Jump to content

སྟོན་པ་ཤཱཀྱ་ཐུབ་པ་

ཡོང་ཁུངས་Wikipedia
སྟོན་པ་ཤཱཀྱ་ཐུབ་པ།
འགྲོ་བ་མི།
ཕོ་མོ།ཕོ། རྩོམ་སྒྲིག
རུས་མིང།གཽ་ཏ་མ། རྩོམ་སྒྲིག
ཁྱིམ་རྒྱུད་མཚན་གནས།རྒྱལ་སྲས། རྩོམ་སྒྲིག
སྐྱེ་ཚེས།1. millennium BCE རྩོམ་སྒྲིག
སྐྱེ་ཡུལ།ལུམ་བི་ནི་ རྩོམ་སྒྲིག
འདས་ཚེས།1. millennium BCE རྩོམ་སྒྲིག
འདས་ས།ལུམ་བིའི་ནི། རྩོམ་སྒྲིག
Manner of deathnatural causes རྩོམ་སྒྲིག
ཕ།རྒྱལ་པོ་ཟས་གཙང་། རྩོམ་སྒྲིག
མ།ལྷ་མོ་སྒྱུ་འཕྲུལ་མ། རྩོམ་སྒྲིག
མིང་སྲིང་།Sundarānanda, Sundari Nanda རྩོམ་སྒྲིག
Spouseགྲགས་འཛིན་མ། རྩོམ་སྒྲིག
གདུང་སྲས།སྒྲ་གཅན་འཛིན། རྩོམ་སྒྲིག
Familyfamily of Gautama Buddha རྩོམ་སྒྲིག
སྐད་ཡིགMagadhi Prakrit, Pali, ལེགས་སྦྱར་སྐད། རྩོམ་སྒྲིག
དགེ་རྒན།ཨ་ར་ཏ་ཀ་ལ་མ།, འཕགས་པམཽངྒལ་གྱི་བུ། རྩོམ་སྒྲིག
Honorific prefixདེ་བཞིན་གཤེགས་པ།, lord, བྷ་ག་ཝྰན་ རྩོམ་སྒྲིག
ཆོས་ལུགས་གྲུབ་མཐའ།ནང་བསྟན། རྩོམ་སྒྲིག
Canonization statusthaumaturge, avatar རྩོམ་སྒྲིག
Iconographic symbolphysical characteristics of the Buddha རྩོམ་སྒྲིག
Worshipped byནང་བསྟན། རྩོམ་སྒྲིག
Had as last mealmushroom, pork རྩོམ་སྒྲིག
Movementའཕགས་ལམ་ཡན་ལག་བརྒྱད།, བདེ་བར་གཤེགས་པའི་གནས།, ལྷ་ཆོས། རྩོམ་སྒྲིག
FollowsKassapa Buddha རྩོམ་སྒྲིག
Followed byརྒྱལ་བ་བྱམས་པ། རྩོམ་སྒྲིག
Replaced byརྒྱལ་བ་བྱམས་པ། རྩོམ་སྒྲིག
ReplacesKassapa Buddha རྩོམ་སྒྲིག
Influenced byམར་མེ་མཛད། རྩོམ་སྒྲིག
Significant eventSiddhārtha's farewell to Channa and Kanthaka རྩོམ་སྒྲིག
Commemoratesདེ་བཞིན་གཤེགས་པ།, བྷ་ག་ཝྰན་ རྩོམ་སྒྲིག
Present in workTripitaka, Pom Poko རྩོམ་སྒྲིག
Time periodMahajanapada རྩོམ་སྒྲིག
Mountཁན་ཏ་ཁ། རྩོམ་སྒྲིག
པར་སྐྲུན་བདག་དབང་གནས་བབ།copyrights on works have expired རྩོམ་སྒྲིག
Stack Exchange taghttps://buddhism.stackexchange.com/tags/gautama-buddha རྩོམ་སྒྲིག

སྟོན་པ་ཤཱཀྱ་ཐུབ་པ། ( ནི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞིའི་ཡ་གྱལ་ནང་པ་སངས་རྒྱས་པའི་ཆོས་ལུགས་སྲོལ་གཏོད་པ་པོ་ཡིན། ཁོང་ནི་གནའ་བོའི་རྒྱ་གར་གྱི་ཤཱཀྱའི་རྒྱལ་རྒྱུད་དུ་འཁྲུངས་ཤིང་། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་འགྲོ་བ་རྣམས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད།

འཁྲུངས་འདས་ཀྱི་ལོ་ཚིགས།

[རྩོམ་སྒྲིག]

སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ཐད་མཁས་པ་རྣམས་བཞེད་པ་མི་མཐུན་པ་སྣ་ཚོགས་བྱུང་ཡོད་དེ།

  • གནས་བརྟན་སྡེ་པའི་ལུགས། (Theravada Tradition): ལྷོ་བརྒྱུད་སིངྒ་ལའི་གླིང་གི་བཤད་སྲོལ་ལྟར་ན། ཕྱི་ལོའི་གོང་གི་ལོ་ ༥༤༤ ལོར་སྟོན་པ་མྱ་ངན་ལས་འདས་པར་བཞེད་ཅིང་། འདི་ནི་དེང་སང་འཛམ་གླིང་ནང་པའི་མཛའ་བཤེས་ཚོགས་པས་ཀྱང་ངོས་འཛིན་གནང་བའི་ལུགས་ཡིན།
  • དེང་རབས་མཁས་པའི་ལུགས། ནུབ་ཕྱོགས་དང་ཉི་ཧོང་སོགས་ཀྱི་མཁས་པ་མང་པོས་རྒྱ་གར་གྱི་ཆོས་རྒྱལ་མྱ་ངན་མེད་ཀྱི་འཁྲུངས་ལོ་དང་བསྟུན་ནས། སྟོན་པ་མྱ་ངན་ལས་འདས་པའི་ལོ་ནི་ཕྱི་ལོའི་སྔོན་གྱི་ལོ་ ༤༨༦ ཙམ་མམ་ཡང་ན་ ༣༨༠ ཡས་མས་སུ་ཡིན་པར་བཞེད་པ་སོགས་བཤད་ཚུལ་མི་འདྲ་བ་ ༧༠ ལྷག་མཆིས།

སྐུ་འཁྲུངས་པ་དང་གཞོན་ནུའི་མཛད་པ།

[རྩོམ་སྒྲིག]

སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་འདིར་མ་བྱོན་གོང་། དགའ་ལྡན་ལྷ་ཡུལ་དུ་ལྷ་བུ་དམ་པ་ཏོག་དཀར་གྱི་ཚུལ་དུ་བཞུགས་ནས་ལྷ་རྣམས་ལ་ཆོས་གསུངས། དེ་ནས་གཟིགས་པ་རྣམ་པ་ལྔ་ (དུས་དང་། གླིང་། ཡུལ། རིགས། ཡུམ) ལ་གཟིགས་ནས་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་ལྡན་གྱི་ཚུལ་གྱིས་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས།

  • འཁྲུངས་ཡུལ། རྒྱ་གར་བྱང་ཕྱོགས་སེར་སྐྱའི་གྲོང་ཁྱེར། (Kapilavastu) གྱི་ཉེ་འདབས་སུ་ཡོད་པའི་ལུམྦི་ནིའི་ཚལ་ (དེང་སང་བལ་ཡུལ་གྱི་ཁོངས་སུ་ཡོད) དུ་ས་ག་ཟླ་བའི་ཚེས་ ༡༥ ཉིན་སྐུ་འཁྲུངས།
  • ཡབ་ཡུམ། ཡབ་ནི་ཤཱཀྱའི་རིགས་ཀྱི་རྒྱལ་པོ་ཟས་གཙང་མ་དང་། ཡུམ་ནི་ལྷ་མོ་སྒྱུ་འཕྲུལ་མ་ཡིན། ཡུམ་ནི་སྟོན་པ་འཁྲུངས་ནས་ཞག་བདུན་གྱི་རྗེས་སུ་སྐུ་གཤེགས།
  • མཚན། སྐུ་འཁྲུངས་མ་ཐག་དོན་ཐམས་ཅད་འགྲུབ་པའི་རྟགས་མཚན་བྱུང་བས་རྒྱལ་བུ་དོན་གྲུབ། (Siddhartha) ཅེས་གསོལ།
  • གཞོན་ནུའི་དུས། དགུང་ལོ་བདུན་བརྒྱད་ཙམ་ནས་སློབ་དཔོན་ཀུན་གྱི་བཤེས་གཉེན་སོགས་བསྟེན་ནས་རིག་པའི་གནས་དང་སྒྱུ་རྩལ་སྣ་ཚོགས་ལ་མཁས་པར་སྦྱངས། དགུང་ལོ་ ༡༦ (ལུགས་ཁ་ཤས་སུ་ ༢༩) ལ་གྲགས་འཛིན་མ་ཁབ་ཏུ་བཞེས་ཤིང་སྲས་སྒྲ་གཅན་འཛིན་འཁྲུངས།

ངེས་པར་འབྱུང་བ་དང་དཀའ་བ་སྤྱད་པ།

[རྩོམ་སྒྲིག]

རྒྱལ་བུ་གཞོན་ནུ་དོན་གྲུབ་ཕོ་བྲང་གི་ཕྱིར་ཕེབས་སྐབས་གྲོང་ཁྱེར་གྱི་སྒོ་བཞི་ནས་རྒ་བ་དང་། ན་བ། འཆི་བའི་སྡུག་བསྔལ་མཚོན་པའི་མི་དང་། ཞི་ཞིང་དུལ་བའི་རབ་བྱུང་བ་བཅས་གཟིགས་པས། འཁོར་བ་ལ་སྙིང་པོ་མེད་པར་གཟིགས་ནས་ངེས་འབྱུང་སྐྱེས།

  • ངེས་པར་འབྱུང་བ། དགུང་ལོ་ ༢༩ པའི་མཚན་མོར་ཆིབས་པ་བསྔགས་ལྡན་ལ་བཅིབས་ནས་ཕོ་བྲང་ནས་བྲོས་བྱོལ་དུ་ཕེབས། མཆོད་རྟེན་རྣམ་དག་གི་དྲུང་དུ་དབུ་སྐྲ་བྲེགས་ཏེ་རབ་ཏུ་བྱུང་།
  • དཀའ་བ་སྤྱད་པ། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་གི་རིང་དཀའ་བ་སྤྱད། ཉིན་རེར་ཏིལ་འབྲུ་རེ་དང་ཆུ་ཐིགས་རེ་ཙམ་གྱིས་འཚོ་བར་མཛད་པས་སྐུ་ལུས་ཤིན་ཏུ་རིད་པར་གྱུར། མཐར་དཀའ་བ་སྤྱད་པ་ཙམ་གྱིས་བྱང་ཆུབ་མི་འཐོབ་པར་གཟིགས་ནས་ཁ་ཟས་རགས་པ་བཞེས།

མངོན་པར་རྫོགས་པར་སངས་རྒྱས་པ།

[རྩོམ་སྒྲིག]

དགུང་ལོ་ ༣༥ པའི་ས་ག་ཟླ་བའི་ཚེས་ ༡༥ ཉིན། རྒྱ་གར་རྡོ་རྗེ་གདན། (Bodh Gaya) གྱི་བྱང་ཆུབ་ཤིང་དྲུང་དུ་བདུད་ཀྱི་དཔུང་ཚོགས་ཕམ་པར་མཛད་དེ་མངོན་པར་རྫོགས་པར་སངས་རྒྱས། སྐབས་དེར་མཐའ་གཉིས་སུ་མ་ལྷུང་བའི་དབུ་མའི་ལམ་བསྟན་པ་དང་། བདག་མེད་པའི་ལྟ་བ་མངོན་དུ་གྱུར།

ཆོས་ཀྱི་འཁོར་ལོ་བསྐོར་བ།

[རྩོམ་སྒྲིག]

སངས་རྒྱས་ནས་ཐོག་མར་ཞག་ ༤༩ རིང་ཆོས་མ་གསུངས་པར་བཞུགས། རྗེས་སུ་ལྷ་ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་བཏབ་པ་བཞིན་ཝཱ་རཱ་ཎ་སཱིར་ཕེབས་ཏེ་ཆོས་འཁོར་བསྐོར།

  1. ཆོས་འཁོར་དང་པོ། ཡུལ་ཝཱ་རཱ་ཎ་སཱི་ (Varanasi) དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞིའི་ཆོས་འཁོར་བསྐོར།
  2. ཆོས་འཁོར་བར་བ། བྱ་རྒོད་ཕུང་པོའི་རི་ (Vulture Peak) སོགས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སོགས་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར།
  3. ཆོས་འཁོར་ཐ་མ། ཡངས་པ་ཅན་སོགས་སུ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར།

སྐུ་མྱ་ངན་ལས་འདས་པ།

[རྩོམ་སྒྲིག]

དགུང་ལོ་ ༨༠ བཞེས་པའི་ཚེ་རྩ་མཆོག་གྲོང་ (Kushinagar) གི་ཤིང་སཱ་ལ་ཟུང་གི་ཚལ་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། སྐུ་གདུང་ཞུགས་འབུལ་མཛད་རྗེས་རིང་བསྲེལ་རྣམས་ཆ་བརྒྱད་དུ་བགོས་ཏེ་མཆོད་རྟེན་བརྒྱད་བཞེངས།

བཀའ་བསྡུ་རིམ་པ།

[རྩོམ་སྒྲིག]

སྟོན་པ་མྱ་ངན་ལས་འདས་རྗེས་སློབ་མ་རྣམས་ཀྱིས་སྟོན་པའི་གསུང་རྣམས་མི་ཉམས་པའི་ཆེད་དུ་བཀའ་བསྡུ་ལན་གསུམ་མཛད་དེ།

  1. བཀའ་བསྡུ་དང་པོ། སྟོན་པ་འདས་པའི་ཕྱི་ལོར་རྒྱལ་པོའི་ཁབ་ཏུ་འོད་སྲུང་ཆེན་པོ་གཙོ་བྱས་པའི་དགྲ་བཅོམ་པ་ ༥༠༠ ཡིས་མདོ་དང་འདུལ་བ་བསྡུས།
  2. བཀའ་བསྡུ་གཉིས་པ། སྟོན་པ་འདས་ནས་ལོ་ ༡༠༠ (ཡང་ན་ ༡༡༠) ཙམ་གྱི་རྗེས་སུ་ཡངས་པ་ཅན་དུ་དགྲ་བཅོམ་པ་ ༧༠༠ ཡིས་རུང་བ་མ་ཡིན་པའི་གཞི་བཅུ་སུན་འབྱིན་མཛད།
  3. བཀའ་བསྡུ་གསུམ་པ། སྟོན་པ་འདས་ནས་ལོ་ ༣༠༠ (ཡང་ན་ ༤༠༠) ཙམ་གྱི་རྗེས་སུ་ཁ་ཆེའི་ཡུལ་དུ་རྒྱལ་པོ་ཀ་ནིཥྐའི་སྦྱིན་བདག་འོག་དགྲ་བཅོམ་པ་ ༥༠༠ ཡིས་སྡེ་སྣོད་གསུམ་ཡི་གེར་བཀོད།

དཔྱད་གཞིའི་ཡིག་ཆ།

[རྩོམ་སྒྲིག]
  • 《རྒྱ་ཆེར་རོལ་བའི་མདོ།》
  • 《མྱ་ངན་ལས་འདས་པའི་མདོ།》
  • བསོད་ནམས་རྒྱལ་མཚན། 《རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས།》
  • ཏཱ་ར་ནཱ་ཐ། 《རྒྱ་གར་ཆོས་འབྱུང༌།》