Jump to content

སྡེ་སྲིད་ཕག་མོ་གྲུ་པ

ཡོང་ཁུངས་Wikipedia

སྡེ་སྲིད་ཕག་མོ་གྲུ་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་བཅུ་བཞི་བ་ནས་བཅུ་དྲུག་པའི་བར་ཕག་མོ་གྲུ་པའི་ཡུལ་སྡེའི་སྲིད་དབང་འཛིན་མཁན་ནོ། །

བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་བཅུ་བཞི་བ་ནས་བཅུ་དྲུག་པའི་བར་ཕག་མོ་གྲུ་པའི་ཡུལ་སྡེའི་སྲིད་དབང་འཛིན་མཁན་ཏེ། ཁྲི་རབས་དང་པོ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། གཉིས་པ་འཇམ་དབྱངས་གུ་ཤྲི། གསུམ་པ་གྲགས་པ་བྱང་ཆུབ། བཞི་བ་གུ་ཤྲི་བསོད་ནམས་གྲགས་པ། ལྔ་བ་དབང་གྲགས་པ་རྒྱལ་མཚན། དྲུག་པ་དབང་གྲགས་པ་འབྱུང་གནས། བདུན་པ་སངས་རྒྱས་རྒྱལ་མཚན། བརྒྱད་པ་དབང་ཀུན་དགའ་ལེགས། དགུ་བ་དཔལ་ངག་གི་དབང་པོ། བཅུ་བ་དབང་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན། བཅུ་གཅིག་པ་ཞབས་དྲུང་ངག་དབང་གྲགས་པ་བཅས་ཀྱིས་རིམ་པར་བསྐྱངས་པའོ། །