ལ་སོགས་བས་བརྒྱན་པ། མཚན་དང་དཔེ་བྱད་བརྒྱན་པའི་སྐུ། ཡན་ལག་དྲུག་ཅུའི་གསུང་དབྱངས་དང་ལྡན་ཅིང་། འགྲོ་ཀུན་བསྒྲོལ་བའི་སེམས་བསྐྱེད་ཐུགས་རྗེས་དང་ལྡན་པ་ཅིག་ཏུ་གྱུར། ཨོཾ་མ་ནི་པདྨེ་ཧཱུྃཿཧྲིཿ ཅེས་ལྷ་བསྐྱེད་ཅིང་། སྔགས་བརྒྱ་རྩ་བརྒྱད་སོགས་བཟླའོ། ། སྐྱོན་གྱི་མ་གོས་སོགས་གྱི་བསྟོད། དེ་གནས་མཆོད་གཏོར་བསྲེག་རྫས་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། ཅེས་གནོད་སྦྱིན་གྱི་ཕྱག་རྒྱས་བསངས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷནྡྷ་རརྣ་ཧཱུྃ་ཕཊཿ ཅེས་རྡོ་རྗེ་མེ་ཡི་ཕྱག་རྒྱས་མ་དག་པ་བསྲེགས། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭཱ་བྷ་ཝ་ཤུདྡྷོ་྅ཧྃ། ཞེས་ལན་གསུམ་དང་། མཆོད་གཏོར་དང་བསྲེགས་རྫས་རྣམས་ཀྱི་འབག་པ་དང་། མི་གཙང་བ་ལ་སོགས་པ་ནི། མ་དག་པའི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱ་ཧཱུྃཿའོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི། གཏོར་མ་དང་མཆོད་རྫས་རྣམས་དངས་ཤིང་ཐོག་པ་མེད་པ། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱཿཧཱུྃ་ཤིནྟཾ་ཀུ་རུ་ཡིང་སྭཱ་ཧཱ། ལན་གསུམ་བརྗོད། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱཿ སརྦ་ཏངྑཾཏེ་སྥ་ར་ན་ཨེ་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། གཏོར་མ་མཆོད་རྫས་རྣམ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་རྒྱུན་མི་ཆད་པར་གྱུར། པར་བསམ། ཨོཾ་ བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ ལན་གསུམ། གཏོར་མ་དང་མཆོད་རྫས་རྣམས་འདོད་པའི་ཡོན་ཏན་ལྔ་ཡི་རང་བཞིན་དུ་གྱུར་པ་ཐམས་ཅད་མགྲོན་སོ་སོའི་ཡིད་བཞིན་དུ་ཐོབ་པ་ལ་བགེགས་དང་ཉེར་འཚེ་མེད་པར་གྱུར་པར་བསམ། ཨོཾ་ཨཱ་ཀ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨ་ཪྱ་ནུཏྤནྣ་ཏོ་ཏ་ཨོཾ་ཨཱ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་མགྲོན་རྣམ་གང་ལ་གང་འདོད་པའི་དངོས་པོ་རྣམས་ཡིད་བཞིན་དུ་འབྱུང་བར་གྱུར་ཅིག །པར་བསམ། ཨོཾ་ཛྙ་ན་ཨ་ཝ་ལོ་ཀེ་ཏེ་ན་མཿས་མནྟ་སྥ་ར་ན་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ནི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ལན་གསུམ། མགྲོན་རྣམ་ཏྲིག་ཡན་ཆེ་ཆུང་མེད་པར་སོ་སོའི་ཡིད་བཞིན་དུ་ཚིམ་ཞིང་རང་དབང་དུ་ལོངས་སྦྱོད་པར་གྱུར་ཅིག་པར་བསམ། ཨོཾ་ན་མཿ་ས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་བྲ་བྷ་ཉྫ་ཏི་མ་ཧཱ་ས་མ་ཡ་ཧཱུྃ་ཕཊཿ ལན་གསུམ། མཆོད་པ་རྣམས་བསྐལ་པ་ཅི་སྲིད་གནས་ཀྱི་བར་དུ་ཟད་པ་མེད་ཅིང་མགྲོན་རྣམས་མཉེས་པའི་མཐུ་དང་ལྡན་པར་གྱུར་ཅིག །ཅེས་བསམ་ཤིང་བརྗོད་ལ་སོ་སོའི་ཕྱག་རྒྱ་རྣམ་བྱའོ། །ཨོཾ་ཨཱཿཧཱུྃ་ཤིནྟཾ་ཀུ་རུ་ཡི་སྭཱ་ཧཱཿ བཞི་པ་མེ་སྦར་ཞིང་མེ་མགོ་མནན་པ་ལ་གཉིས་ཏེ། མེ་ཐབས་ལ་མེ་སྦར་བ་དང་། མེ་མགོ་དར་གྱི་མནན་པའོ། །དང་པོ་ནི་མེ་ལྷ་དྲང་སྲོང་སྔར་བཞིན་བསྐྱེད་པ་ཡི། ཐུགས་ཀ་ནས་རཾ་དམར་སེར་ལས་ཞི་རྒྱས་དབང་དྲག་གི་ལྷ་མོ་བཞི་ཕྱོགས་བཞི་ནས་ཞི་རྒྱས་དབང་དྲག་གི་མེ་སྦར་བར་བསམ་ལ་དབུ་ལ་མེ་དར་གྱི་ཐོད་པ་ཅིངས། ལག་ཏུ་མདའ་དར་ཐོག་ལ། སྒྲོན་ཤིང་ངམ། ས་ལེ་སྒྲོན་བསྣམས་ལ། མེ་སྦར་ཕྱོགས་བཞི་དང་མཐུན་པ་རུ་ཆོ་ག་མཁན་གྱི་མེ་སྦར་ལ་འདི་སྐད་དོ། །ཨོཾ་བདག་དང་རྒྱུ་སྦྱོར་ཡོན་བདག་གིས། མཐའ་ལས་སེམས་ཅན་ཐམས་ཅད་ཀྱི། འཕྲལ་གྱི་རྐྱེན་བགེགས་བཟློག་པ་དང་། མེ་ལྷ་དྲང་སྲོང་འཁོར་བཅས་ལ། མཆོད་ཅིང་སྦྱིན་བསྲེགས་འབུལ་བའི་ཞིང་། ཞི་རྒྱས་དབང་དྲག་ལས་བརྩམ་པ། ཤར་ཕྱོགས་མེ་ཡི་ལྷ་མོ་ནི། །དཀར་མོ་མེ་ཡི་བུད་ཤིང་འཛིན། །ཤར་གྱི་ཕྱོགས་ནས་མེ་སྦར་ལ། །ཞི་བའི་མེ་རུ་འབར་བར་མཛོད། །ལྷོ་ཕྱོགས་མེ་ཡི་ལྷ་མོ་ནི། །སེར་མོ་མེ་ཡི་འབུད་ཤིང་བསྣམས། །ལྷོའི་ཕྱོགས་ནས་སོགས༴ རྒྱས་པའི་མེ་རུ་འབར་དུ་གསོལ། །ནུབ་ཕྱོགས་མེ་ཡི་ལྷ་མོ་ནི། །དམར་མོ་མེ་ཡི་བུད་ཤིང་བསྣམས། །ནུབ་ཀྱི་ཕྱོགས་ནས་མེ་སྦར་ལ། །དབང་གི་མེ་རུ་འབར་དུ་གསོལ། །བྱང་ཕྱོགས་མེ་ཡི་ལྷ་མོ་ནི། །ལྗང་མོ་མེ་ཡི་བུད་ཤིང་བསྣམས། །བྱང་གི་ཕྱོགས་ནས་མེ་སྦར་ལ། །དྲག་པོའི་མེ་རུ་འབར་དུ་གསོལ། །དབུས་ཕྱོགས་མེ་ཡི་ལྷ་མོ་ནི། །སྐུ་མདོག་སྣ་ཚོགས་འོད་དུ་འབར། །ཕྱག་ན་མེ་འབུད་གཡབ་དར་ཐོག །དབུས་ཀྱི་ཕྱོགས་ནས་མེ་སྦར་ལ། །ཀུན་གྱི་མེ་རུ་འབར་དུ་གསོལ། །བི་རྩི་དམ་པ་ལ་སོགས་འདི། །རླུང་ལྷ་ཆེན་པོ་བཞི་རྣམས་ཀྱི། །ཕྱོགས་བཞི་དག་ནས་རླུང་གཡོབ་ལ། །ཉོན་མོངས་བག་ཆགས་བསྲེགས་ཕྱེད་དུ། །ཡེ་ཤེས་མེ་ཆེན་སྦར་དུ་གསོལ། །ཨོཾ་ཨགྣེ་ཡི་ཛྭ་ལ་རཾ་རཾ། ཀི་རི་ཁྱོད་ཕྱོད་ཡེ་སྭཱ་ཧཱཿ ཅེས་བརྗོད་ལ་ཕྱོགས་བཞི་དབུས་དང་ལྔ་ནས་མེ་སྦར་དར་གྱི་གཡབ་པའོ། །གཉིས་པ་མེ་མགོ་དར་གྱི་མནན་པ་ནི། མདའ་དར་བཟུང་ལ་འདི་སྐད་དོ། །ཨོཾ་ཡེ་ཤེས་ལྷ་ཡི་གཞལ་ཡས་འདི། །བདག་དང་མཐའ་ལས་སྣང་སྲིད་ཚོགས། །ཉོན་མོངས་ལས་ཀྱི་ཡམ་ཤིང་ལ། །ཡེ་ཤེས་ཆེན་པོའི་མེ་སྦར་ལ། །བསྲེགས་བྱེད་འབར་བའི་མེ་ལྕེ་འདི། །ལཾ་ལཾ་ལཾ་ལཾ་མར་མ་འཁྱིལ། །འོག་ཕྱོགས་ས་བདག་ཀླུ་གཉན་ཚོགས། །དེ་བས་འོག་དུ་མར་མ་འཁྱིལ། །གདུག་པའི་མེ་དཔལ་ཞི་གྱུར་ཅིག །ཞི་བའི་མེ་རུ་འབར་བར་མཛོད། །མེ་ལྕེ་ཕྱོགས་བཞིར་ཕལ་མ་འཁྱིལ། །མ་ལྕེ་ཕྱོགས་བཞིར་ཕར་འཁྱིལ་ན། །ཕྱོགས་བཞི་འཚམས་བརྒྱད་གདོན་བགེགས་ཚིག་དེ་བས་ཕྱོགས་བཞིར་མ་འཁྱིལ་ཅིག །གདུག་པའི་མེ་དཔལ་ཞི་གྱུར་ཅིག །ཞི་བའི་མེ་རུ་འབར་བར་མཛོད། །མེ་ལྕེ་སྟེང་དུ་མ་འཁྱིལ་ཅིག །སྟེང་ཕྱོགས་ཉི་ཟླ་བཟའ་སྐར་ཚིག །དེ་བས་སྟེང་དུ་མ་འཁྱིལ་ཅིག །གདུག་པའི་མེ་འབར་ཞི་གྱུར་ཅིག །ཞི་བའི་མེ་རུ་འབར་བར་མཛོད། །སྣང་སྲིད་གདུག་པ་ཞི་བའི་ཕྱིར། །ཡེ་ཤེས་བསིལ་གཡབ་ལྡན་པ་ཡིས། །མེ་མགོད་ར་གྱི་མནན་པར་བྱ། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡི་སྭཱ་ཧཱཿ ཆོས་སྐྱོང་ལྷ་མོ་བཞིའོ། །དང་པོ་དངོས་ལ་གཉིས་ཏེ་མེ་ལྷ་དང་བསྲེགས་ལྷའོ། །དང་པོ་མེ་ལྷ་བདུན་ཏེ་དམ་ཚིག་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲང་ཤིང་སྟན་བཞུགས་བྱ་བ་དང་། བྱོན་སྐྱེམས་མར་འབྲང་འབུལ་བ་ནི། མཆོད་རྫས་དང་བསྲེགས་རྫས་འབུལ་བ་དང་། བསྟོད་པ་བྱ་བ་དང་། ནོངས་པ་བཟོད་བར་གསོལ་བ་དང་། སྨོན་ལམ་བཏབ་པའོ། །དང་པོ་ནི། མཎྜལ་མི་དམིགས་པའི་ངང་ལས་འབྱུང་བའི་རིམས་བརྩིགས་ཀྱི་སྟེང་དུ་པཾ་ལས་པདྨ་ཨ་ལས་ཟླ་བ་མཾ་ལས་ཉི་མའི་སྟེང་དུ་རཾ་དམར་སེར་ལས་མེ་ལྷ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་བཞི་པ་གཡས་ཀྱི་དང་པོ་མཆོག་སྦྱིན། འོག་མས་བསྒྲང་ཕྲེང་། གཡོན་གྱི་དང་པོས་རིལ་པ། འོག་མའི་བེ་ཅོན་བསྣམས་ཤིང་ཚང་སྐུད་སེ་རལ་ཁར་ཐོག་པ་ར་ཡི་གདན་ལ་བཞུགས་གཅིག་བསྐྱེད། གཉིས་པ་ཡེ་ཤེས་པ་སྤྱན་དྲངས་ཤིང་བརྟན་བཞུགས་བྱ་བ་ལ། གཉིས་ལས། དང་པོ་སྤྱན་དྲངས་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཤར་ལྷོ་མཚམས་ནས་དེ་ལྟ་བུ་གཅིག་བྱོན་ནས་དམ་ཚིག་པ་ལ་ཐིམ་པ་ནི། དྲིལ་པ་བསིལ་མེ་དར་བཟུང་ལ་འདི་སྐད་དོ། །ཨོཾ་དང་པ་དང་ནི་དམ་ཚིག་ནི། །ཕོ་བྲང་འཇིག་རྟེན་ཤར་ལྷོ་ནས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །བསྲེགས་བླུག་ཞལ་ཟས་བཞེས་སླད་དུ། འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨགྣེ་ཡེ་ཨཧྱེ་ཧི་ཛཿཧཱུྃ་བཾ་ཧོཿགཉིས་པ་བརྟན་བཞུགས་བྱས་པ་གཉིས་ལས། དང་པོ་གདན་འབུལ་བ་ནི། ཀུ་ཤ་ཆུན་པོ་མེ་དོར་ལ། རིན་ཆེན་མཛེས་པའི་བརྒྱན་པ་ཡིས། །འཇའ་ཚོན་སྤེལ་ལེགས་བཀོད་འདྲ་བ་ནི། །ཕོ་བྲང་གཞལ་ཡས་དམ་པ་འདིར། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །གདན་ཡང་ལེགས་པར་འབུལ་ལགས་ན། །འབར་བའི་གདན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭྃཿ གཉིས་པ་བསིལ་ཆབ་འབུལ་བ་ནི། ཆུ་གཙང་གཏོར་ལ། ཡང་དག་ཉིད་དུ་དག་མོད་ཀྱང་། །བདུད་རྩིའི་གཙང་མའི་བསིལ་ཆབ་འདི། །ཨགྣེ་ར་ཙ་འཁོར་བཅས་ཀྱི། །ཕྱག་དང་ཞབས་ནི་བསེལ་མཛོད་ལ། །འབར་བའི་གདན་ལ་བཞུགས་སོ། །ཨོཾ་ཨ་ཧ་ར་ཨ་ཧ་ར། སརྦ་བྷྱེ་ཏ་ར་པཙྪ་ཏ་ཡི་སྭཱ་ཧཱ། གསུམ་པ་བྱོན་སྐྱེམས་མར་འབྲང་འབུལ་བ་ནི། ཧཱུྃ་མེ་ལྷའི་རྒྱལ་པོ་འཁོར་བཅས་ལ། །འབྲང་འབྲང་བདུད་རྩིའི་དཾ་པ་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །རྐྱེན་ངན་བར་ཆད་བཟློག་ཏུ་གསོལ། །ནད་གདོན་སྡིག་སྒྲིབ་ཞི་བར་མཛོད། །བཞི་པ་མཆོད་རྫས་དང་བསྲེགས་རྫས་འབུལ་བ་ལ་གཉིས་ཏེ། མཆོད་རྫས་འབུལ་བ་དང་བསྲེགས་རྫས་འབུལ་བའོ། །དང་པོ་ལ་གཉིས་ཏེ། མཆོད་རྫས་འབུལ་བ་དང་། མར་ཁུ་དང་འདོད་གསོལ་བྱང་བུ་འབུལ་ཞིང་འཕྲིན་ལས་བཅོལ་བའོ། །དང་པོ་ལ་དྲུག་ལས། དང་པོ་མེ་ཏོག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ནི། །ལྷ་རྫས་མཆོད་གི་མེ་ཏོག་འདི། ཨགྣེ་ར་ཙ་འཁོར་བཅས་ལ། བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཨོཾ་ཨགྣེ་ཡེ་པུཥྤེ་པུ་ཙྪ་ཧཱུྃ། གཉིས་པ་སྤོས་འབུལ་བ་ནི ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་བདུག་སྤོས་འདི། །མེ་ལྷའི་རྒྱལ་པོ་འཁོར་བཅས་ལ། བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཨོཾ་ཨགྣེ་ཡེ་K༷ཥྤེ་པུ་ཙྪ་ཧཱུྃ། གསུམ་མར་མེ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་སྣང་གསལ་འདི། །མེ་ལྷའི་རྒྱལ་པོ་འཁོར་བཅས་ལ། བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཨོཾ་ཨགྣེ་ཡེ་ཨ་ལོ་ཀེ་པུ་ཙྪ་ཧཱུྃ། བཞི་པ་དྲི་ཆབ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་དྲི་ཆབ་འདི། །མེ་ལྷའི་རྒྱལ་པོ་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཨོཾ་ཨགྣེ་ཡེ་གནྡྷེ་པུ་ཙྪ་ཧཱུྃ། ལྔ་པ་ལྷ་བཤོས་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་བཤོས་གཙང་འདི། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨོཾ་ཨགྣེ་ཡེ་ནཻ་ཝི་ཏེ་པུཙྪ་ཧཱུྃ། དྲུག་པ་སིལ་སྙན་འབུལ་བ་ནི། དེ་ལས་གཡན་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱང་སྙན་ཡིད་འོང་ལྡན། །མེ་ལྷའི་རྒྱལ་པོ་སྤྱན་ལཾ་དུ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་ཨགྣེ་ཡེ་ཤཔྟ་པུཙྪ་ཧཱུྃ། གཉིས་པ་མར་ཁུ་དང་འདོད་གསོལ་བྱང་བུ་འབུལ་ནས་ཕྲིན་ལས་བཅོལ་བ་ནི། ཨོཾ་ཡེ་ཤེས་ཀློང་ཡང་འཁྱིལ་པའི་གཞལ་ཡས་འདིར། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །མཆོད་པ་བླ་ན་མེད་པས་མཆོད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་རྗེས་དགོངས་ནས་ནི། །སྨིན་པར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་ཨགྣེ་ར་ཙ་འཁོར་བཅས་ལ། །འཇིག་རྟེན་ནད་གདོན་སྡིག་སྒྲིབ་ཀུན། །ཐམས་ཅད་ལུས་ཞི་བར་མཛོད། །ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གཉིས་པ་བསྲེགས་རྫས་འབུལ་བ་ལ་བརྒྱད་ལས། དང་པོ་ཕྱི་མ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །འབྲས་དཀར་ཕྱེ་མའི་འཕུར་མ་འདི། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལག་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡི་སྭཱ་ཧཱ། གཉིས་པ་སྤྱན་གཟིགས་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ཞལ་ཟས་སྤྱན་གཟིགས་གོར་བ་འདི། །མེ་ལྷའི་རྒྱལ་པོ་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གསུམ་པ་འོ་ཞོ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །འོ་ཞོ་སྙིང་པོ་དཀར་གསུམ་འདི། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡི་སྭཱ་ཧཱ། བཞི་པ་པུ་ལུ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །འབྲུ་དང་སྨན་གྱི་རུ་ལུ་འདི། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡི་སྭཱ་ཧཱ། ལྔ་པ་འབྲས་ཆེན་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །བསྲེགས་རྫས་གཙང་མའི་འབྲས་ཆེན་འདི། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡི་སྭཱ་ཧཱ། དྲུག་པ་འབྲུ་དང་དར་སྟག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །མཛེས་པའི་གསེར་གཡུ་དར་སྟག་འདི། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡི་སྭཱ་ཧཱ། བདུན་པ་ཡམ་ཤིང་སུར་ཤུག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ཞི་བའི་ཡམ་ཤིང་སུར་ཤུག་འདི། །མེ་ལྷ་དྲང་སྲོང་འཁོར་བཅས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡི་སྭཱ་ཧཱ། བརྒྱད་པ་ཤུག་གུ་ཏིང་དཀར་འབུལ་བ་ནི། ཨོཾ་དམ་ཚིག་གཙང་མའི་སྦྱིན་བསྲེགས་འདི། །ཨགྣེ་ར་ཙ་འཁོར་དང་བཅས་ལ་འབུལ། །ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཨ་གྣེ་ཡེ་བདག་དང་ཡོན་བདག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡི་སྭཱ་ཧཱ། ལྔ་པ་བསྟོད་པ་བྱ་བ་ནི། ཨོཾ་ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་ལ་སྐྱབས་པའི་ཕྱིར། །ཐུགས་རྗེས་དབང་གི་སྐུར་སྤྲུལ་ཤིང་། །རིག་པ་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་བསྲེགས་པའི་ཡེ་ཤེས་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་ཐེག་པའི་ར་ལ་ཆིབས། །བསྒྲང་ཕྲིང་འཛིན་ཅིང་རིགས་སྔགས་བསྒྲུབ། །བདུད་རྩིའི་བཅུད་ལྡན་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩིའི་ཡོངས་ལ་བསེལ། །ཉེས་པའི་སྐྱོན་བྲལ་ཚང་པར་སྤྱོད། །འཇིག་རྟེན་འདས་ཀྱང་མྱང་ངན་འདས། །ཞི་བར་སྙིང་རྗེས་ཐུག་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། དྲུག་པ་བཟོད་པར་གསོལ་བ་ནི། ཨགྣེ་ར་ཙ་འཁོར་བཅས་ལ། །སྦྱིན་བསྲེགས་མཆོད་པ་འདི་དག་ཀུན། །བདག་ཅག་དད་པས་འབུལ་ལགས་ན། །བདག་གི་འགལ་འཁྲུལ་ཅི་མཆིས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡི་སྭཱ་ཧཱ། བདུན་པ་སྨོན་ལམ་བཏབ་པ་ནི། ཨགྣེ་ར་ཙ་འཁོར་བཅས་ལ། །སྦྱིན་བསྲེགས་མཆོད་པ་འདི་འབུལ་བས། །སྐུ་སྲུང་ཐུགས་ལ་ཐིམ་གྱུར་ཅིག །མཉེས་རབ་མཆོག་དང་ལྡན་གྱུར་ཏེ། །དགྱེས་རབ་ཕུལ་དུ་ཕྱིན་པར་ཤོག །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །བསམ་པའི་དོན་རྣམས་འགྲུབ་གྱུར་ཅིག །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །གཉིས་པ་བསྲེགས་ལྷ་ལ་བཞི་སྟེ། སྣང་སྲིད་ཞི་བའི་མགྲོན་དང་། ཡོན་ཏན་གྱི་མགྲོན་དང་། སྙིང་རྗེ་མགྲོན་དང་། ལན་ཆགས་ནི་མགྲོན་དང་། དང་པོ་སྲིད་ཞུའི་མགྲོན་ལ་བདུན་ལས། དང་པོ་དམ་ཚིག་གི་ས་བགྱེད་པ་ནི། མེ་ལྷ་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་པད་ཟླའི་གདན་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། །གཡས་ས་ནོན་གཡོན་མཉམ་བཞག་མཛད་པ་ཆོས་གོས་ངུར་སྨྲིག་སྐུ་ལ་གསོལ་བ། མཚན་དང་དཔེ་བྱད་ཀྱི་སྤྲས་པར་བསྒོམ་མ། དེ་ལ་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་འཕགས་པ་ཉན་ཐོས་རང་རྒྱལ་སྲིད་ཞིའི་མགྲོན་རྣམས་ཀྱི་བསྐོར་ནས་བཞུགས་པར་བསྒོམས་ལ། གཉིས་པ་སྤྱན་དྲངས་ཤིང་བསྟེན་པར་བཞུགས་པར་བྱ་བ་ལ་གཉིས་ལས། དང་པོ། རང་གི་ཐུགས་ཀར་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་ལ་ཐིམ་མོ། ཧཱུྃ། དུས་ལས་མི་འདའ་ཐུགས་རྗེ་དབང་གི་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་རྣམས། །ཡིད་ཀྱི་སྤྲུལ་པའི་བཤམ་པའི་གནས་འདི་རུ། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། ཧཱུྃ །དད་པ་དང་ནི་དམ་ཚིག་གི །ཚུར་གཤེག་ཚུར་གཤེག་སྲིད་ཞིའི་མགྲོན། །བསྲེགས་བླུག་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། ཨོཾ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧ་ཀ་རུ་ནི་ཀ་ཏྲི་ཤྱ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛ་ཧཱུྃ་བཾ་ཧོཿ དང་པོ་རྟེན་བཞུགས་བ་གཉིས་ལ་དང་པོ་གདན་འབུལ་བ་ནི། རིན་ཆེན་མཚར་བབ་བརྒྱན་པ་ནི། འཛོད་འཛིན་སྤེལ་ལེགས་བཀོད་འདྲ་བའི། །ཕོ་བྲང་བཞུག་གནས་དམ་ཚིག་འདིར། །བླ་མ་རྣམས་དང་དཀོན་མཆོག་གསུམ། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །གདན་ཡང་ལེགས་པར་འབུལ་ལག་ན། །པདྨ་དཀར་པོ་གདན་སྟེང་སུ། །རིམ་བཞིན་ལེགས་པར་བཞུགས་སུ་གསོལ། གཉིས་པ་བསིལ་ཆབ་འབུལ་བ་ནི། ཡང་དག་ཉིད་དུ་དག་མོད་ཀྱང་། །བདུད་རྩི་གཙང་མའི་བསིལ་ཆབ་འདི། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །ཕྱག་དང་ཞབས་ནི་བསིལ་མཛོད་ལ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཕྱགས་འཚལ་མཆོད་འབུལ་འགལ་འཁྲུལ་བཤགས། །ཨོཾ་ཨ་ཧ་ར་སརྦ་བྷི་ཡ་དྷ་ར་པུཙྪ་ཏ་ཡེ་སྭཱ་ཧཱ། གསུམ་པ་བྱོན་སྐྱེམས་མར་འབྲང་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །འབྲང་འབྲང་བདུད་རྩིའི་དམ་པ་འདི། །བླ་མ་དཀོན་མཆོག་ལ་སོགས་པའི། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་ཏུ་གྱུར་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨོཾ་གུ་རུ་བུདྡྷ་དྷརྨ་ས་ག་པུཙྪ་ཨ་ཧཱུྃ། བཞི་པ་མཆོད་རྫས་བསྲེགས་རྫས་འབུལ་བ་ལ་གཉིས་སྟེ། མཆོད་རྫས་འབུལ་བ་དང་། བསྲེགས་རྫས་འབུལ་བའོ། །དང་པོ་ལ་གཉིས་སྟེ། མར་ཁུ་དང་འདོད་གསོལ་བྱང་བུ་འབུལ་ཞིང་ཕྲིན་ལས་བཅོལ་བའོ། །དང་པོ་ལ་དྲུག་ལས། དང་པོ་མེ་ཏོག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་འདི། །ལྷ་རྫས་མཆོག་གི་མེ་ཏོག་འདི། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཨོཾ་གུ་རུ་བུདྡྷ་དྷརྨ་སཾ་ག་པུཥྤེ་པུཙྪ་ཨཿཧཱུྃ། གཉིས་པ་སྤོས་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་འདི། །ལྷ་རྫས་མཆོག་གི་གདུག་སྤོས་འདི། །བླ་མེད་དཀོན་མཆོག་ཡི་དམ་ལྷ། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཨོཾ་གུ་རུ་བུདྡྷ་དྷརྨ་སམ་ག་:ཥྤེ་པུཙྪ་ཨཱཿཧཱུྃ། གསུམ་པ་མར་མེ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་འདི། །ལྷ་རྫས་བཟང་པོའི་སྣང་གསལ་འདི། །བླ་མ་དཀོན་མཆོག་ཡིད་དམ་ལྷ། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཨོཾ་གུ་རུ་བུདྡྷ་དྷརྨ་སཾ་ག་ཨ་ལོ་ཀེ་པུཙྪ་ཨཱཿཧཱུྃ། བཞི་པ་ཡོན་ཆབ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་འདི། །ལྷ་རྫས་བཟང་པོའི་དྲི་ཆབ་འདི། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཨོཾ་གུ་རུ་བུདྡྷ་དྷརྨ་སཾ་ག་གནྡྷེ་པུཙྪ་ཨཱཿཧཱུྃ། ལྔ་པ་ལྷ་བཤོས་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་འདི། །ལྷ་རྫས་བཟང་པོའི་བཤོས་གཙང་འདི། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཨོཾ་གུ་རུ་བུདྡྷ་དྷརྨ་སཾ་ག་ནཻ་ཝི་ཏེ་པུཙྪ་ཨཿཧཱུྃ། དྲུག་པ་བསྙན་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་འདི། །ལྷ་རྫས་མཆོག་གི་སྒྲ་སྙན་འདི། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། ཨོཾ་གུ་རུ་བུདྡྷ་དྷརྨ་སཾ་ག་ཤཔྟ་པུཙྪ་ཨཿཧཱུྃ། གཉིས་པ་མར་ཁུ་དང་། འདོད་གསོལ་བྱང་བུ་འབུལ་བ་ཞིང་ཕྲིན་ལས་བཅོལ་བ་ནི། ཨོཾ་ཡེ་ཤེས་ཀློང་ཡང་འཁྱིལ་བའི་གཞལ་ཡས་འདི། །བླ་མ་དཀོན་མཆོག་ལ་སོགས་པའི། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །སྤྱན་འདྲེན་བཞུགས་སོ་ཕྱག་འཚལ་ནས། །མཆོད་པ་བླ་ན་མེད་པས་མཆོད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་རྗེས་བརྩེ་བར་དགོངས་ནས་ནི། །སྨིན་པར་དགོངས་ཏེ་བཞེས་སུ་གསོལ། །བླ་མ་དཀོན་མཆོག་ཡི་དམ་ལྷ། །སྲིད་ཞིའི་མངའ་བདག་ཐམས་ཅད་ཀྱི། །འཇིག་རྟེན་ནད་གདོན་སྡིག་སྒྲིབ་ཀུན། །ཐམས་ཅད་མ་ལུས་ཞི་བར་མཛོད། །ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ། གཉིས་པ་བསྲེགས་རྫས་འབུལ་བ་ལ་བརྒྱད་ལས། དང་པོ་ཕྱི་མར་འབུལ་བ་ནི། །ཨོཾ་དྲི་མེད་ཡིད་དུ་འོང་བ་འདི། །འབྲས་དཀར་ཕྱེ་མའི་འཕུར་མ་འདི། །བླ་མ་དཀོན་མཆོག་ལ་སོགས་པའི། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །ནད་གདོན་སྡིག༴ ཐུགས༴ ནད་གདོན་སྒྲིབ་ཐམས་ཅད་ཤིནྟཾ༴ གཉིས་པ་སྤྱན་གཟིགས་འབུལ་བ་ནི། ཨོཾ་དྲི་མེད༴ ལྷ་རྫས་སྤྱན་གཟིགས་མཆོད་པ་འདི། བླ་མ༴ ཕྱོགས༴ སྲིད༴ བདག༴ ནད་གདོན༴ སྣང་སྲིད་ཀྱི་གདུག་པ་ཐམས་ཅད་ཤིནྟཾ༴ གསུམ་པ་འོ་ཞུ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ༴ འོ་ཞོ་སྙིང་པོ་མཐུ་དང་འཕྲུམ། །དཀར་གསུམ་གཙང་མར་སྦྱར་བ་འདི། །བླ་མ་དཀོན་མཆོག༴ ཕྱོགས་དུས༴ སྲིད་ཞིའི༴ བདག་ཅག༴ ནད་གདོན༴ ཐུགས་རྗེས་དགོངས་ལ༴ སྣང་སྲིད་ཀྱི་གདུག་པ་ཐམས་ཤིནྟཾ༴ བཞི་པ་བུ་ལུ་འབུལ་བ་ནི། ཨོཾ་དྲི་མེད་ཡིད༴ འབྲ་དང་སྨན་གྱིས་རིལ་བུ་འདི། །བླ་མ༴ །ཕྱོགས་དུས༴ །སྲིད་ཞིའི༴ །བདག་ཅག་དད༴ །ནད་གདོན༴ །ཐུགས་རྗེས༴ །སྣང་སྲིད་ཀྱི་གདུག་པ༴ ལྔ་པ་འབྲས་ཆེན་འབུལ་བ་ནི། ཨོཾ་དྲི་མེད་ཡིད༴ འབྲུ་བཅུད་གཙང་མའི་འབྲས་ཆེན་འདི༴ བླ་མ༴ ཕྱོགས༴ སྲིད་ཞིའི༴ བདག་ཅག༴ ནད་གདོན༴ །ཐུགས་རྗེས། སྣང་སྲིད་ཀྱི་གདུག་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དྲུག་པ་དར་རྟག་འབུལ་བ་ནི། ཨོཾ་དྲི་མེད༴ རིན་ཆེན་གསེར་གཡུ་མཛེས་པ་དང་། །དར་སྟག་འབྲུ་སྣའི་བསྲེགས་རྫས་འདི། །བླ་མ་དཀོན་མཆོག་ལ་སོགས་པའི། ཕྱོགས་དུས༴ །སྲིད་ཞིའི༴ བདག་ཅག༴ ནད་གདོན༴ ཐུགས་རྗེས༴ སྣང་སྲིད་ཀྱི་གདུག་རྩུབ་དང་ནད་གདོན་ཕྲག་དོག་ཐམས་ཅད༴ བདུན་པ་ཡམ་ཤིང་སུང་ཤུག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་འདི། སུང་ཤུག་ཡམ་ཤིང་བསྲེགས་རྫས་འདི། བླ་མ༴ ཕྱོགས་དུས༴ སྲིད་ཞི༴ བདག་ཅག༴ ནད་གདོན༴ ཐུགས་རྗེས༴ སྣང་སྲིད་ཀྱི་གདུག་པ་ཐམས་ཅད༴ བརྒྱད་པ་སྦྱིན་བསྲེགས་འབུལ་བ་ནི། དམ་རྫས་བདུན་རྩི་གཙང་མའི་སྦྱིན་བསྲེགས་འདི། །བླ་མ་དཀོན་མཆོག་འཁོར་དང་བཅས་ལ་འབུལ། །ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། གུ་རུ་བུདྡྷ་དྷརྨ་སཾ་ག་བདག་དང་ཡོན་བདག་གིས་ནད་གདོན་སྡིག་སྒྲིབ། དགུ་པ་བསྟོད་པ་བྱ་བ་ནི། ཨོཾ་བདེ་གཤེགས་མ་ལུས་འདུས་པའི་སྐུ། དམ་ཆོས་མ་ལུས་འདུས་པའི་གསུང་། སངས་རྒྱས་དགོངས་པ་འདུས་པའི་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་བསྟོད། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་བསྟོད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། མ་སྐྱེས༴ །སོ་སོ༴ །དུས་གསུམ་རྒྱལ་བའི་ཡུམ༴ ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང་། སོགས་ནས་རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཐུབ་ཆེན་དཔའ་བོ་ཆེན་པོ་ཡི། །གྲགས་ཅིང་སྙན་གྲགས་ཆེན་པོ་སྟེ། །སྲིད་པའི་མྱ་ངན་བསྒལ་བ་པོ། །ཉོན་མོངས་བརྒལ་ལ་ཕྱག་འཚལ་བསྟོད། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་ཉན་ཐོས་ལ། དད་པས་ཡིད་ཀྱི་ཕྱག་འཚལ་བསྟོད། དྲུག་པ་ནོངས་པར་བཟོད་པར་གསོལ་བ་ནི། བླ་མ་དཀོན་མཆོག་ལ་སོགས་པའི། ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ལ། །སྦྱིན་བསྲེག་མཆོད་པ་འབུལ་བའི་ཚེ། །བདག་གིས་འགལ་འཁྲུལ་ཅི་འཆིས་པ། དེ་དག་ཐམས་ཅད་བཟོད་པར་གསོལ། ཉམས་ཆགས་འགལ་འཁྲུལ་ཐམས་ཅད་ཤིནྟཾ༴ བདུན་པ་སྨོན་ལམ་བཏབ་པ་ནི། བླ་མ་དཀོན་མཆོག་ཡི་དམ་ལྷ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །སྲིད་ཞིའི་མགྲོན་དུ༴ སྦྱིན་བསྲེགས་མཆོད་པ་འདི་འབུལ་བས། སྐུ་གསུང་ཐུགས་ལ་ཐིམ་གྱུར་ཅིག །མཉེས་རབ་ཕུལ་དུ་ཕྱིན་གྱུར་ཏེ། །དགྱེས་པར་མཆོག་ཏུ་གྱུར་པར་ཤོག །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ལུས་ཀྱི་འབྲས་བུ་མཆིས་པར་མཛོད། ཅེས་སྨོན་ལམ་བཏབ། དེ་ནས་ཟན་ཞལ་གཅིག་པར་ཏིག་ལ །ན་མོ་སྲིད་ཞིའི་མགྲོན་བླ་ན་མེད་པའི་དཀོན་མཆོག་གསུམ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་རྣམ་ལ། །བླ་ན་མེད་པའི་མཆོད་པ་ཆེན་པོ་འདི་འབུལ་བས། །མཉེས་རབ་ཀྱི་མཆོག་དགྱེས་རབ་ཀྱི་ཕུལ་དུ་དམ་པ་དང་ལྡན་པར་གྱུར་ཅིག །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བྱང་། །ཚོགས་གཉིས་རྫོགས་ནས་བདེ་བར་གཤེགས་པ་སྲིད་ཞིའི་མགྲོན་གྱི་སྐྱབ་འོག་ཏུ་ཚུད་པར་གྱུར་ཅིག །གནས་སྐབས་སུ་མི་མཐུན་པའི་རྐྱེན་དང་བར་ཆད་ཐམས་ཅད་ཐུགས་རྗེའི་སྟོབས་ཀྱི་ཞི་བར་མཛད་དུ་གསོལ། དགེ་བའི་ཚོགས་དང་བཅས་པ་ཐམས་ཅད་ལྷུན་ཀྱི་འགྲུབ་པར་མཛད་དུ་གསོལ། སླར་ཡང་ཆོས་སྐུ་བདེ་བ་ཆེན་པོ་ཐམས་ཅད་ཐོབ་ནས། སྐྱེ་འགག་མེད་པའི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་སྐྱེད་ཀྱི་བཀྲ་ཤིས་ཤོག །ཅེས་པས་སླར་ཡང་མེ་ནང་དུ་དོར་རོ། གཉིས་པ་ཡོན་ཏན་གྱི་འགྲོན་ལ་བདུན་ལས། དང་པོ་དམ་ཚིག་གིས་བསྐྱེད་པ་ནི། སྲིད་ཞིའི་མགྲོན་གྱི་ཕྱི་རོལ་དུ་པདྨའི་གདན་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སུང་མ་ཡོན་ཏན་གྱི་མགྲོན་ཚངས་པ་དང་། རྒྱ་བྱིན་རྒྱལ་པོ་ཆེན་པོ་སྡེ་བཞི། ཕྱོགས་སྐྱོང་བ་བཅུ། དཔལ་མགོན་བདུན་བཅུ་རྩ་གཉིས་ལ་སོགས་པས་བསྐོར་བ་བསྒོམ། གཉིས་པ་སྤྱན་དྲངས་ཤིང་བརྟན་བཞུགས་བྱ་བ་ལ་གཉིས་ལས། དང་པོ་སྤྱན་དྲངས་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་རང་གི་གནས་ནས་བྱོན་ནས་དམ་ཚིག་གི་ས་ལ་ཐིམ་པར་བསམ་ཞིང་འདི་སྐད་དོ། ཨོཾ་དད་པ་དང་ནི་དཾ་ཚིག་གི །ཚུར་གཤེགས་ཚུར་གཤེགས་དཔལ་དགོན་རྣམས། །བསྲེག་བླུགས་ཞལ་ཟས་བཞེས་སླར་དུ། འབར་བའི་གདན་འདིར་བཞུགས་སུ་གསོལ། །ཨོཾ་ཚང་པ་བརྒྱ་བྱིན་རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད་དང་ནོར་སྲུང་བརྒྱད། །རྒྱ་སྐར་ཉེར་བརྒྱད་ལ་སོགས་པ། །ཡོན་ཏན་མགྲོན་དུ་གྱུར་པ་རྣམས། འབར་བའི་གནས་འདིར་བཞུགས་སུ་གསོལ། ཨོཾ་ཨེ་ཧྱ་ཧི། དྷ་ཤ་ཏི་ལོ་ཀ་ལོ་ཀི་ས་པ་རི་ཝ་རཱ་ཛཿཧཱུྃ་བཾ་ཧོཿ གཉིས་པ་ལ་བརྟེན་བཞུགས་བྱ་བ་ལ་གཉིས་ལས། དང་པོ་གདན་ཕུལ་བ་ནི། ཀུ་ཤ་མེ་ནང་དུ་དོར་ལ། རིན་ཆེན་མཚེར་བས་བརྒྱན་པ་ནི། །འཛིན་མཛོད་སྤེལ་ལེགས་བཀོད་འདྲ་བའི། །ཕོ་བྲང་གཞལ་ཡས་དམ་པ་འདིར། ཚང་པ་བརྒྱ་བྱིན་ལ་སོགས་པའི། །ཡོན་ཏན་མགྲོན་དུ་གྱུར་པ་ལ། །གདན་ཡང་ལེགས་པར་འབུལ་ལག་ན། །པདྨ་དཀར་པོའི་གདན་སྟེངས་སུ། །རིམ་བཞིན་ལེགས་པར་བཞུགས་སུ་གསོལ། པདྨ་ས་མ་ཡ་སྟྭོཾཿ གསུམ་པ་བསིལ་ཆབ་འབུལ་བ་ནི། ཡང་དག་ཉིད་དུ་དག་མོད་ཀྱང་། །བདུད་རྩི་གཙང་མའི་བསིལ་ཆབ་འདི། །ཚང་པ་བརྒྱ་བྱིན་ལ་སོགས་པའི། ཡོན་ཏན་མགྲོན་དུ་གྱུར་པ་རྣམས། །ཕྱག་དང་ཞབས་ནི་བསིལ་མཛོད་ལ། འདི་ཉིད་ནི་བཞུགས་སུ་གསོལ། ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ར་ས་པུཙྪ་ཧཱུྃ། གསུམ་པ་བྱོན་སྐྱེམས་མར་འབྲང་འབུལ་བ་ནི། ཨོཾ་རྩི་བཅུད་མར་གྱི་འབྲང་འབྲང་འདི། ཚངས་པ་བརྒྱ་བྱིན་ལ་སོགས་པའི། ཡོན་ཏན་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་ཞི་ཕྱེར་བཞེས་སུ་གསོལ། ཨོཾ་དྷ་ཤ་ཏི་ཤ་ལོ་ཀ་ར་ས་པུཙྪ་ཧཱུྃཿ བཞི་པ་མཆོད་རྫས་དང་བསྲེགས་རྫས་འབུལ་བ་ལ་གཉིས་ཏེ། མཆོད་རྫས་འབུལ་བ་དང་། བསྲེགས་རྫས་འབུལ་བའོ། །དང་པོ་ལ་གཉིས་ཏེ། མཆོད་རྫས་འབུལ་བ་དངོས་དང་། མར་ཁུ་དང་འདོད་གསོལ་བྱང་བུ་འབུལ་ནས། ཕྲིན་ལས་བཅོལ་བའོ། །དང་པོ་དྲུག་ལས། མེ་ཏོག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་མེ་ཏོག་འདིར། །ཚངས་པ་བརྒྱ་བྱིན་ལ་སོགས་པའི། །ཡོན་ཏན་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །སངས་རྒྱས་བསྟན་པ་བསྲུང་བ་དང་། །ནད་གདོན་ཞི་ཕྱེར་བཞེས་སུ་གསོལ། །ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་པུཥྤེ་པུཙྪ་ཧཱུྃཿ གཉིས་པ་སྤོས་འབུལ་བ་ནི། ཨོཾ་དྲི་མེད༴ །ལྷ་རྫས་མཆོག་གི་གདུག་སྤོས་འདི། །ཚངས་པ་བརྒྱ་བཞིན༴ །ཡོན་ཏན་མགྲོན་དུ༴ །བདག་ཅག༴ །སྣང་སྲིད་གདུག་པ་ཐམས་ཅད་དང་། །ནད་གདོན་ཞི་ཕྱིར༴ །ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་Kཥྤེ་པུཙྪ་ཧཱུྃཿ གསུམ་པ་མར་མེ་འབུལ་བ་ནི། ཨོཾ་དྲི་མེད༴ ལྷ་རྫས་མཆོག་གི་མར་མེ་འདི། །ཚངས་པ༴ ཡོན་ཏན། །བདག་ཅག༴ །སྣང་སྲིད་གདུག་པ༴ །ནད་གདོན་ཞི་ཕྱིར། །ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ཨ་ལོ་ཀེ་པུཙྪ་ཧཱུྃཿ བཞི་པ་དྲི་ཆབ་འབུལ་བ་ནི། ཨོཾ་དྲི་མེད༴ ལྷ་རྫས་མཆོག་གི་མར་མེ་འདི། །ཚངས་པ༴ ཡོན་ཏན། །བདག་ཅག༴ །སྣང་སྲིད་གདུག་པ༴ །ནད་གདོན་ཞི་ཕྱིར། །ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་གྷནྡྷེ་པུཙྪ་ཧཱུྃཿ ལྔ་པ་ལྷ་བཤོས་འབུལ་བ་ནི། ཨོཾ་དྲི་མེད་ཡིད༴ །ལྷ་རྫས་མཆོག་གི་བཤོས་གཙང་འདི། །ཚངས་པ༴ ཡོན་ཏན༴ བདག་ཅག༴ སྣང་སྲིད༴ ནད་གདོན་ཞི༴ ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ནཻ་ཝི་ཏེ་པུཙྪ་ཧཱུྃཿ དྲུག་པ་སྒྲ་སྙན་འབུལ་བ་ནི། །ཨོཾ་དྲི་མེད༴ །རོལ་མོ་སྒྲ་སྙན་མཆོད་པ་འདི། །ཚངས་པ་བརྒྱ་བྱིན། །ཡོན་ཏན༴ །བདག་ཅག༴ །སྣང་སྲིད་གདུག་པ༴ །ནད་གདོན་ཞི་ཕྱིར༴ །ཐུགས་རྗེ༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ཤབྟ་པུ་ཙྪ་ཧཱུྃཿ གཉིས་པ་མར་ཁུ་དང་འདོད་གསོལ་བྱང་བུ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཨོཾ་ཡེ་ཤེས་ཀློང་ཡང་འཁྱིལ་བའི་གཞལ་ཡས་འདིར། །ཚངས་པ་བརྒྱ་བྱིན་ལ་སོགས་པའི། ཡོན་ཏན་མགྲོན་དུ་གྱུར་པ་ལ། །སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ནས། མཆོད་པ་བླ་ན་མེད་པས་མཆོད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །སྨིན་པར་དགོངས་ཏེ་བཞེས་སུ་གསོལ། །ཚངས་པ་བརྒྱ་བྱིན་ལ་སོགས་པའི། །ཡོན་ཏན་མགྲོན་དུ་གྱུར་པ་རྣམས། །འཇིག་རྟེན་ནད་གདོན་སྡིག་སྒྲིབ་པ་ཀུན། །ཐམས་ཅད་མ་ལུས་ཞི་གྱུར་གཅིག ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ནད་གདོན་ཐམས་ཅད་ཤིནྟཾ་༴ གཉིས་པ་བསྲེགས་རྫས་འབུལ་བ་ལ་བརྒྱད་ལས། དང་པོ་ཕྱི་མར་འབུལ་བ་ནི། ཨོཾ་དྲི་མེད༴ །འབྲས་དཀར་ཕྱེ་མའི་ཕུར་མ་འདི། །ཚངས་པ༴ །ཡོན་ཏན༴ །བདག་ཅག༴ །སྣང་སྲིད༴ །ནད་གདོན༴ །ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ནད་གདོན་སྡིག་སྒྲིབ་ཐམས༴ གཉིས་པ་སྤྱན་གཟིགས་འབུལ་བ་ནི། ཨོཾ་དྲི་མེད༴ །ཞལ་ཟས་སྤྱན་གཟིགས་མཆོད་པ་འདི། །ཚངས་པ༴ །ཡོན་ཏན༴ །བདག་ཅག༴ །སྣང་སྲིད༴ །ནད་གདོན༴ །ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ནད་གདོན་སྡིག་སྒྲིབ་ཐམས༴ གསུམ་པ་འོ་ཞོ་འབུལ་བ་ནི། ཨོཾ་དྲི་མེད༴ །འོ་ཞོ་སྙིང་པོ་མཐུ་དང་ཕྲུམ། །དཀར་གསུམ་གཙང་མར་སྦྱར་བ་འདི། །ཚངས་པ༴ །ཡོན་ཏན༴ །བདག་ཅག༴ །སྣང་སྲིད༴ །ནད་གདོན༴ །ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ནད་གདོན་སྡིག་སྒྲིབ་ཐམས༴ བཞི་པ་པུ་ལུ་འབུལ་བ་ནི། ཨོཾ་དྲི་མེད༴ །དཀར་གསུམ་མངར་གསུམ་སྦྱར་བ་ཡི། །འབྲུ་དང་སྨན་གྱི་རི་ལུ་འདི། །ཚངས་པ༴ །ཡོན་ཏན༴ །བདག་ཅག༴ །སྣང་སྲིད༴ །ནད་གདོན༴ །ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ནད་གདོན་སྡིག་སྒྲིབ་ཐམས༴ །ལྔ་པ་འབྲས་ཆེན་འབུལ་བ་ནི། ཨོཾ་དྲི་མེད༴ །འབྲ་བཅུད་གཙང་མའི་འབྲས་ཆེན་འདི། །ཚངས་པ༴ །ཡོན་ཏན༴ །བདག་ཅག༴ །སྣང་སྲིད༴ །ནད་གདོན༴ །ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ནད་གདོན་སྡིག་སྒྲིབ་ཐམས༴ དྲུག་པ་འབྲུ་དང་དར་སྟག་འབུལ་བ་ནི། ཨོཾ་དྲི་མེད༴ །རིན་ཆེན་གསེར་གཡུ་མཛེས་པ་དང་། །ཚངས་པ༴ །ཡོན་ཏན༴ །བདག་ཅག༴ །སྣང་སྲིད༴ །ནད་གདོན༴ །ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ནད་གདོན་སྡིག་སྒྲིབ་ཐམས༴ བདུན་པ་ཡམ་ཤིང་སུར་ཤུག་འབུལ་བ་ནི། ཨོཾ་དྲི་མེད༴ །སུར་ཤུག་ཡམ་ཤིང་བསྲེགས་རྫས་འདི། །ཚངས་པ༴ །ཡོན་ཏན༴ །བདག་ཅག༴ །སྣང་སྲིད༴ །ནད་གདོན༴ །ཐུགས་རྗེས༴ ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་ནད་གདོན་སྡིག་སྒྲིབ་ཐམས༴ བརྒྱད་པ་ཤུག་གུ་ཏིང་དཀར་འབུལ་བ་ནི། ཨོཾ་དམ་རྫས་བདུད་རྩི་གཙང་མའི་སྦྱིན་བསྲེགས་འདི། །ཚངས་པ་བརྒྱ་བྱིན་འཁོར་དང་བཅས་པ་དང་། །ཕྱོགས་སྐྱོང་ཞིང་སྐྱོང་འཁོར་དང་བཅས་ལ་འབུལ། །ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཨོཾ་དྷ་ཤ་ཏི་ཀ་ལོ་ཀ་བདག་ཅག༴ །འཁོར་བཅས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ལྔ་པ་བསྟོད་པ་བྱ་བ་ནི། སྟེང་ཕྱོགས་འཇིག་རྟེན་སྐྱོང་མཛད་པའི། །དད་པའི་སྟེང་ན་བཞུགས་པ་ཡི། །ཚངས་པའི་རྒྱལ་པོ་འཁོར་བཅས་པ། །མཆོད་ཅིང་བསྟོད་དེ༴ །ཤར་ཕྱོགས་འཇིག་རྟེན་སྐྱོང་མཛད་པའི། །གླང་པོའི་སྟེང་ན་བཞུགས་པ་ཡི། །ལྷ་དབང་བརྒྱ་བྱིན་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཤར་ལྷོ་འཇིག་རྟེན་སྐྱོང་མཛད་པའི། །རྭ་སྐྱེས་སྟེང་ན་བསྒྲང་འཕྲེང་འཛིན། །ཨགྣེ་ར་ཙ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ལྷོ་ཕྱོགས་འཇིག་རྟེན་སྐྱོང་མཛད་པ། །མ་ཧེའི་སྟེང་ན་ཐོད་དབྱུག་འཛིན། །གཤིན་རྗེ་རྒྱལ་པོ་འཁོར་བཅས་ལ། །མཆོད་ཅིང་༴ །ལྷོ་ནུབ་འཇིག་རྟེན་སྐྱོང་མཛད་པ། །མི་རོའི་སྟེང་ན་རལ་གྲི་འཛིན། །སྲིན་པོའི་རྒྱལ་པོ་འཁོར་བཅས་ལ། མཆོད་ཅིང་༴ ནུབ་ཕྱོགས་འཇིག་རྟེན་སྐྱོང་མཛད་པ། །ཆུ་སྲིད་སྟེང་ན་སྦྲུལ་ཞགས་འཛིན། །ཆུ་ལྷའི་རྒྱལ་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ནུབ་བྱང་འཇིག་རྟེན་སྐྱོང་མཛད་པ། །ཤ་བའི་སྟེང་ན་བ་དན་འཛིན། །རླུང་ལྷའི་རྒྱལ་པོའི་འཁོར་བཅས་ལ། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བྱང་ཕྱོགས་འཇིག་རྟེན་སྐྱོང་མཛད་པ། །ཅང་ཤེས་སྟེང་ན་རྐྱལ་པ་འཛིན། །ནོར་བསྲུང་རྒྱལ་པོ་འཁོར་བཅས་ལ། མཆོད་ཅིང་སྟོད་དེ་ཕྱག་ཀྱང་འཚལ། །བྱང་ཤར་འཇིག་ཏེན་སྐྱོང་མཛད་པ། །ཁྱུ་མཆོག་སྟེང་ན་རྩེ་གསུམ་འཛིན། །དབང་ལྡན་རྒྱལ་པོ་འཁོར་དང་བཅས། །མཆོད་ཅིང་སྟོད་དེ་ཕྱག་ཀྱང་འཚལ། །འོག་ཕྱོགས་འཇིག་རྟེན་སྐྱོང་མཛད་པ། །ཕག་གི་སྟེང་ན་བུམ་པ་འཛིན། །ལྷ་མོ་བརྟན་མ་འཁོར་བཅས་ལ། མཆོད་ཅིང་སྟོད་དེ་ཕྱག་ཀྱང་འཚལ། ཤར་ཕྱོགས་དྲི་ཟའི་བདག་པོ་ནི། །མདོག་དཀར་ཕྱག་ན་པི་ཝཾ་འཛིན། །ཡུལ་འཁོར་བསྲུང་བ་འཁོར་བཅས་ལ། མཆོད་ཅིང་༴ ལྷོ་ཕྱོགས་གྲུལ་བུམ་བདག་པོ་ནི། །མདོག་སྔོན་ཕྱག་ན་རལ་གྲི་འཛིན། །རྒྱལ་ཆེན་འཕགས་སྐྱེས་འཁོར་བཅས་ལ། །ནུབ་ཕྱོགས་ཀླུའི་བདག་པོ་ནི། །མདོག་མར་ཕྱག་ན་སྦྲུལ་ཞགས་བསྣམས། །སྤྱན་མི་བཟང་བ་འཁོར་བཅས་ལ། མཆོད་ཅིང་༴ བྱང་ཕྱོགས་གནོད་སྦྱིན་བདག་པོ་ནི། །མདོག་སེར་ཕྱགས་ན་རྒྱ་མཚན་བསྣམས། །ལུས་ངན་བུ་ནི་འཁོར་བཅས་ལ། །མཆོད་ཅིང་༴ །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་ནོར་སྲུང་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། མཆོད་ཅིང་༴ དྲུག་པ་གནོད་པ་བཟོད་པར་གསོལ་བ་ནི། ཚངས་པ་བརྒྱ་བྱིན་ལ་སོགས་པའི། །ཡོན་ཏན་མགྲོན། སྦྱིན་བསྲེགས་མཆོད་པ་འདི་འབུལ་ཚེ། །བདག་གི་འགལ་འཁྲུལ་ཅི་བགྱིས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། །ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་༴ བདུན་པ་སྨོན་ལམ་བཏབ་པ་ནི། ཚངས་པ་བརྒྱ་བྱིན་ལ༴ ཡོན་ཏན༴ སྦྱིན་བསྲེགས་མཆོད་པ་འདི་འབུལ་བས། །སྐུ་གསུང་ཐུགས་ལ་ཐིམ་གྱུར་ཅིག །མཉེས་རབ་མཆོག་དང་ལྡན་གྱུར་ཏེ། དགྱེས་རབ་ཕུལ་དུ་ཕྱིན་པར་ཤོག །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བསམ་པའི་དོན་རྣམས་མྱུར་འགྲུབ་ཅིང་། །ལས་ཀྱི་འབྲས་བུ་མཆེས་པར་མཛོད། །དེ་ནས་ཟན་ཞལ་བཏེང་ལ། ཧོ་ཡོན་ཏན་གྱི་མགྲོན་འཇིག་རྟེན་དཔལ་མགོན་འཁོར་དང་བཅས་པ་རྣམས་ལ་བླ་ན་མེད་པའི་མཆོད་པ་རྒྱ་ཆེན་འདི་འབུལ་བས། ཉེས་རབ་ཀྱི་མཆོག །དགྱེས་རབ་ཀྱི་ཕུལ་དམ་པ་དང་ལྡན་ནས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བྱང་། ཚོགས་གཉིས་རྫོགས་ནས་ཡོན་ཏན་གྱི་མགྲོན་ཚངས་པ་བརྒྱ་བྱིན་ལ་སོགས་ཏེ། འཇིག་རྟེན་དཔལ་མགོན་རྣམས་ཀྱི་ཀྱང་བསྟན་པ་བསྲུངས་ཤིང་དཀར་ཕྱོགས་དགེ་བའི་སྡོང་གྲོགས་མཛད་པར་གྱུར་གཅིག །མཆོད་ཡོན་གྱི་བདག་པོ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་འཕྲལ་གྱི་རྐྱེན་བཟློག ཡུན་གྱི་སྒྲིབ་པ་བྱང་ནས་སྐྱེ་འགགས་མེད་པའི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག ཅེས་སླར་མེ་ནང་དུ་བླུག་གོ ༈ གསུམ་པ་སྙིང་རྗེའི་མགྲོན་ལ་བདུན་ལས། དང་པོ་དམ་ཚིག་གི་བསྐྱེད་པ་ནི། ཡོན་ཏན་གྱི་ཕྱི་རོལ་དུ། པདྨའི་གདན་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། །སྙིང་རྗེའི་མགྲོན་གྱི་རིག་དྲུག་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་བསྐོར་བ་དང་བསྒོམས་ལ་གཉིས་པ་སྤྱན་དྲངས་ཤིང་བརྟེན་བཞུགས་བྱ་བ་ལ་གཉིས་ལས། དང་པོ་སྤྱན་དྲངས་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཀུག་ལ་དམ་ཚིག་པ་ལ་བསྟིམས་མོ། །ཨོཾ་དད་པ་དང་ནི་དམ་ཚིག་གི །ཚུར་གཤེགས་ཚར་གཤེགས་རིགས་དྲུག་མགྲོན། །བསྲེགས་བླུལ་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ལྷ་དང་ལྷ་མིན་མི་ལ་སོགས། །ཡི་དྭགས་དམྱལ་བ་ལ་སོགས་སྟེ། །སྙིང་རྗེའི་མགྲོན་དུ་གྱུར་པ་ལ། །བྱམས་པས་སྦྱིན་བཏང་གནས་འདིར་འདུས། ཨོ་ཨེ་ཧྱེ་ཧི་ཨ་ནི་སུ་ཏྲི་པྲི་དུ་ཛཿཧཱུྃ་བཾ་ཧོ། གཉིས་པ་བརྟེན་བཞུགས་བྱ་བ་ལ་གཉིས་ལས། དང་པོ་གདན་འབུལ་བ་ནི། ཀུ་ཤའི་ཆུན་པོ་དོར་ལ། རིན་ཆེན་བབས་བརྒྱན་པ་ནི། འཇའ་ཚོན་སྤེལ་ལེགས་བཀོད་འདྲ་བའི། །ཕོ་བྲང་གཞལ་ཡས་དམ་པ་འདིར། །འགྲོ་བའི་རིགས་དྲུག་ལ་སོགས་པའི། །སྙིང་རྗེའི་མགྲོན་དུ་གྱུར་པ་ལ། །གདན་ཡང་ལེགས་པར་འབུལ་ལགས་ན། པདྨ་དཀར་པོའི་གདན་སྟེང་དུ། རིམ་བཞིན་ལེགས་པར་གཞུགས་སུ་གསོལ། ས་མ་ཡ་སྟྭཾ། བདུན་པ་བསིལ་ཆབ་འབུལ་བ་ནི། ཡང་དག་ཉིད་དུ་དག་མོད་ཀྱང་། །བདུད་རྩི་གཙང་མའི་བསིལ་ཆབ་འདི། །འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན། །ཕྱག་དང་ཞབས་ནི་བསིལ་མཛོད་ལ། །པདྨའི་གདན་ལ་བཞུགས་སུ་གསོལ། །ཁྱེད་ལ་བསྙེན་བསྐུར་མཆོད་པ་འབུལ། །སྲིད་བསུམ་སྡིག་སྒྲིབ་འགལ་འཁྲུལ་བཤག ཨ་ཧ་ར། ཨ་ཧ་ར། སརྦ་བིདྱ། ཨ་ནི་སུ་ཏྲི་པྲི་དུ་ཛ། ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གསུམ་པ་བྱོན་སྐྱེམས་དུ་མར་འབྲང་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །འབྲང་འབྲང་བདུད་རྩི་དམ་པ་འདི། །འགྲོ་བ་རིགས་དྲུགས་ལ་སོགས་པའི། །སྙིང་རྗེའི་མགྲོན་དུ་གྱུར་པ་ལ། །བདག་ཅག་༴ རིགས་དྲུག་གདུག་པ་ཞི་བ་དང་། །ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛ། ར་ས་པུ་ཙྪ་ཨཱཿཧཱུྃཿ བཞི་པ་མཆོད་རྫས་དང་བསྲེགས་རྫས་ཕུལ་བ་གཉིས་ཏེ། མཆོད་རྫས་འབུལ་བ་དང་བསྲེགས་རྫས་འབུལ་བའོ། །དང་པོ་ལ་གཉིས་ཏེ། མཆོད་རྫས་འབུལ་བ་དངོས་དང་། མར་ཁུ་དང་འདོད་གསོལ་བྱང་བུ་འབུལ་ཞིང་ཕྲིན་ལས་བཅོལ་བའོ། །དང་པོ་ལ་དྲུག་ལས། དང་པོ་མེ་ཏོག་འབུལ་བ་ནི། ཨོཾ་དྲི་མེད༴ །ལྷ་རྫས་མཆོག་གི་མེ་ཏོག་འདི། །འགྲོ་བ་རིགས་དྲུག་ལ་སོགས་པ། སྙིང་རྗེ༴ །བདག་ཅག །རིགས་དྲུག་བསྡུག་སྔལ་ཞི་བ་དང་། ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛཿཔུཥྤེ་པུ་ཙྪ་ཧཱུྃཿ གཉིས་པ་སྤོས་འབུལ་བ་ནི། ཨོཾ་དྲི་མེད༴ །ལྷ་རྫས་མཆོག་གི་གདུག་སྤོས་འདི། །འགྲོ་བ་རིགས་དྲུག་ལ་སོགས་པ། སྙིང་རྗེ༴ །བདག་ཅག །རིགས་དྲུག་བསྡུག་སྔལ་ཞི་བ་དང་། ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུང་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛཿKཥྤེ་པུ་ཙྪ་ཧཱུྃཿ གསུམ་པ་མར་མེ་འབུལ་བ་ནི། ཨོཾ་དྲི་མེད༴ །ལྷ་རྫས་མཆོག་གི་སྣང་གསལ་འདི། །འགྲོ་བ་རིགས་དྲུག་ལ་སོགས་པ། སྙིང་རྗེ༴ །བདག་ཅག །རིགས་དྲུག་བསྡུག་སྔལ་ཞི་བ་དང་། ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛཿཨ་ལོ་ཀེ་པུ་ཙྪ་ཧཱུྃཿ བཞི་པ་བྲི་ཆབ་འབུལ་བ་ནི། ཨོཾ་དྲི་མེད༴ །ལྷ་རྫས་མཆོག་གི་དྲི་ཆབ་འདི། །འགྲོ་བ་རིགས་དྲུག་ལ་སོགས་པ། སྙིང་རྗེ༴ །བདག་ཅག །རིགས་དྲུག་བསྡུག་སྔལ་ཞི་བ་དང་། ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛཿགྷནྡྷེ་པུ་ཙྪ་ཧཱུྃཿ ལྔ་པ་ལྷ་བཤོས་འབུལ་བ་ནི། ཨོཾ་དྲི་མེད༴ །ལྷ་རྫས་མཆོག་གི་བཤོས་གཙང་འདི། །འགྲོ་བ་རིགས་དྲུག་ལ་སོགས་པ། སྙིང་རྗེ༴ །བདག་ཅག །རིགས་དྲུག་བསྡུག་སྔལ་ཞི་བ་དང་། ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛཿནཻ་ཝི་དེ་པུ་ཙྪ་ཧཱུྃཿ དྲུག་པ་སྒྲ་བསྙན་འབུལ་བ་ནི། ཨོཾ་དྲི་མེད༴ །ལྷ་རྫས་མཆོག་གི་སྒྲ་སྙན་འདི། །འགྲོ་བ་རིགས་དྲུག་ལ་སོགས་པ། སྙིང་རྗེ༴ །བདག་ཅག །རིགས་དྲུག་སྡུག་བསྔལ་ཞི་བ་དང་། ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུང་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛཿཤཔྟ་པུ་ཙྪ་ཧཱུྃཿ གཉིས་པ་མར་ཁུ་དང་། འདོད་གསོལ་བྱང་བུ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཨོཾ་ཡེ་ཤེས་ཀློང་ཡང་འཁྲིལ་པའི་གཞལ་ཡས་འདི། འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན། །སྲིད་གསུམ་བར་དོར་བཅས་པ་ལ། །མཆོད་པ་བླ་ན་མེད་པས་མཆོད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །སྨིན་པར་དགོངས་ཏེ་བཞེས་སུ་གསོལ། །ཁམས་གསུམ་རིགས་དྲུག་སྙིང་རྗེའི་མགྲོན། །རིགས་དྲུག་སེམས་ཅན་ཐམས་ཅད་ཀྱིས། །འཇིག་རྟེན་ནད་གདོན་སྡིག་སྒྲིབ་ཀུན། ཐམས་ཅད་མ་ལུས་ཞི་བ་དང་། ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེསྭཱ་ཧཱཿ །གཉིས་པ་བསྲེག་རྫས་འབུལ་བ་ལ་བརྒྱད་ལས། དང་པོ་ཕྱེ་མར་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ༴ །ལྷ་རྫས༴ འབྲས་དཀར་ཕྱེ་མའི་ཕུར་མ་འདི། །འགྲོ་བ་རིགས་དྲུག་ལ་སོགས་པ། སྙིང་རྗེ༴ །བདག་ཅག །རིགས་དྲུག་སྡུག་བསྔལ་ཞི་བ་དང་། ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྲཱ་ཧཱ། གཉིས་པ་སྤྱན་གཟིགས་འབུལ་བ་ནི། ཨོཾ་དྲི་མེད༴ ཞལ་ཟས་སྤྱན་གཟིགས་མཆོད་པ་འདི། །འགྲོ་བ་རིགས་དྲུག་ལ་སོགས་པ། སྙིང་རྗེ༴ །བདག་ཅག །རིགས་དྲུག་སྡུག་བསྔལ་ཞི་བ་དང་། ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛཿ ནད་གདོན༴ གསུམ་པའོ་ཞོ་འབུལ་བ་ནི། །ཨོཾ་དྲི་མེད༴ འོ་ཡོ་སྙིང་པོ་མཐུ་དང་ཕྲུམ། །དཀར་གསུམ་གཙང་མར་སྦྱར་བ་འདི། །འགྲོ་བ་རིགས་དྲུག་ལ་སོགས་པ། སྙིང་རྗེ༴ །བདག་ཅག །རིགས་དྲུག་སྡུག་བསྔལ་ཞི་བ་དང་། ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛཿ ནད་གདོན༴ བཞི་པ་བུ་ལུ་འབུལ་བ་ནི། ཨོཾ་དྲི་མེད༴ འབྲུ་དང་སྨན་གྱི་རུ་ལུ་འདི། །འགྲོ་བ་རིགས་དྲུག་ལ་སོགས་པ། སྙིང་རྗེ༴ །བདག་ཅག །རིགས་དྲུག་སྡུག་བསྔལ་ཞི་བ་དང་། ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུང་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ནྲི་སུ་ཏྲི་པྲེ་དུ་ཛཿ ནད་གདོན༴ ལྔ་པ་འབྲས་ཆེན་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །གྲོ་འབྲས་གྲོ་དཀར་ལ་སོགས་པའི། །འབྲུ་བཅུད་གཙང་མའི་འབྲས་ཆེན་འདི། །འགྲོ་བ་རིགས་དྲུག་ལ་སོགས་བའི། །སྙིང་རྗེའི་མགྲོན་དུ་གྱུར་པ་ལ། །བདག་ཅག༴ རིགས་དྲུག་གདུག་པ་ཞི་བ་དང་། །ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ཪྣྲི་སུ་ཏྲི་པྲེ་དུ་ཛ་ནད༴ དྲུག་པ་འབྲ་སྣ་དར་སྟག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། རིན་ཆེན༴ །དར་སྟག་ལ་སོགས་བསྲེགས་རྫས་འདི། །འགྲོ་བ་རིགས་དྲུག་ལ་སོགས་བའི། །སྙིང་རྗེའི་མགྲོན་དུ་གྱུར་པ་ལ། །བདག་ཅག༴ རིགས་དྲུག་གདུག་པ་ཞི་བ་དང་། །ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ཪྣྲི་སུ་ཏྲི་པྲེ་དུ་ཛ་ནད༴བདུན་པ་ཡམ་ཤིང་སུར་ཤུག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ཞི་བའི་ཡམ་ཤིང་སུར་ཤུག་འདི། །འགྲོ་བ་རིགས་དྲུག་ལ་སོགས་བའི། །སྙིང་རྗེའི་མགྲོན་དུ་གྱུར་པ་ལ། །བདག་ཅག༴ རིགས་དྲུག་གདུག་པ་ཞི་བ་དང་། །ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ཪྣྲི་སུ་ཏྲི་པྲེ་དུ་ཛ་ནད༴ བརྒྱད་པ་ཤུག་བུ་ཏིང་དཀར་སྦྱིན་བསྲེགས་འབུལ་བ་ནི། དམ་ཚིགས་གཙང་མའི་སྦྱིན་བསྲེགས་འདི། །འགྲོ་བ་རིགས་དྲུག་ལ་སོགས་བའི། །སྙིང་རྗེའི་མགྲོན་དུ་གྱུར་པ་ལ། །བདག་ཅག༴ རིགས་དྲུག་གདུག་པ་ཞི་བ་དང་། །ནད་གདོན་སྡིག་སྒྲིབ་སྦྱང་བ་དང་། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨ་ཪྣྲི་སུ་ཏྲི་པྲེ་དུ་ཛ་ནད༴ ལྔ་པ་བསྟོད་པ་བྱ་བ་ནི། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །ལྷའི་གནས་རིག་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རི་རབ་ལྷུན་པོའི་ནང་གནས་པའི། །ལྷ་མིན་གནས་རིགས་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གླིང་བཞི་དག་ལ་གནས་པ་ཡི། །མི་ཡི་གནས་རིགས་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རྐང་བཞི་རྐང་མང་རྐང་མེད་པའི། །བྱོལ་སོང་གནས་རིགས་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཕྱི་སྒྲིབ་ནང་སྒྲིབ་དགོས་སྒྲིབ་ཅན། །ཡི་དྭགས་བྱས་རིགས་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཚ་དམྱལ་གྲང་དམྱལ་ཉེ་ཚེ་འཁོར། །དམྱལ་བའི་གནས་རིགས་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དྲུག་པ་ནོངས་པར་བཟོད་པར་གསོལ་བ་ནི། འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན། །སྦྱིན་བསྲེགས་མཆོད་པ་འདི་འབུལ་བས། །བདག་གི་འགལ་འཁྲུལ་ཅི་བགྱིས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། །ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བདུན་པ་སྨོན་ལམ་བཏབ་པ་ནི། འགྲོ་བ་རིགས་དྲུག་ལ་སོགས་པའི། །སྙིང་རྗེའི་མགྲོན་དུ་གྱུར་པ་ལ། །སྦྱིན་བསྲེགས་མཆོད་པ་འདི་འབུལ་བས། །མཉེས་རབ་མཆོག་དང་ལྡན་གྱུར་ཏེ། །དགྱེས་རབ་ཕུལ་དུ་ཕྱིན་པར་ཤོག །འཁོར་བའི་སེམས་ཅན་སྙིང་རེ་རྗེ། སྒྱུ་མའི་ཕུང་པོ་ཉོན་རེ་མོངས། །རིགས་དྲུག་སྡུག་བསྔལ་ཞི་བའི་ཕྱིར། །འགྲོ་དྲུག་ཐུབ་པ་དྲུག་རྣམས་ཀྱང་། །རང་རང་གནས་ནས་འདིར་དགོང་ལ། །སོ་སོའི་སྡུག་བསྔལ་སྦྱང་དུ་གསོལ། །འགྲོ་དྲུག་འཁོར་བའི་སྡུག་བསྔལ་ཞི་གྱུར་ཅིག །ཞི་བ་ཆགས་བྲལ་ཆོས་ཉིད་བདེན་པ་ཡི། །འགྲོ་དྲུག་འཁོར༴ བྱང་ཆུབ་སེམས་ཀྱང་ཞི་བ་ཆེན་པོ་འདིས། །ལྷ་འཆི་འཕོ་ལྟུང་སྡུག་བསྔལ་ཞི་གྱུར་ཅིག །ཆོས་ཉིད་བདེན་པའི་ཞི་བ་ཆེན་པོ་འདིས། །ལྷ་མིན་སྡུག་བསྔལ་འཐབ་རྩོད་ཞི་གྱུར་ཅིག །དགེ་འདུན་བདེན་པོའི་ཞི་བ་ཆེན་པོ་འདིས། །སྐྱེས་རྒ་ན་འཆི་དབུལ་འཕོང་སྡུག་བསྔལ་ཞི་གྱུར་ཅིག །ཤེས་རབ་གསལ་བའི་ཞི་བ་ཆེན་པོ་འདིས། །བྱོལ་སོང་གླེན་ལྐུག་སྡུག་བསྔལ་ཞི་གྱུར་ཅིག །སྦྱིན་པ་བཏང་བའི་ཞི་བ་ཆེན་པོ་འདིས། །ཡི་དྭགས་བཀྲེས་བསྐོམས་སྡུག་བསྔལ་ཞི་གྱུར་ཅིག །བྱམས་དང་སྙིང་རྗེའི་ཞི་བ་ཆེན་པོ་འདིས། །དམྱལ་བ་ཚ་དྲངས་སྡུག་བསྔལ་ཞི་གྱུར་ཅིག །དེ་ནས་ཟོར་ཞལ་གཅིག་བཏེག་ལ། །ན་མོ་སྙིང་རྗེའི་མགྲོན་འགྲོ་བ་རིགས་དྲུག་བར་དོ་བཅས་པ་ལ། །བླ་ན་མེད་པའི་མཆོད་པ་རྒྱ་ཆེན་པོ་འདི་འབུལ་བས། །མཉེས་རབ་ཀྱི་མཆོག་དགྱེས་རབ་ཀྱི་ཕུལ་དམ་པ་དང་། ལྡན་པར་གྱུར་ཅིག །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྒྲིབ་གཉིས་བྱང་། ཚོགས་གཉིས་རྫོགས་ནས། སྙིང་རྗེའི་མགྲོན་རིགས་དྲུག་བར་དོ་དང་བཅས་པ་རྣམས་ཀྱི་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་བྲལ་ཏེ་བདེ་བའི་འབྲས་བུ་ཐོབ་པར་གྱུར་ཅིག །མཆོད་ཡོན་གྱི་བདག་པོ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་འཕྲལ་གྱི་རྐྱེན་བཟློག །ཡུན་གྱི་སྒྲིབ་པ་བྱང་ནས་སྐྱེ་འགགས་མེད་པའི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག །ཅེས་བརྗོད་ལ་སླར་མེ་ནང་དུ་དོར་རོ། ༈ བཞི་པ་ལན་ཆགས་ཀྱི་མགྲོན་ལ་གཉིས་ལ། དང་པོ་དམ་ཚིག་གིས་བསྐྱེད་པ་ནི། རིགས་དྲུག་མགྲོན་གྱི་ཕྱི་རོལ་ཏུ་པདྨའི་གདན་ཤིང་རྒྱ་ཆེ་བ་རྣམས་ཀྱི་སྟེང་དུ། བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་གས་གཙོ་བྱས་པས་བགེགས་རིགས་སྟོང་ཕྲག་བརྒྱ་བཅུ་ལ་སོགས་པས་བསྐོར་བར་བསྒོམས་ལ། གཉིས་པ་སྤྱན་དྲངས་ཤིང་བརྟེན་བཞུགས་བྱ་བ་གཉིས་ལས། དང་པོ་སྤྱན་དྲངས་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཀུག་པ་དམ་ཚིག་པ་ལ་ཐིམ། བསམ་ཞིང་། ཨོཾ་དད་པ་དང་ནི་དམ་ཚིགས་གི །ཚུར་གཤེགས་ཚུར་གཤེགས་ལན་ཆགས་མགྲོན། བགེགས་རིགས་སྟོང་ཕྲག་བརྒྱད་བཅུའི་ཚོགས། །བསྲེགས་བླུག་ཞལ་ཟས་བཞེས་སླད་དུ། །འབར་བའི་ནང་དུ་གཤེག་སུ་གསོལ། །ལྷ་སྲིན་སྟེ་བརྒྱད་གཡོག་འཁོར་བཅས། །ལན་ཆགས་འཇལ་ཕྱིར་མྱུར་དུ་ཤོག །ཨོཾ་ཨེ་ཧྱ་ཧི་སརྦ་བུ་ཏ་ནན་ཛཿཧཱུྃ་བཾ་ཧོ། གཉིས་པ་བརྟེན་བཞུགས་བྱ་བ་ལ་གཉིས་ལ། དང་པོ་གདན་འབུལ་བ་ནི། ཀུ་ཤ་མེད་དོར་ལ། ཨོཾ་རིན་ཆེན་མཚེར་བབས་བརྒྱན་པ་ནི། །འཇའ་ཚོན་སྤེལ་ལེགས་བཀོད་འདྲ་བའི། །ཕོ་བྲང་གཞལ་ཡས་དམ་པ་འདི། །བྱི་ན་ཡ་ག་ལ་སོགས་པའི། །བགེགས་རེགས་སྟོང་ཕྲག་བརྒྱད་བཅུ་སོགས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །གདན་ཡང་ལེགས་པར་འབུལ་ལགས་ན། །པདྨ་དཀར་པོའི་གདན་སྟེང་སུ། །རིམ་བཞིན་ལེགས་པར་བཞུགས་སུ་གསོལ། །ས་མ་ཡ་སྟྃ། གཉིས་པ་བསིལ་ཆབ་འབུལ་བ་ནི། ཆུ་གཙང་དོར་ལ། ཡང་དག་ཉིད་དུ་དག་མོད་ཀྱང་། །བདུད་རྩི་གཙང་མའི་བསིལ་ཆབ་འདི། །ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི། །ལན་ཆགས་མགྲོན་དུ་གྱུར་པ་ལ། །ཕྱག་དང་ཞབས་ནི་བསིལ་མཛོད་ལ། །འབར་བའི་གདན་ལ་བཞུགས་སུ་གསོལ། ཨོཾ་ཨ་ཧ་ར་སརྦ་བུདྡྷ་ནན་པ་པུཙྪ་ཡེ་སྭཱ་ཧཱ། གསུམ་པ་བྱོན་སྐྱེམས་མར་འབྲང་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །འབྲང་འབྲང་བདུད་རྩིའི་དམ་པ་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག་མགྲོན་དུ་གྱུར་པ་ལ། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་པ་ཞི་ཕྱིར་བཞེས་སུ་གསོལ། སརྦ་བྷུདྷ་ནནཿ ར་ས་པུཙྪ་ཧཱུྃཿ བཞི་པ་མཆོད་རྫས་བསྲེགས་རྫས་འབུལ་བ་ལ་གཉིས་ཏེ། མཆོད་རྫས་འབུལ་བ་དང་བསྲེགས་རྫས་འབུལ་བའོ། །དང་པོ་ལ་གཉིས་ཏེ། མཆོད་རྫས་འབུལ་བ་དངོས་དང་། མར་ཁུ་དང་འདོད་གསོལ་བྱང་བུ་འབུལ་ཞིང་ཕྲིན་ལས་བཅོལ་བའོ། །དང་པོ་ལ་དྲུག་ལས་དང་པོ་མེ་ཏོག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་མེ་ཏོག་འདི། །ལྷ་སྲིན་སྟེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་པུཥྤེ་པུཙྪ་ཧཱུྃཿ གཉིས་པ་སྤོས་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་བདུག་སྤོས་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་Kཥྤེ་པུཙྪ་ཧཱུྃ། གསུམ་པ་མར་མེ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་སྣང་གསལ་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་ཨ་ལོ་ཀེ་པུཙྪ་ཧཱུྃ། བཞི་པ་དྲི་ཆབ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་དྲི་ཆབ་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་གྷནྡྷི་པུཙྪ་ཧཱུྃཿ ལྔ་པ་ལྷ་བཤོས་འབུལ་བ་ནི། ཨོཾ་དྲི་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་བཤོས་གཙང་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་ནཻ་ཝི་དི་པུཙྪ་ཧཱུྃཿ དྲུག་པ་སྒྲ་སྙན་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་མཆོག་གི་སྒྲ་སྙན་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་ཤཔྟ་པུཙྪ་ཧཱུྃཿ གཉིས་པ་མར་ཁུ་དང་འདོད་གསོལ་བྱང་བུ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཨོཾ་ཡེ་ཤེས་ཀློང་ཡང་འཁྱིལ་བའི་གཞལ་ཡས་འདི། །བྱི་ན་ཡ་ག་ལ་སོགས་པའི། །བཀའི་ལྷ་སྲིན་སྟེ་བརྒྱད་དང་། ལན་ཆགས་མགྲོན་དུ་གྱུར་པ་ལ། །མཆོད་པ་བླ་ན་མེད་པས་མཆོད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །སྨིན་པར་དགོངས་ཏེ་བཞེས་སུ་གསོལ། །བྱི་ན་ཡ་ག་ལ་སོགས་པའི། །ལན་ཆགས་མགྲོན་དུ་གྱུར་པ་ལ། །འཇིག་རྟེན་ནད་གདོན་སྡིག་སྒྲིབ་ཀུན། །ཐམས་ཅད་མ་ལུས་ཞི་བར་མཛོད། །ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གཉིས་པ་བསྲེགས་རྫས་འཕུལ་བ་ལ་བརྒྱད་ལས། དང་པོ་ཕྱེ་མར་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །འབྲས་དཀར་ཕྱེ་མའི་འཕུར་མ་འདི། །ལྷ་སྲིན་སྡེ་བརྒྱད་ལ་སོགས་པའི། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག་མགྲོན་དུ་གྱུར་པ་ལ། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་པ་ཞི་ཕྱིར་བཞེས་སུ་གསོལ། ལྷ་སྲིན་སྡེ་བརྒྱད་ཀྱི་གདུག་རྩུབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ གཉིས་པ་སྤྱན་གཟིགས་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་སྤྱན་གཟིགས་མཆོད་པ་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གསུམ་པ་འོ་ཞོ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །འོ་ཞོ་སྙིང་པོ་མཐུད་དང་ཕྲུམ། །དཀར་གསུམ་གཙང་མར་སྦྱར་བ་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་ནད་གདོན་སྡིག་སྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བཞི་པ་པུ་ལུ་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །དཀར་གསུམ་མངར་གསུམ་སྦྱར་བ་ཡི། །འབྲུ་དང་སྨན་ཀྱི་རུ་ལུ་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ལྔ་པ་འབྲས་ཆེན་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །འབྲུ་བཅུ་གཙང་མའི་འབྲས་ཆེན་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག་མགྲོན་དུ་གྱུར་པ་ལ། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ དྲུག་པ་འབྲུ་དང་དར་སྟག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །རིན་ཆེན་གསེར་གཡུ་མུ་ཏིག་དང་། །མཛེས་པའི་དར་སྟག་འབྲུ་སྣ་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ བདུན་པ་ཡམ་ཤིང་སུར་ཤུག་འབུལ་བ་ནི། ཨོཾ་དྲི་མེད་ཡིད་དུ་འོང་བ་ཡི། །ཞི་བའི་ཡམ་ཤིང་སུར་ཤུག་འདི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག༴ །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །གདུག་རྩུབ་ཞི་ཕྱིར་བཞེས་སུ་གསོལ། ཨོཾ་སརྦ་བུ་ཏ་ནན་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ བརྒྱད་པ་ཤུག་ཏིང་སྦྱིན་བསྲེགས་འབུལ་བ་ནི། དམ་རྫས་གཙང་མའི་སྦྱིན་བསྲེགས་འདི། །བྱི་ན་ཡ་ག་ལ་སོགས་པའི། །ལན་ཆགས་མགྲོན་དུ་གྱུར་པ་ལ། །བདག་ཅག་མགྲོན་དུ་གྱུར་པ་ལ། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར། །ཞི་བའི་ཕྲིན་ལས་འགྲུབ་པར་མཛོད། ཨོཾ་སརྦ་བུ་ཏ་ནན་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ལྔ་པ་བསྟོད་པ་བྱ་བ་ནི། བྱིན་ན་ཡ་ག་ཁམས་སུམ་བདག་པོ་དང་། །སྦྱིན་པའི་སྒྲིབ་པ་རྡོ་རྗེའི་མཆུ་ཅན་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་སྲིན་པོ་མིའམ་ཅིང། །ལྟོ་འཕྱེ་གྲུལ་བུམ་ཡི་དྭགས་དང་། །སྐེམ་བྱེད་རྗེད་བྱེད་སྨྱོ་བྱེད་དང་། །ནམ་གྲུ་ས་ཡི་བདག་པོ་སོགས། །བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ལ། །མཆོད་ཅིང་བསྟོད་ཏེ་ཕྱག་ཀྱང་འཚལ། །ཡུལ་ཕྱོགས་འདིའམ་གཞན་དག་ན། །གནས་པའི་ས་བདག་ལྷ་ཀླུ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། དྲུག་པ་བཟོད་པར་གསོལ་བ་ནི། བྱི་ན་ཡ་ག་ལ་སོགས་པའི། །ལྷ་སྲིན་སྡེ་བརྒྱད་བཀའ་འཁོར་བཅས། །ལན་ཆགས་མགྲོན་དུ་གྱུར་པ་ལ། །སྦྱིན་སྲིག་མཆོད་པ་འདི་ཕུལ་བས། །བདག་གི་འགལ་འཁྲུལ་ཅི་མཆིས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། །ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ བདུན་པ་སྨོན་ལམ་བཏབ་པ་ནི། བྱི་ན་ཡ་ག་ལ་སོགས་པའི། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །སྦྱིན་བསྲེགས་མཆོད་པ་འདི་འབུལ་བས། །སྐུ་གསུང་ཐུགས་ལ་ཐིམ་གྱུར་ཅིག །མཉེས་རབ་མཆོག་དང་ལྡན་གྱུར་ཅིག །དགྱེས་རབ་ཡུལ་དུ་ཕྱིན་པར་ཤོག །དེའི་མཐུ་དང་བྱིན་རླབས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་སྲིན་པོ་མི་མ་ཡིན། །འབྱུང་པོ་མིའམ་ལྟོ་འཕྱེ་དང་། །ནམ་གྲུ་ནག་མོ་ལ་སོགས་པའི། །གདུག་རྩུབ་ཐམས་ཅད་ཞི་གྱུར་ཅིག །རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལ་སོགས་འདུས་པ་ཡི། །ནད་རིགས་ཐམས་ཅད་ཞི་གྱུར་ཅིག །རྨི་ལམ་ངན་དང་མཚན་མ་ངན། །བཀྲ་ལྟས་ངན་པ་ཞི་གྱུར་ཅིག །ལོ་སྐག་ཟླ་སྐག་ལ་སོགས་པའི། །སྐག་གཉེན་ཐམས་ཅད་ཞི་གྱུར་ཅིག །བཙའ་སད་སེར་གསུམ་ལ་སོགས་པའི། །ལོ་ནད་ཐམས་ཅད་ཞི་གྱུར་ཅིག །དེ་ནས་ཞི་འགྱུར་བྱ་བ་ནི། ཙན་ལྡན་དམར་པོ་བསྲེགས་པའི་ཞི་བ་འདིས། །སྣང་སྲིད་ལ་སོགས་ཀླུ་གཉེན་དང་། །བགེགས་རིགས་སྟོང་ཕྲག་བརྒྱ་བཅུ་དང་། །འདོད་ཆགས་ཆུ་ལྟར་འཁྲུག་པ་ཡི། །ནད་རྣམས་ཐམས་ཅད་ཞི་གྱུར་ཅིག །ཙན་ལྡན་དཀར་པོ་བསྲེགས་པའི་ཞི་བ་འདི། །སྣང་སྲིད་ལ་སོགས་ཀླུ་གཉེན་དང་། །བགེགས་རིགས་སྟོང་ཕྲག༴ །ཞེ་སྡང་མེ་ལྟར་འབར་བ་ཡི། །ནད་རྣམས་ཐམས་ཅད་ཞི༴ །ཨ་ཝ་སྒྲོན་མེ་བསྲེགས་པའི་ཞི་བ་འདིས། །སྣང་སྲིད་ས་བདག་ཀླུ་གཉེན་དང་། །བགེགས་རིགས་སྟོང༴ །འཕྲག་དོག་རླུང་ལྟར་འཚུབ་པ་ཡི། །ནད་རྣམས་ཐམས་ཅད༴ །ཤིང་འགྱིལ་རྟ་བསྲེགས་པའི་ཞི་བ་འདིས། སྣང་སྲིད་ས་བདག་ཀླུ་གཉེན་དང་། །བགེགས་རིགས༴ །གཏི་མུག་མུན་ལྟར་འཐིབ་པ་ཡི། ནད་རྣམས་ཐམས་ཅད༴ ཤེར་ཤིང་བསྲེགས་པའི་ཞི་བ་འདིས། །སྣང་སྲིད་ས་བདག༴ །བགེགས་རིགས༴ །ང་རྒྱལ་རི་ལྟར་འགྲིལ་པ་ཡི། །ནད་རྣམས༴ །གཞན་ཡང་བདུད་རྩིའི་ཅན་གྱི་ཤིང་རིགས་ལ། །ཞལ་ཟས་སྣ་ཚོགས་བསྲེགས་པ་འདི། །སྣང་སྲིད༴ བགེགས་རིགས༴ དུག་ལྔ་ནད་རྣམས༴ །ཞི་བ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཆོས་ཉིད་ནམ་མཁའ་ལྟ་བུ་ཡི། གཟུགས་སྐུའི་འགྲོ་བའི་དོན་མཛད་པ། བདེ་བར་གཤེགས་པའི་བྱིན་རླབས་དང་། །གསང་སྔགས་དག་གི་ནུས་མཐུད་དང་། །དགེ་འདུན་རྣམས་ཀྱི་སྨོན་ལམ་དང་། །སྣང་སྲིད་གདུག་པ་ཞི་བ་དང་། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ཚོགས་རྫོགས་སྒྲིབ་པ་སྦྱང་བའི་ཕྱིར། རྒྱུད་ལྔ་སྨན་གྱི་དངས་མ་དང་། །འབྲས་དཀར་ཕྱེ་མའི་ཕུར་མ་དང་། །གསེར་གཡུ་དང་སྟག་མེ་ཏོག་དང་། །འོ་ཞོ་སྙིང་པོ་དཀར་གསུམ་ཕྲུམ། ཤིང་རྩི་དྲི་ཞིམ་གཙང་མ་རྣམས། །བསྲེགས་ནི་འབར་བའི་མེ་ལ་བསྲེགས། །བསྔོ་ནི་ཏིང་འཛིན་བདག་གི་བསྔོ། །ཞི་ནི་སྣང་སྲིད་གདུག་པ་ཞི། །གདུག་རྩུབ་ནད་གདོན་ཞི་གྱུར་ཅིག །ཞི་བ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞི་བར་གྱུར་ཅིག་ལས་དབང་བདུད་ཀྱི་སྡེ། སྟོང་པར་གྱུར་ཅིག་འཁོར་བ་ངན་སོང་གསུམ། དར་ཞིང་རྒྱས་པར་གྱུར་ཅིག །གཙུགས་ལགས་དམ་པའི་ཆོས། །དགེ་ཞིང་སྐྱིད་པར་གྱུར་ཅིག །མཐའ་ཡས་སེམས་ཅན་རྣམས་ཕན་པར་གྱུར་ཅིག་སྔགས་དང་སྨན་གྱི་རིགས། །འགྲུབ་པར་གྱུར་ཅིག་སྨོན་ལམ་སྔགས་ཀྱི་མཐུས། །དགེ་ལེགས་གྱུར་ཅིག་བདག་དང་ཡོན་བདག་ཚོགས། །ཐམས་ཅད་ཞི་བ་ཆེན་པོའི་ངང་ལ་གནས་གྱུར་ཅིག །སྣང་སྲིད་ལ་སོགས་ཀླུ་གཉེན་དང་། །འཇིག་རྟེན་དྲག་བྱེད་ཐམས་ཅད་ཀྱིས། །གདུག་རྩུབ་ངན་པ་ཞི་གྱུར་ཅིག །ཞི་བ་ཤིནྟཾ་ཀུ་རུ༴ །སྐུ་ཞི་བར་གྱུར་ཅིག །གསུང་ཞི་བར་གྱུར་ཅིག །ཐུགས་ཞི་བར་གྱུར་ཅིག་ཐམས་ཅད་ཞི་བ་ཆེན་པོའི་ངང་ལ་གནས་པར་གྱུར་ཅིག །དེ་ནས་ཕྱེ་མ་ཟད་ཞལ་གཅིག་བཏེག་ལ་འབུལ་ནས་འདི་སྐད་དོ། ན་མོ་ལན་ཆགས་ཀྱི་མགྲོན་ལྷ་སྲིད་སྡེ་བརྒྱད་རྣམས་ལ་བླ་ན་མེད་པའི་མཆོད་པ་རྒྱ་ཆེན་པོ་འདི་འབུལ་བས། མཉེས་རབ་ཀྱི་མཆོད། དགྱེས་རབ་ཀྱི་ཕུལ་དམ་པ་དང་ལྡན་ནས་བདག་དང་མཐའ་ཡས་པའི་སེམས་ཅན་གྱི་སྒྲིབ་གཉིས་བྱང་། ཚོགས་གཉིས་རྫོགས་ནས་ལན་ཆགས་ཀྱི་མགྲོན་ལྷ་སྲིན་སྡེ་བརྒྱད་ཀྱི་ཀྱང་ལན་ཆགས་ཀྱི་གནོད་སེམས་དང་། བྲལ་ནས། ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །མཆོད་ཡོན་གྱི་བདག་པོ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་འཕྲལ་གྱི་རྐྱེན་བཟློག །ཡུན་གྱི་སྒྲིབ་པ་བྱང་ནས་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལ་སངས་རྒྱས་པར་གྱུར་ཅིག །ཅེས་བརྗོད་དོ། སྐབས་འདི་མེ་ལྷ་གསལ་གདབ་ལ། མར་འབྲང་ནས་བཟུང་སྟེ། མཆོད་རྫས་བསྲེགས་རྫས་ལྷག་མ་ཐམས་ཅད་འབུལ་ལ། བསྟོད་པ་ཡན་ཆད་དཀྱུས་ལྟར་བྱའོ། གསུམ་པ་རྗེས་ལ་གསུམ་སྟེ་གཤེགས་སུ་གསོལ་བ་དང་། ལྷག་ཆད་ཁ་བསྐང་བ་དང་། བཀྲ་ཤེས་བརྗོད་པའོ། དང་པོ་ནི། སྒྲ་སྙན་བསྒྲག་ལ་གར་དང་། རོལ་མོ་བྱ་ཞིང་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ། མཆོད་པ་ཅི་རིགས་ཅིག་བཏག་མེ་དར་ཕྱར་ཁ་འདི་སྐད་དོ། ཧཱུྃཿ ཕོ་བྲང་མེ་ཡི་གཞལ་ཡས་འདི། །མེ་ལྷ་དྲང་སྲོང་འཁོར་དང་བཅས། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ཡི། །མ་ལུས་འཁོར་དང་བཅས་པ་རྣམས། །སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ནས། །བླ་མེད་མཆོད་པ་ཆེན་པོ་འབུལ། །སེམས་ཅན་དོན་རྣམས་འགྲུབ་གྱུར་ཅིག །ཏིང་འཛིན་མི་མངོན་དབྱིངས་སུ་ཤིག །སླར་ཡང་འགྲོ་བའི་དོན་ལ་དགོངས། །ལན་ཆགས་མགྲོན་དུ་གྱུར་པ་རྣམས། །ཞི་བའི་ངང་ལས་གནས་པར་ཤོག །ཀུན་ཀྱང་བླ་མེད་འབྲས་ཐོབ་ཤོག །དཀྱིལ་འཁོར་ལྷ་ཚོགས་མ་ལུས་རྣམས། །འགྲོ་བའི་དོན་རྣམས་མཐར་ཕྱིན་ཤོག །དེ་ནི་རང་རང་གནས་སུ་གཤེགས། །གཏན་ནས་གཤེགས་པ་མ་ལགས་ཏེ། །ཐུགས་རྗེས་སེམས་ཅན་དོན་ལ་དགོངས། །སླར་ཡང་འབྱོན་པར་མཛད་དུ་གསོལ། བཛྲ་མུཿ ཅེས་ལྷ་གཤེགས་སོ། །གཉིས་པ་ལྷག་ཆད་ཁ་བསྐང་བ་ནི། ཡི་གེ་བརྒྱད་པ་བརྗོད་ལ་ལྷག་ཆད་བསྐོར་བ་བྱའོ། གསུམ་པ་བཀྲ་ཤེས་བརྗོད་པ་ནི། ཡོན་མཆོད་ཀུན་གྱི་མེ་ཐབས་བསྐོར་ཞིང་། མེ་ཏོག་དོར་ཞིང་དྲིལ་བུ་བསིལ། །བཀྲ་ཤེས་སྟོན་མཆོག་མ་བྱ། དེ་ཡིས་རྗེས་སུ་ཡང་འདི་སྐད་བརྗོད་དོ། ཧཱུྃ བྱུང་བའི་འོད་ལ་སྐྱེས་པ་ཡི། །ཕོ་བྲང་འབར་བའི་མེའི་གཞལ་ཡས་འདིར། །ཡེ་ཤེས་མེ་ལྷའི་སྐུ་གསུང་ཐུགས། །དྲང་སྲོང་རྒྱལ་བ་ཐུགས་དམ་ཅན། །མ་ལུས་འཁོར་དང་བཅས་པ་རྣམས། །ལས་རྣམས་ཐམས་ཅད་མཐའ་རུ་ཕྱིན་པ་ཡི། ལས་རྣམས་ལྷུན་འགྲུབ་བཀྲ་ཤེས་གང་ལགས་པ། དེང་འདིར་གསོལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག །དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཕྱོགས་རིས་མེད། །ཕྱོགས་དུས་རྒྱལ་བ་སྲས་དང་བླ་མར་བཅས། །སྲིད་ཞིའི་མགྲོན་དུ་གྱུར་པ་ཐམས་ཅད་ཀྱི། །ཡེ་ཤེས་ལྔ་གསལ་བཀྲ་ཤེས་གང་ལགས་པ། དིང་འདིར་གསོལ་ཞིང་བཀྲ་ཤེས་བདེ། །ཐུགས་རྗེ་དཔལ་གྱི་འགྲོ་བའི་དོན་མཛད་པ། །ཚེ་དང་ལོང་སྤྱོད་ཕུན་སུམ་ཚོགས་ལྡན་ཞིང་། །མཐུ་དབང་སྟོབས་ཀྱི་བསྟན་པ་བསྲུང་མཛད་པ། །དཔལ་མགོན་རྣམས་ཀྱི་བཀྲ་ཤིས་གང་ལགས་པ། །དིང་འདིར་གསོལ་ཞིང་བཀྲ་ཤེས་བདེ་ལེགས་ཤོག །སྙིང་རྗེའི་མགྲོན་གྱུར་རིགས་དྲུག་སེམས་ཅན་རྣམས། །མང་ཞིང་རྒྱ་ཆེ་སྐྱེ་འཕེལ་ཟད་པ་མེད། ལོངས་སྤྱོད་ཟད་མེད་ཕུན་སུམ་ཚོགས་པ་ཡི། །རིགས་དྲུག་མགྲོན་གྱི་བཀྲ་ཤིས༴ །དེངས་འདིར་གསོལ་ཞིང་༴ །ལན་ཆགས་མགྲོན་གྱི་ལྷ་སྲིན་སྡེ་བརྒྱད་རྣམས། །ཉེས་བྱེད་ཚར་ཅོད་རྣལ་འབྱོར་བསྟན་པ་བསྲུང་། །བསམ་པ་ཡི་བཞིན་ཐམས་ཅད་འགྲུབ་པ་ཡི། །སྡེ་བརྒྱད་མགྲོན་གྱི་བཀྲ་ཤེས་གང་ལགས་པ། །དེངས་འདིར་གསོལ་ཞིང་བཀྲ་ཤིས༴ །སྲིད་གསུམ་རྩེ་དང་ན་རག་ཡན་ཆད་ཀྱིས། །ཡེ་ཤེས་སྤྱན་གྱིས་གཟིགས་པའི་སེམས་ཅན་ཀུན། །དུས་གསུམ་སངས་རྒྱས་སྤྲུལ་པའི་ཐུགས་རྗེས་དང་། །བདག་གི་ཏིང་འཛིན་སྨོན་ལམ་དག་པའི་མཐུས། །ཀུན་ཀྱང་དགའ་བདེའི་ངང་དུ་བཀྲ་ཤིས་ཤོག །ཅེས་སྨོན་ལམ་བཏབ། དགའ་སྟོན་བྱ། མདོ་འདོན་དགེ་རྩ་བྱང་ཆུབ་ཏུ་བསྔོའོ། གཏེར་སྟོན་གུ་རུ་ཆོས་དབང་གི་སྣང་སྲིད་ཞི་བ་ཆེན་པོ་མཛད། །དེའི་ཡན་ལག་ཁ་བསྐང་དང་། འགྲིག་རིམ་པ་བཅད་ཆོ་ག་འདི་ནམ་མཁའ་རིན་ཆེན་བདག་གིས་སྦྱར། འགལ་བཤགས་དགེ་རྩ་བྱང་ཆུབ་ཏུ་བསྔོའོ། འདོད་གསོལ་བྱང་བུ་འབུལ་བ་ནི། མེ་ལྷ་ལ། རཾ་ཨ་ག་ནེ་ཡེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱཿ སྲིད་བཞིའི་མགྲོན་ལ། ཨོ་ན་མོ་བུདྡྷ་ཡ་དྷརྨ་སཾ་གྷ་ཡ་འགལ་ཁྲུལ་ཉེས་ལྟུང་ཐམས་ཤིནྟཾ་ཀུ་རུ་སྭཱ་ཧཱཿ ཡོན་ཏན་མགྲོན། ཨོཾ་དྷ་ཤ་དྷི་ག་ལོ་ཀ་པ་ལ་ནད་གདོན་སྡིག་སྒྲིབ༴ སྙིང་རྗེའི་འགྲོན་ལ། ཨོཾ་ཨ་ནི་སུ་ཏྲི་པྲེ་དུ་ཛཿ རིགས་དྲུག་གི་སྡུག་བལ་ཐམས་ཅད་ཞི་བར་གྱུར་ཅིག ཤིནྟཾ་ཀུ་རུ་སྭཱ་ཧཱཿ ལན་ཆགས་ཀྱི་མགྲོན་ལ་ཨོཾ་སརྦ་བྷུ་ཏ་ནན་ལྷ་སྲེན་སྡེ་བརྒྱད་ཀྱི་གདུག་རྩུབ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱཿ ཨོཾ་མ་ཎི་པདྨེ་ཧཱུྃཿཧྲིཿ ༅༅། །ཞི་བ་དཀར་སངས་བསྡུས་པ་བཞུགས་སོ། །གནམ་ཆོས་ཐུགས་ཀྱིས་གཏེར་ཁ་སྙན་བརྒྱུད་ཟབ་མོའི་བསྐོར་ལས་ཞི་བའི་བསངས་མཆོད་བཞུགས། །ན་མ་ཤྲིཿ ཨོཾ་རྒྱན་གུ་རུ་རིན་པོ་ཆེའི་ལ་ན་མོ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །བླ་མ་ཡི་དམ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །མཁའ་འགྲོ་ཆོས་སྐྱོང་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །ནོར་ལྷ་གཏེར་བདག་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །འོར་ཤུག་ཆེན་མོ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །དཔལ་མགོན་བདུན་ཅུ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །བསྟན་མ་བཅུ་གཉིས་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །མགུལ་ལྷ་བཅུ་གསུམ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །དགེ་སྙིན་ཉེར་གཅིག་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །ཐང་ལྷ་ཡར་བཞུད་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །མཁའ་རི་ལྕམ་དྲལ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །བཡག་ལྷ་གཤམ་པོ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །བཡག་ལྷ་སོ་བོ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །རྨ་རྒྱལ་སྤོམ་ར་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །ཨ་ཝེ་གེ་ཅོ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །མི་མགོན་དཀར་པོ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །འགྱོག་ཆེན་སྟོང་ར་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །རྡོ་ཏེ་གང་དཀར་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །སྐུ་རྒྱལ་ཤེ་ནི་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །གཏམ་རྒྱལ་ངང་པ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །ཇོ་བོ་ཟེ་རྒྱལ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །དམག་དཔོན་དབྱི་རྒྱལ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །རྡོ་རྗེ་འཁྱུང་དྲག་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། ཧཱུྃ་དད་པ་དང་ནི་དམ་ཚིགས་གི །ཇོ་རྒྱལ་རི་ཏེ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །གོང་རྒྱལ་ལྕམ་དྲལ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །དགེ་སྙེན་འབོ་ར་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །སངས་རྒྱས་མཚོ་བཀྲ་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །ཀླུ་རྒྱལ་བྱང་གྲང་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ཧཱུྃ་དད་པ་དང་ནི་དམ་ཚིགས་གི །ཕ་ལྷ་མ་ལྷ་ཞང་ལྷ་དང་། །དགྲ་ལྷ་རྣམ་ཀྱང་སྤྱན་འདྲེན་ནོ། །གཡུ་ཤུག་ཕྱེ་མར་བསངས་གྱི་མཆོད། །ནད་གདོན་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་ཞི་བར་མཛོད། །གློ་གོར་ཧོན་གསུམ་ཞི་བར་མཛོད། །རླུང་མཁྲིས་པད་ཀན་ཞི་བར་མཛོད། །ཕོ་གདོན་མོ་གདོན་ཞི་བར་མཛོད། །ཞི་བའི་ལས་ཀུན་བསྒྲུབ་དུ་གསོལ། །ནད་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱཿ གདོན་ཐམས་ཅད༴ བར་ཆད༴ ཡམས་ནད་ཐམས་ཅད༴ རིམས་ནད་ཐམས་ཅད༴ དགོས་ནད་ཐམས་ཅད༴ གོར་ཐམས་ཐམ༴ ཧོན་ཐམས་ཅད༴ རླུང་ཐམས་ཅད༴ མཁྲིས་པ་ཐམས་ཅད༴ འདུས་པ་ཐམས་ཅད༴ ཕོ་གདོན་རྒྱལ་པོ་ཐམས༴ མོ་གདོན་བསེན་རག་ཐམས༴ ཀླུ་གདོན་ཐེ་རང་ཐམས་ཅད༴ ཨོཾ་ཨཪྱ་ནེ་སྭཱ་ཧཱཿ གང་གྷ་ལི་སྭཱ་ཧཱ། ཡ་ལ་ན་ཡེ༴ ཧ་ཀ་ལ་སྭཱ་ཧཱ། ཤིནྟཾ་ཀུ་རུ༴ འདི་ཡི་གེ་རྣམས་སུ་གང་འདོད་བཅུ་རུང་ས་མ་ཡ་རྒྱ་རྒྱ་རྒྱཿ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་ལོ་རྒྱལ་ཟླ་བའི་གནམ་གང་ཉིན་ཨོཾ་རྒྱན་རིན་པོ་ཆེའི་ཞལ་གཟིགས་ནས་སྤྲུལ་སྐུ་ཆ་ལུག་སྤྱི་དང་མཐུན་པ་མཛད་ནས་གསུང་སོ། །ཞིབ་དཀར་བསངས་རྫོགས་སོ། །སརྦ་མངྒ་ལཾ། །བཀྲ་ཤིས་ཤོག། །།